CLOSE WINDOW

N3351: rgyal po chen po rnam thos sras kyi rtog pa bde byed cho ga sna tshogs pa'i mdzod ces bya ba
Wyliee-texts based on the ACIP/ALL Input

ཀྱུ་དཀྲོལ། ཨོཾ་བཻ་ཞེས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་ཆད་དུ་གདོན། ནེར་བྷར་ཙ་ན་བསྲེག་པ་བསླབ། བར་བར་དུ་གཏོར་མ་རྒྱ་ཆེན་པོ་བཏང། བཻ་ཤྲ་བ་ན་པའི་རྟོག་པ་རྫོགས་སོ།། །།བསྟོད་པ་ནི་བྱང་ཕྱོགས་སྐྱོང ་པའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །འཇིག་རྟེན་སྐྱོང་པ་གྲགས་དང་ལྡན། སྔ་པོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་འཇོམས་པར་བྱེད། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །རྫུ་འཕྲུལ་ལྡན ་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །ཕྱག་ན་རྡོ་རྗེའི་བཀའ་ཉན་དམ་ཚིག་ཅན། །རིག་པས་བྱིན ་བརླབས་ནམ་མཁའ་ཨི་མཐས་ཀླས་པའི། །འདོད་ཡོན་ལྔ་བཅས་གཏོར་མ་ཕུལ་བ་བཞེས། །སྲས་དང་བཙུན་མོ་གཉེན་དང་དམག་དཔུང་བཅས། །འདི་དག་དགོངས་ཤིང་འགོ་བར་གྱུར་ནས་ཀྱང། །སྔོན་གྱི་ཐུགས་དམ་འཕྲིན་ལས་མ་བསྙེལ་བར། ། ་བདག་གི་འཕྲིན་ལས་འབྲས་བུ་མཛོད།། །།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱ། །ཟླ་བ་ཡར་ངོའི་བཅཝ་ལྔ་ལ། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །ཐུན་མོང་མ ་ཡིན་མཆོད་པ་སྟེ། །གང་གིས་བདུག་པ་ཙམ་གྱིས་ནི། །དངོས་གྲུབ་མྱུར་དུ་ཐོབ་བྱེད་པའི། །སྒྲུབ་པོས་བདུག་སྤོས་བདུག་པ་ནི། །བརྟུལ་ཤུགས་འཛིན་པས་འདི་ལྟར་བྱ། །འབྲས་དཀར་བཏགས་པའི་ཕྱེ་མ་ནི། །ས་རྫ་ར་རྫ་དག་དང་ནི། །ག་བུར ་ཙན་དན་དཀར་དམར་དང། །ཆ་མཉམས་ནས་ནི་དེ་དག་བསྲས། ། ཀ་རུ་ནག་གིས་བསྒོས་ནས། །འབེ་ཏ་དཀར་མོའི་ཆར་རྒྱུན་གྱིས། །རྣམ་པར་སྦྲུས་ནས་རབ་སྔགས་ཏེ། །རྩ་བའི་རིག་པ་གང་དེ་ལ། དབབ་པའི་གསང་སྔགས་རབ་ཏུ་སྦྱར། ། ་སྟོང་རྩ་བརྒྱད་དུ་བཟླས་ནས་ནི། །དངོས་གྲུབ་ཕྱིར་ནི་རྫས་དེ་ཡིས། །དེ་ནས་མཁས་པས་རི་ལུ་བྱ། །གང་ཞིག་མཆོད་པའི་དུས་སུ་ནི། །སེམས་ཀྱི་དབང་ཕྱུག་ཏིང་འཛིན་གྱིས། །རྣམ་པར་སྦྱངས་པའི་ས་གཞི་ལ། །རྟེན་སོགས་དགྲམ་པར་བྱས ་ནས་ནི། །ཆོ་གས་གཏེར་བདག་མདུན་བཀུག་ནས། །རྡོ་རྗེ་ཅན་གྱི་བདུག་པ་དབུལ། །གསེར་སྭོ་མཛེས་པའི་སྣོད་དུ་ནི། །ཙན་དན་ལ་སོགས་འདག་མེ་ལ། །སྔར་བཤད་པའི་རི་ལུ་བསྲེག་།དེས་ནི་རྟེན་ལ་འདུག་པར་བྱ། །སྦྱོར་དེས་སྐྱོབ་པ ་མཉེས་གྱུར་ནས། །གཉེར་རྣམས་དེའི་མོད་ལ་སྟེར། །གལ་ཏེ་ད་ལྟར་མ་གྱུར་ན། གཏེར་བདག་ཉམས་པར་གདོན་མི་ཟ། །འདི་ནི་རབ་ཏུ་གསང་བ་སྟེ། །གསང་བའི་གནས་སུ་སྤྱད་པར་བྱ། །བདུག་སྤོས་ཀྱི་སྦྱོར་བའོ། །དེ་ནས་དམ་ཚིག་བཤད་བྱ་བ ་རྟག་པར་ཁྲུས་དང་གཙང་སྦྲ་བྱ། །རྒྱལ་དྲིལ་ལ་སོགས་རོལ་མོའི་སྒྲ། །སྣ་ཚོགས་མེ་ཏོག་དྲི་ལྡན་དང། །སྣ་ཚོགས་འབྲུའི་ཆ་ན་དང་བཤོས། །མཛེས་པའི་དར་སྣས་བཏགས་མཆོད་བྱ། །ཆད་རྣམས་དབུལ་བར་མི་བྱ་སྟེ། །ཤ་ནི་བརྟགས ་ཏེ་དབུལ་བར་བྱ། །རྟག་ཏུ་སྔོན་པོའི་གོས་འཆད་ཞིང། ལུང་ཐང་འབྲས་བུའི་བགྲང་ཕྲེང་བགྲང། །མྱུར་འགྲོ་ཤ་ཡི་བཟའ་བ་སྤང། །ཉམས་ཤིང་ཆག་པའི་སྣོད་མི་བཟའ་། །རྩུབ་ཅིང་ནག་པོའི་སྟན་མི་འདུག་།གཟའ་བྲལ་མས་བསྟབ་བཟའ་བཏུང་རྣམས།། ་རྣམ་པ་ཀུན་དུ་མི་སྤྱད་དོ། །སྲོག་བྲལ་བ་ལ་རེག་པ་སྤང། །བསྲུང་བར་བྱ་བའི་དམ་ཚིག་གོ་།དེ་ནས་རྟེན་ནི་བཤད་པར་བྱ། །ཕྱི་ནང་གསང་བའི་བྱེ་བྲག་གིས། །གཏེར་བདག་རྟེན་པའི་རྟེན་ཡང་ནི། །རྣམ་པ་གསུམ་དུ་མཁས་པས་བརྟག་།ཕྱི་རྟེན ་རྟ་མཆོག་རབ་སྔོ་ལ། །མཛེས་པའི་བརྒྱན་བརྟགས་མགོན་ལ་དམིགས། །རྟག་ཏུ་ཡང་ནི་བཅད་པར་བྱ། །ཡང་ན་གཟུགས་ལེགས་རབ་ཏུ་གཟུང། །གསང་རྟེན་གྲོ་གའི་ཤུ་ན་སོགས་ལ། །གུར་ཀུམ་དྲི་བཟངས་རབ་སེར་བས། །བEེ་ཡིག་བྲིས་ལ་སྔགས ་ཀྱིས་བསྐོར། །རིན་ཆེན་དང་བཅས་རིན་ཆེན་གཟུགས། །འབྲུ་མཆོག་བཏགས་ནས་བ་སྨོས་བྱས་ལ། །མཁས་པས་བྱས་ཏེ་སྙིང་པོ་གཞུག་།ཚོན་བྱུགས་ནས་ནི་མདུན་བཞག་གོ་།གཉིས་པ་བྲམ་ཟེའི་རིགས་དག་གམ། །གཞོན་ནུ་མ་ཡིས་ལེགས ་བསྐལ་བའི། །རས་ལ་དྲི་ཡིས་རབ་བསྐོར་ནས། གཏེར་བདག་སྐུ་མདོག་ཕྱག་ཆར་ལྡན། །ལུགས་གནས་འབྱུང་བའི་རིམ་པ་ཡིས། །དམ་ཚིག་ལྡན་པས་མྱུར་བྲིས་ལ། །ཕྱི་རོལ་ཤིང་ལ་སོགས་རྒྱན་གྱིས་མཛེས། །སྔགས་རིགས་པས་ནི་མདུན་འགྲམ་བྱ། ། ་རྟེན་གཟུགས་པའི་རིམ་པའོ། །དེ་ནས་གསང་བ་བཤད་བྱ་སྟེ། སྒྲུབ་པོ་གསང་བདག་ཕྱོགས་ལྟས་ཏེ། །གཏོར་མའང་དེ་ཉིད་ཕྱོགས་སུ་བྱིན། །གསང་རྟེན་ནེའུ་ལེའི་གླུད་བུར་གཞུག། །སྔོན་དམར་ཁ་སྤྲོ་རྒྱུན་འཆང་ཞིང། །འབྲས་སོགས་འབྲུ་རྣམས་འདོར ་གཞུག་བྱ། །གཞན་གྱིས་མཐོང་ན་དངོས་གྲུབ་ཉམས། །གཏོར་སྒྲུབ་པ་ལ་གསང་བ་ཤིས། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ནམ་མཁའ་མཛོད་ལ་རྣམ་པར་རོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྟོག་པ་བདེ་བྱེད་ཀྱི་ཆོ་ག་སྣ་ཚོགས་པའི་མཛད་ཅེས་བྱ ་བ་རྫོགས་སོ།། །།པནཌི་ཏ་ཏེ་ཛ་དེ་བ་དང། ལོཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། (།།ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ལ་བསྟོད་པ་བཞུགས་སོ།།)་*། །རྒྱ་གར་སྐད་དུ ་