| Wylie | e-texts based on the ACIP/ALL Input |
མིང་བརྒྱ་རྩ་བརྒྱད་ཀླགས་པ་ཡིས། །ལྷ་མོ་མྱུར་དུ་འགུགས་པར་འགྱུར། །འཕགས་མ་ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།སངས་རྒྱས ་ལ་གུས་རང་བཞིན་གཡོ་སྒྱུ་ཆེད། །སེམས་ཅན་ཀུན་ལ་བྱམས་ཤིང་སྟོང་བར་གོམས། །རྣམ་གྲོལ་འབྲས་བུར་ལྡན་ལ་ཀུན་ལས་ཚོགས། །བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་རྣོ་བ་ཅན། །ཤིན་ཏུ་ཆེ་བའི ་རིགས་སྐྱེས་གཟུགས་མཛེས་པ། བདག་ནི་སྐྱེ་བ་སྐྱེ་བར་བདེ་གཤེགས་ཀྱི། སྙན་དངགས་མཁན་པོ་མཉམ་མེད་རྒྱ་ཆེ་དང། ཚེ་རིང་རིགས་སྐྱེ་སྐྱེས་བུ་བློ་གྲོས་གསལ། །མཁས་ཤིང་བློ་གྲོས་མི་མནན་བཅོམ ་ལྡན་གྱི། །གསུང་རབ་ལ་མཁས་བདེ་ལྡན་སྙིང་རྗེ་ཅན། རབ་ཏུ་དངས་འགྱུར་སྙན་དངགས་མཁན་པོ་དང། མར་ཤེས་པ་ལ་གུས་པ་ཉིད་དང་ནི། བདག་ཀྱང་སྐྱེ་བ་དྲན་ཞིང་ཚུལ་ཁྲིམས་ལྡན། ་ཆོས་ཀྱི་བདག་ཉིད་ནོར་ལྡན་རབ་སྟེན་དང། །བླ་མེད་མཁས་པའི་གྲོགས་དང་ལྡན་པ་དང། སྤྲོས་ལྡན་སྟོབས་ལྡན་དགའ་ཞིང་མང་པོས་བཀུར། །ནད་རྣམས་ཐམས་ཅད་སྤངས་ཤིང་སེམས ་ཅན་ལ། རྗེས་སུ་བརྩེ་ཞིང་ཐོས་པ་འཛིན་པ་དང། བསམ་པ་དག་ཅིང་བཟོད་པ་ལྡན་པ་སྟེ། །ཇི་སྲིད་འཇིག་རྟེན་ཕན་པ་འབྱུང་ཆེད་དུ། སངས་རྒྱས་བཅོམ་ལྡན་གོ་འཕངས་བགྲོད་གྱུར་པ། དེ་སྲིད་རྟག ་དུ་ཡོན་ཏན་འདི་རྣམས་ནི། །ཀུན་གྱིས་བརྒྱན་པ་དག་གིས་ཐོབ་གྱུར་ཅིག་།བཅོམ་ལྡན་འདས་མ་འཕགས་མ་ནོར་རྒྱུན་མ་ཕྱག་འཚལ་ལོ། །རྟོག་པར་གསུངས་པའི་ཆོ་གས་ཡོངས་སུ་བཀླགས་བྱས་ཤིང། །འཛིན་མ ་རྣམ་པ་སྣ་ཚོགས་རིན་པོ་ཆེ་གསེར་གྱིས། །ཁང་བ་སྟོང་ཕྲག་ཐམས་ཅད་གང་བ་ཉིད་དུ་མཛད་པ་ཡི། །འཇིག་རྟེན་གསུམ་གྱི་ཡུམ་གྱུར་དེ་ལ་གུས་པས་ཕྱག་འཚལ་ལོ། །ལྷ་མོ་ཁྱོད་ནི་ཡོན་ཏན་རིན་ཆེན་ཀུན་གྱི་གཏེར་ཆེན་དེ། །སེམས་ཅན ་དོན་མཛད་ནོར་དང་འབྲུ་རྣམས་ཕུན་སུམ་ཚོགས་པའི་རྒྱུ། དོལ་ཤལ་ཅོད་པན་ལྡན་ཞིང་ནོར་དང་འབྲུ་རྣམས་ཕུན་སུམ་ཚོགས་པའི་རྒྱུ། །དོ་ཤལ་ཅོད་པན་ལྡན་ཞིང་ནོར་བུ་དཔག་བསམ་ཤིང་རྣམ་ཀྱིས། །འཇིག་རྟེན་གསུམ་གྱི་མགོན ་མཛད་ནོར་འཛིན་ནོར་རྒྱུན་མ་ལ་འདུད། ནད་དང་འཇིགས་པའི་འཆི་བའི་སྐྱེན་མང་སྒྲོལ། །དབུལ་བའི་སྡུག་བསྔལ་རྨ་ཡི་འཚོ་བྱེད་སྨན། །བསྐལ་བཟང་གཟུགས་ཀྱི་ཡོན་ཏན་རིགས་དང་རུས། །ཐམས་ཅད་སྦྱིན་མཛད་ཁྱོད་ཀྱི་ཞབས ་ལ་འདུད། །གང་གི་ཡང་དག་བླ་མའི་ཚོགས་ཡོངས་སུ་ཀློག་བྱེད་ན། ཕུན་ཚོགས་ཡངས་པའི་བདེ་འགྲོའི་ཉེ་བར་སྤྱོད་པ་སྟེར་བྱེད་པ། །ནོར་རྒྱུན་ཞེས་པའི་མིང་ཅན་གཟུགས་དེ་ལ་ནི་དུས་རྟག་ཏུ། །མཛའ་དག་སེམས་ཅན་ཕན་པར་སེམས ་པས་གུས་པས་ཕྱག་འཚལ་ལོ། །གང་ཞིག་ཡང་དག་དྲན་ལ་མི་རྣམས་ལོངས་སྤྱོད་ཡུན་རིང་དུ། །རབ་ཏུ་འཕེལ་ཞིང་དབུལ་དང་ནད་དང་སྡིག་པ་སེལ་མཛད་ཅིང་དཔག་བསམ་ཤིང་དང་མཚུངས་པ་ནོར་རྒྱུན་མིང་ཅན་དེ་ལ་ནི། །འགྲོ་ལ་ཕན་པའི ་ཆེད་དུ་གུས་པས་སྤྱི་བོས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ནོར་རྒྱུན་མའི་སྒྲུབས་ཐབས་དང་མཚན་བརྒྱ་རྩ་བརྒྱད་པ་དང་སྨོན་ལམ་དང་བསྟོད་པ་རྣམས་རྫོགས་སོ།། །།ཚུལ་འདི་ནི་དཔང་ལོ་ཙྪ་བ་དཔལ ་ལྡན་བློ་གྲོས་བརྟན་པོས་ཞོལ་ཕུག་ཏུ། །རྒྱ་དཔེ་ལས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་དང་བསྐུལ་བ་པོ་ནི་དགེ་བའི་བཤེས་གཉེན་རིན་ཆེན་མཛའ་ཅན་ཡིན་ནོ། །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་གྱུར་ཅིག། ། ་