| Wylie | e-texts based on the ACIP/ALL Input |
བ་རྫོགས་སོ།། །།པནཌི་ཏ་ཏེ་ཛ་དེ་བ་དང། ལོཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། (།།ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ལ་བསྟོད་པ་བཞུགས་སོ།།)་*། །རྒྱ་གར་སྐད་དུ ་མཧཱ་རཱ་ཛ་དྷརྨཱ་པཱ་ལ་བཻ་ཤྲ་བ་ཎ་སྟོད་ཏྲ། བོད་སྐད་དུ། ཆོས་སྐྱོང་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོ་འཇིག་རྟེན་སྐྱོང་བའི་ལྷ། །བསྐལ་བ་མང་པོར་རྒྱལ་བའི་ལམ་སྒྲུབས་ནས། ། ་སྲིད་ཤིང་དྲུངས་ཕྱུང་ཉེས་བརྒྱ་རྩད་བཅད་དེ། །འཇིག་རྟེན་འདས་པའི་ཕུན་ཚོགས་ཀུན་བརྙེས་ཀྱང། །སྨོན་ལམ་སྟོབས་ཀྱིས་གནོད་སྦྱིན་ཚུལ་འཛིན་པས། །དྲང་སྲོང་རྣམ་མང་ཐོས་པའི་སྲས་གྱུར་ནས། །ཕོངས་པའི་ངལ་བསོ་དབུལ་བ་དབུགས་འབྱིན་པ།། ་སྟོབས་ཚོན་རྒྱལ་བའི་སྲས་ལ་ཕྱག་འཚལ་ལོ། །ལྷ་དབང་དྲང་སྲོང་ཚོགས་དང་གྲུབ་པ་དང། །འཇིག་རྟེན་མེས་པོ་སེང་གེ་འཕྲོག་བྱེད་དང། །སྣང་བྱེད་ལ་སོགས་ལྷ་ཚོགས་ཐམས་ཅད་ཀྱང། །འཇིག་རྟེན་བླ་མ་ཁྱོད་ཞབས་རྟག་ཏུ་འདུད། །ལྷ་ཡུལ ་དང་ནི་ས་སྟེངས་ཐམས་ཅད་ཏུ། །ལྷའི་ལྷ་ཁྱོད་བསྟོད་པ་མང་མོད་ཀྱང་བདག་ཀྱང་མགོན་པོ་ཁྱོད་ལ་གུས་པ་ཡིས། །ཡོན་ཏན་ཕྱོགས་ཙམ་བསྟོད་ཅིང་གསོལ་འདེབས་ན། །གཞན་དོན་ལྷུར་ལེན་སྐྱོ་ངལ་མེད་པ་ཡི། །སྒྲིབ་མེད་ཡེ་ཤེས་སྙན་གྱིས ་གསན་དུ་གསོལ། །གནས་རབས་ལྕང་ལོ་ཅན་གྱི་ཕོ་བྲང་ན། །རྒྱལ་ཆེན་རྣམ་ཐོས་སྲས་དེ་གསེར་གྱི་མདོག་།དཔལ་ལྡན་རྣམ་མང་གཏེར་ཚོགས་ཐུགས་མངའ་བ། །ཐུབ་མཆོག་བསྟན་པ་སྐྱོང་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་གསེར་སོགས་རིན་ཆེན་རྒྱན ་གྱིས་ཕྱུག་།བཞིན་འཛུམ་སྤྱན་རྒྱས་ཟླ་བ་ཉ་བ་འདྲ། །སེང་གེའི་གདན་བཞུགས་མཚན་དང་དཔེ་བྱང་རྫོགས། །གཟི་བརྗིད་མཛའ་ཡས་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་ལས་དང་སྡུག་བསྔལ་བུད་ཤིང་རྣམས། །དྲང་སྲོང་མཆོག་གི་སྔགས་ཀྱིས་སྲེག ་པར་བྱེད། ཐེག་ཆེན་གསུང་རབ་སེང་གེའི་སྒྲ་དབྱངས་སྒྲོགས། །བདག་མེད་གཉིས་སྟོན་གསུང་ལ་ཕྱག་འཚལ་ལོ། །ལྟ་བ་ངན་པའི་ཁྲི་ཤིང་དྲ་བ་རྣམས། །དྲི་མེད་ཡེ་ཤེས་བློ་གྲོས་རྡོ་རྗེ་ཡིས། །སྤྲོས་པ་ཀུན་བཅད་ཤེས་བྱ་ཀུན་རྟོགས་པའི། །ཆགས་ཐོགས་མི་མངའ་ཨི? ་ཐུགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་དབང་པོའི་ཕྲག་གོང་གཡས་གཡོན་ན། །ཐབས་དང་ཤེས་རབ་ཉི་ཟླའི་འོད་ཤར་བས། །འཇིག་རྟེན་གསུམ་དང་དུས་གསུམ་ས་ལིར་གཟིགས། །ཤེས་རབ་སྤྱན་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་སྲིད་འཁོར་ལོས་སྒྱུར ་བའི་དབུ་རྒྱན་མཐོ། །ཐམས་ཅད་ཟིལ་གནོན་མཛེས་པའི་དར་དབྱངས་འཛིན། །ཡོན་ཏན་རྒྱས་མཛད་ན་བཟའ་སེར་ཁྲ་གསོལ། །ཆོས་ཀྱི་རྒྱལ་སྲིད་བརྙེས་ལ་ཕྱག་འཚལ་ལོ། །ཕྱག་གཡས་རིན་ཆེན་དབྱུག་པས་དབུལ་བ་འཇོམས། །དགོངས ་བ་ཀུན་བསྒྲུབ་གཡོན་པ་ནེའུ་ལེ་འཛིན། །སྤྱི་གཙུག་ནོར་བུས་ནོར་གྱི་ཆར་འབེབས་པ། །དཔལ་ལྡན་བཀྲ་ཤིས་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ་སྟོན་པ། །གནོད་སྦྱིན་དབང་པོ་འཁོར་ལོ་སྒྱུར་བའི་གཟུགས། །ཏིང་འཛིན ་ནམ་མཁའ་ཨི་མཛོད་ཀྱིས་འགྲོ་བ་ཀུན། །ཅི་འདོད་རེ་བ་སྐོང་ལ་ཕྱག་འཚལ་ལོ། །འགྲོ་བ་གཅིག་ཀྱང་ཡལ་བར་མི་འདོར་མེད། །ནང་ཀྱིས་ཉེན་པའི་བུ་སྡུག་མ་བཞིན་དུ། །དམན་ལ་རྗེས་བརྩེ་འདོད་པའི་དངོས་གྲུབ་སྟེར། །འཕོངས་པ་བཟློག་མཛད་ཁྱོད་ལ་ཕྱག ་འཚལ་ལོ། །སྲིད་ན་བདག་ཅག་ཉོན་མོངས་ཚོམ་ཀུན་གྱིས། །བཅོམ་ནས་འཕགས་ནོར་ཕྲོགས་ཏེ་སྡུག་བསྔལ་བ། མགོན་པོ་ཁྱོད་དྲན་ཙམ་གྱིས་ཞི་བྱེད་པ། །ཕ་རོལ་དཔུང་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་མང་ཡོན་ཏན་ལྡན་པའི་སྲས་རྣམས་དང།། ་ཕོ་ཉ་ལས་མཁན་སྦྲུལ་བའི་ཚོགས་རྣམས་ནི། །སྣ་ཚོགས་གཟུགས་ལྡན་སྣ་ཚོགས་མཚན་མ་འཛིན། །སྣ་ཚོགས་འཕྲིན་ལས་མཛད་ལ་ཕྱག་འཚལ་ལོ། །མགོན་པོ་ཡོན་ཏན་དྲན་ཅན་གྱིས་མཉེས་པ། །ཁྱོད་ལྟར་གཞན་ལ་བརྩེ་བ་འདི་ན་མེད། །དེ་ཕྱིར་བསོད ་ནམས་མི་ལྡན་རབ་བཀྲེན་པ། །བདག་གིས་སྒོ་གསུམ་སྤྱོད་པ་གཞན་སྤངས་ནས། །བཅོམ་ལྡན་འབད་པའི་སྒོ་ནས་བཙལ་བཙལ་ནས། །སྒོ་གསུམ་དང་བས་རྟག་ཏུ་དྲན་བྱེད་ཅིང། །མཆོད་པ་སྦྱར་བས་ལུས་ཀྱང་དུག་པོ ་དང། རྟག་པར་ངག་ཏུ་ཁྱོད་སྔགས་བརྩོན་བར་ཟླས། །སྐད་ཅིག་ཀྱང་ནི་ཁྱོད་སྐུ་བརྗེད་མི་གྱུར། །སྡོམ་གནས་དམ་ཚིག་ཚོགས་དང་འགལ་མ་བགྱིས། །དེ་ལྟར་བྱང་ཆུབ་གྲོགས་སུ་ཁྱོད་བརྟེན་ནས། །ཚེ་རབས་ཀུན་དུ་ཐུགས་རྗེས་བཟུང་དུ་གསོལ།། ་བདག་བཀྲེན་འབད་བས་མཆོད་པ་བཤམས་བྱས་པས། །བདག་གི་དོན་སླད་འདི་དག་མི་བཞེས་སམ། །མགོན་པོའི་ཐུགས་དང་འགལ་བ་བཤགས་བགྱིད་ན། །ཐུགས་རྗེ་ཅན་ཁྱོད་ཚངས་པ་མི་སྩོལ་ལམ། །ཁོ་བོ་དབུལ་ཕོངས་སྡུག་བསྔལ ་གྱིས་གདུངས་ལ། །པད་ལྟར་ཡངས་བའི་སྤྱན་གྱིས་མི་གཟིགས་སམ། །ཕོངས་པས་འོ་དོད་འབོད་ཅིང་གསོལ་འདེབས་ན། །ཀུན་མཁྱེན་སྒྲིབ་མེད་སྙན་གྱིས་མི་གསན་ནམ། །བདག་གདོང་མཆི་མས་གཡོགས་ཤིང་སྡུག་བསྔལ་བ། །བརྩེར་ལྡན་ཤེས ་རབ་སྤྱན་གྱིས་མི་གཟིགས་སམ། །སྡུག་བསྔལ་སྣ་ཚོགས་མེ་ཡིས་རྒྱུ་བསྲེགས་པ། །སྐྱོན་བྲལ་དག་པའི་ཐུགས་ཀྱིས་མ་དགོངས་སམ། །བར་ཆད་བགེགས་དང་དགྲ་ཚོགས་འདི་དག་ཀུན། །བདེ་ཆེན་དཔའ་པའི་སྟོབས་ཀྱིས་མི་འཇོམས་སམ།། ་བྱང་ཆུབ་སྒྲུབ་པའི་གྲོགས་སུ་གསོལ་འདེབས་ན། །ཐར་ལམ་འདྲེན་པའི་དེད་དཔོན་མི་མཛད་དམ། །ཚུལ་བཞིན་བསྒྲུབས་ཀྱང་གྲུབ་པ་མི་སྟེར་ན། །སྔོན་གྱི་དམ་བཅས་བློ་དེ་མ་ཉམས་སམ། །གལ་ཏེ་མགོན་ཁྱོད་ཚེ་འདིར་འགྲུབ་འགྱུར་བའི། བདག ་