CLOSE WINDOW

N3345: rgyal po chen po rnam thos sras kyi sgrub thabs
Wyliee-texts based on the ACIP/ALL Input

བརྩམས་པས། །ཀུན་ཀྱང་དང་ཅིང་དོན་ལ་འཇུག་པར་སྨོན། །ཞེན་ལོག་སྒྲོན་མ་ཞེས་བྱ་བ། སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མཧཱ་རཱ་ཛ་བཻ་ཤྲ་བ་ན་སཱ་དྷ་ནཾ། བོད་སྐད ་དུ། རྒྱལ་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །གནོད་སྦྱིན་ཀུན་གྱི་ནོར་འཆང་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །དངོས་གྲུབ་མཆོག ་སྩོལ་མཛད་ལ་ཕྱག་འཚལ་ལོ། །ངལ་སོ་དགེ་བ་སྟོབས་པོ་ཆེ། །སྒོམ་ཞིང་སེང་གེའི་གདན་ལ་བཞུགས། །ཕྱག་གཉིས་བེ་ཅོན་ནེའུ་ལེ་བསྣམས། །དེ་སྒྲུབ་ཆོ་ག་བཤད་པར་བྱ། །ག་པུར་ལ་སོགས་ལྕི་བ་ཡིས། །སྔགས་བརྗོད་ས་གཞི་ལེགས་པར་བྱུག་།ཚོམ ་པུ་དགུར་ནི་མེ་ཏོག་འགོད། །དམ་ཚིག་བདུན་དང་ལྡན་པ་ཡིས། རྒྱལ་པོའི་རྟེན་གསུམ་གཟུགས་པར་བྱ། །བདག་ཉིད་ཆོ་ག་རྫོགས་བྱས་ལ། །སྔགས་བརྒྱ་བཅུ་གསུམ་པ་བཟླས་པ། །ཕྱོགས་མཚམས་སུར་དུ་གསབ?་གཏོར་བྱ། །སྙིང་ཁར་ས་བོན་བསམ ་པ་ལས། །བྱང་ཕྱོགས་འོད་ཟེར་རབ་སྤྲོས་ཏེ། །གནོད་སྦྱིན་བྱེ་བ་འབུམ་གྱི་གཙོ། །རྒྱལ་པོ་རྣམ་ཐོས་སྤྱན་དྲང་ཏེ། །མདུན་དུ་ལེགས་པར་བཞུགས་པར་བསམ། །དེ་ལ་གསང་གཏོར་ནས་བརྩམས་ཏེ། །རྒྱལ་པོ་འཁོར་བཅས་ལེགས་པར་མཆོད། །ོཾ ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། །དེ་ལ་མཆོད་པའི་ཡི་གེ་ལ། །ཡི་གེ་གསུམ་དང་ལྡན་པ་ཡིས། །སོ་སོར་ལེགས་པར་སྦྱར་ཏེ་དབུལ། །སྤྱི་གཙུག་ལྐོག་མ་སྙིང་མ་ཡི། །ོཾ་ཨཱ་ཧཱུཾ་གིས་འོད་ཟེར་གྱིས། །རྒྱལ་པོ་འཁོར་དང་བཅས་པ་རྣམས ་འོད་ཞུ་སྟོང་པའི་རང་བཞིན་བྱ། །དེ་ནས་མདུན་དུ་བྲུམ་ལས་ནི། །རིན་ཆེན་ཁང་པ་བརྩེགས་པར་བསྒོམ། །ཟུར་བཞི་རིམ་གསུམ་ཁང་བརྩེགས་པ། །དབུས་མའི་ཕོ་བྲང་གསུམ་བརྩེགས་ཏེ། །རྩེ་མོ་རིན་ཆེན་ནོར་བུས་བརྒྱན། །དྲ་བ ་དྲ་བ་ཕྱེད་པས་བསྐོར། །ཤར་སོགས་ཤེལ་དང་བཻ་ཌཱུརྱ། །པདྨ་ར་ག་གསེར་གྱི་ནི། །ཀ་བ་སྟོང་ཕྲག་བཅུ་ཡིས་བརྒྱན། །དེའི་ཕྱི་རོལ་ཕྱོགས་འཚམས་སུ། །བུམ་པ་བཟང་པོ་དཔག་བསམ་ཤིང། །རིན་ཆེན་རྫིང་བུ་འདོད་འཇོ་བ། །བརྒྱད་བརྒྱད་ལྔ་ཡིས ་རབ་ཏུ་མཛེས། །རིན་ཆེན་འབར་བས་ཡོངས་སུ་བསྐོར། །དབུས་སུ་ས་བོན་ཡི་གེ་ལས། །འོད་ཟེར་སྣ་ཚོགས་རབ་འཕྲོས་ནས། །དོན་བྱོས་སླར་འདུས་བཻ་ལ་ཐིམ། །དེ་ལས་རྒྱལ་ཆེན་འཁོར་བཅས་རྫོགས། །རིན་ཆེན་ཕོ་བྲང་དམ་པ་དང། །མི་འཇིགས ་སེང་གེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་སོ་དགེ་བ་སྟོབས་པོ་ཆ། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེ་ལེ་བསྣམས། །སྐུ་ནི་གསེར་གྱི་འོད་པས་མཛེས། །ཞལ ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །སྐུ་ལ་རིན་ཆེན་རྒྱན་གྱིས་སྒྲས། །ཕྲག་གོང་གཡས་གཡོན་ཉི་ཟླས་བརྒྱན། །ཉི་མ་འབུམ་གྱིས་གཟི་མདངས་ཅན། །དབུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །གནོད ་སྦྱིན་བྱེ་བའི་འཁོར་རྣམས་དང། །ནམ་མཁའ་ཨི་སྤྲིན་ཚོགས་བཞིན་དུ་བསམ། །ནམ་མཁའ་ཨི་མཛོད་ལ་མངའ་མཉེས་པ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ནས་རྒྱལ་པོ་སྤྱན་དྲངས་ཏེ། མགོན་པོ་ཀུན་གཤེགས་དམ་ཚིག་ཅན ་ད་ལྟ་སྙིགས་མ་ལྔ་ཡི་དུས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང། །ཐམས་ཅད་ཉོན་མོངས་འདམ་འབྱིངས་སེར། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང། །ཤཱཀྱ་སེངྒེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ ་དགོངས་ལ། འདྲེན་པའི་བསྟན་པ་བསྲུང་བ་དང། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཕྱག་ན་རྡོ་རྗེ་ཐུགས་གནས་པའི། །ཧཱུཾ་ལས་སྤྲོས་པའི་འོད ་རྣམས་ཀྱིས། །རང་བཞིན་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་འབུམ་བཅས་བཀུག་ནས་ནི། །ནོར་བུའི་གྲོང་ཁྱེར་དེ་དབུས་སུ། །མདུན་གནས་རྒྱལ་པོ་དེ་ལ་བཞུགས། །རིན་ཆེན་དབང་བསྐུར་བྱིན་བརླབས་ནས། །དེ་ནས་བསང ་གཏོར་ནས་བརྩམས་ཏེ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །འདོད་པའི་ཡོན་ཏན་ལྔ་ཡིས་མཆོད། །གུ་གུལ་དུད་བ་དབུལ་ཞིང་བསྟོད། །དེ་ནས་ཐུགས་ཁའི་ཟླ་བ་ལ། །ས་བོན་སྔགས་ཀྱིས་ཡོངས་བསྐོར་ཏེ། ལྕེ་རྡོ་རྗེ་སྦུ་གུར ་བསམ། །སྔགས་ཀྱི་བཟླས་པ་སྤྲོ་བསྡུ་ནི། །སོ་སོའི་ཐུགས་ཀར་དམིགས་ལ་ཟླས། །ཏད་ཡ་ཐཱ་ཨོཾ་ཧི་ལི་མ་ཎི་བྷ་དྲ་ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། །ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། །ཏུ་རུ་མ་ཎི་བྷ་དྲ། ཏུ་རུ ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧཡ་ཧི་ཏིཥྛ་ཏིཥྛ་ཨ་བ་ཏ་ར་ཏིཥྛ་མེ་ཙ་ཡ། ཏད་ཡ་ཐཱ་བུད་དྷ་ནི་སུ་ཏེ་ནེ། སུ་ར་མེ་ན། སུ་པ་དེ་རེ། སུ་སུ་ཤྱེ། ཧི་ལི་མི་ལི་སྭཱཧཱ། ཧཱུཾ་བེ་ཤྲ ་མན་ཡ་སྭཱཧཱ། འདི་བརྗོད་བསྙེན་པ་འབུམ་ཕྲག་བཅུ། །ཟླ་བ་ཡར་ངོའི་བཅོ་ལྔ་ལ། །ཙནདན་དཀར་པོའི་དཀྱིལ་འཁོར་བྱས། དེ་ནས་རྒྱལ་པོ་ལ་དམིགས་ནས། ། ཀ་རུ་བསྲེགས་སྔགས་བཟླས་བྱ། །འདིར་ནི་བརྒྱ་དང་རྩ་བརྒྱད་བཟླས། ། ་ཉིན་དང་མཚན་མོ་ལན་དྲུག་ཏུ། །རྒྱལ་པོ་ལ་དམིགས་སྔགས་བཟླས་ན། །རྟག་ཏུ་རྗེས་སུ་འབྲང་བར་བགྱིད། །དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །གནོད་སྦྱིན་རྣམས་ཀྱིས་བསྲུང་བར་བྱེད། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང། །ཁ་ན་མ ་ཐོ་མེད་པ་ཡི། །ཟས་དང་སྐོམ་དང་བཅའ་བ་དང། །ནོར་བུ་དབྱིག་དང་གསེར་གསལ་བགྱིད། །རིན་པོ་ཆེའི་གཏེར་ལ་སོགས། །བསོད་ནམས་ཚང་མེད་འགྲུབ་པར་འགྱུར། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །དེ་ལ་སོགས་པ་ལ་ལུས ་འགྲུབ། །ངལ་བར་གྱུར་ན་གཤེགས་སུ་གསོལ། །མཆོད་བསྟོད་བཟོད་པར་གསོལ་བ་དང། །དཀར་གཏོར་གཏང་ལ་ཕྲིན་ལས་བཅོལ། །བྲུམ་ལ་སོགས་པའི་སྣོད་བསྐྱེད་ལ། །ཁཾ་ལས་ཞལ་ཟས་བསྐྱེད་པར་བྱ། །ོཾ་ཨ་ཀ་རོ་མུ་ཁཾ་སརྦཾ་དྷརྨ་ཎཾ། ་ཨ་དྱ་ནུད་པན་ནཱད་ཏྭད་ཨོཾ་ཨཱ་ཧཱུཾ། །སངས་རྒྱས་ཀྱིས་སྤེལ་བྱས་ལ། །སྔགས་རྒྱལ་བཅུ་གསུམ་པ་བཟླས་བྱ། །ཧཱུཾ་བཻ་ཤྲ་མ་ཎ་ཡེ་ཨི་དམ་བ་ལི་མ་གྲིཧྞ་དུ་ས་མ་ཡ་རཀྵན་ཏུ་མཱ་མ་སི་ཏི་བྲ་ཡད་ཚད། །མ་མ་སརྦ་ཀརྨཱ་སཱ་དྷུ་ཨ་མོ་གྷ་སྭཱཧཱ ་སོ་སོའི་སྔགས་ལ་བཏགས་ལ་དབུལ། །ཧཱུཾ་བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང། །བདག་ཅག་འཁོར་དང་བཅས་པ་ལ། བུ་སྡུག་བཞིན་དུ་བསྐྱང་བར་མཛོད།། ་བདག་ལ་གནོད་པར་སེམས་དཔའ་ཡི། །ལོག་པར་ཞུགས་པའི་སེམས་ཅན་ཀུན། །དེའི་ཕྲུ་མ་གཞོམ་པ་དང། གཏན་ནས་བརླག་པའི་ཕྲིན་ལས་མཛོད། །བཻ་ཡིག་སུམ་ཅུ་རྩ་གཉིས་བསྲིང། །སྙིང་ཁའི་ལྕགས་ཀྱུ་བཀྲོལ་ལ ་གཤེགས། །ོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་འཐུན་པའི་དངོས་གྲུབ་གསོལ། །བྱང་ཕྱོགས་གནས་སུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །དམ་ཚིག་སེམས་དཔའ་འོད་དུ་བྱ། །རྒྱལ་པོའི་གཟུགས ་བརྙན་བྱས་པ་ལ། །རང་བཞིན་རྒྱལ་པོ་བཀུག་ལ་བསྟིམ་ཞབས་ཀྱིས་མནན་ལ་དབང་དུ་བསྡུ། །ཧཱུཾ་བཻ་ཤྲ་མ་ནེ་ཡེ་ཨ་ནུ་ར་ཙ་ཀྱུ་རུ་ཧཱུཾ། དེ་ལྟར་རྫོགས་པར་བྱས་གྱུར་ན། །རྒྱལ་པོ་རྣམ་ཐོས་སྲས་བཅས་ཀྱིས། །འདོད་པ་ཐམས་ཅད ་བསྐོང་བར་བྱེད། །ནམ་མཁའ་མཛད་ལ་མདའ་བརྙེས་འགྱུར། །སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོས་མཛད་པའི་རྣམ་ཐོས་སྲས་ཀྱིས་བདེ་བྱེད་ཀྱི་རྟོག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དེ་ཙ་བ་དང་བོད་ཀྱི་ལོ་ཙྪ་བ ་དགེ་སློང་འཕགས་པའི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ། །།རྒྱ་གར་སྐད་དུ། མཧཱ་རཱ་ཛ་བི་རུ་ཏ་ཀ་ཀར་མ་ཀལ་སཱ་དྷ་ན། བོད་སྐད་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ལས་བརྟག་པའི་སྒྲུབ་པའི་ཐབས། །དཔལ ་