| Wylie | e-texts based on the ACIP/ALL Input |
མེན་དང། ཆུ་ལ་སྤྱོད་པ་རྣམས་ཀྱིས་བརྫི་བར་མི་ནུས་ཏེ། གང་གི་ཚེ་འཇིགས་པ་དང་བྲལ་བ་ན་མདུང་བ་སླང་འགྲོ་བར་བྱའོ། །དེ་ལྟར་ཡུན་རིང་བླ་མ་བསྟེན་ལས་གང་ཐོབ་པའི། །སྒྲུབ་ཐབས་མཆོག་འདི་ནི་ལེགས་བཀོད་པས། །སྒྲོལ་མ་ཞེས་གྲགས་སྲས་བཅས་བཞུགས ་པའི་གནས། །གྲུ་འཛིན་དཔལ་དུ་འགྲོ་རྣམས་མྱུར་འགྲོ་ཤོག་།འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་བ་རྨ་དང། བོད་ཀྱི་ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པའོ།། །།རྒྱ་གར་སྐད་དུ། ཙོ་ར་བནདྷ། བོད་སྐད་དུ། ཆོམ་རྐུན་བཅིང་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལམ་དུ་འགྲོ་བ་ན་ཆོམ་རྐུན་མི་འོང་བར་བྱ་བའི་ཕྱིར་ཐེམ་པ་ནས་གོམས་པ་བདུན་གཞལ་བའི་ས་ནས་ལག་པ་གཡས་པས་ས་སྤར་བ་གང་བླངས་ལ། དེ་ནས་??་སྐད ་ཅིག་གིས་རྗེ་བཙུན་མར་བསྐྱེད་ལ། སྐྱབས་འགྲོ་དང་སེམས་བསྐྱེད་ཚུལ་བཞིན་བྱས་ལ། ལག་པ་གཡས་པའི་ས་དེ་ལཾ་ལས་རི་རབ་ཙམ་དུ་བསྐྱེད་དེ་ལག་པ་གཡོན་དུ་པཾ་ལས་རྒྱ་མཚོ་ཆེན་པོར་བསྐྱེད་ལ། དམིགས་པས་དེ་རིང་བདག་ལ་གཅོད་པར་བྱེད་པའི་ཆོམ་རྐུན་ཐམས་ཅད ་མདུན་དུ་བཀུག་སྟེ། མིའི་ཚིག་གིས་བར་མཆོད་པར་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨདམ། ཨ་པ་ཀ་ར་སརྦ་ཙོ་ར་བནདྷ་སྭཱཧཱ་ཞེས་བྱའོ། །མདུན་གྱི་ཆོམ་རྐུན་བ་ཐམས་ཅད་རྒྱ་མཚོ་ཆེན་པོར་བླུགས་ལ། གཡས་ཀྱིས་དེ་གཡོན་དུ་སྤོས་ལ་རི་རབ་ཀྱིས ་མནན་པར་བསམ་མོ། །དེ་ནས་ས་དེ་གྲུ་བ་གཡོན་པར་བཅིངས་ཏེ་འཇིགས་པ་དང་བྲལ་བའི་གནས་དགྲོལ་པར་བྱའོ། །འགྲོ་བའི་དུས་སུ་བསྟོད་པ་ལ་སོགས་པ་སྒྲོགས་ཤིང་འགྲོའོ། །ཆོམ་རྐུན་བཅིང་བ་ཞེས་བྱ་བའི་རིག་པ་རྫོགས་སོ།། །།མ་ཧཱ་པཎྜི་ཏ་ཤྲཱི་རཏན་རཀྵི་ཏ་དང ་ལོཙྪ་བ་ཞད་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་ཙརྱ་ཡཀྵི་ཎི་མ་དྲཱ་སཱ་དྷ་ནི། བོད་སྐད་དུ། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མེའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ོཾ་ཛོ་ཡཀྵི་ཎི་པ་རི་ཙེ་སྭཱཧཱ ་མེ་ལྷའི་བུ་མོ་གནོད་སྦྱིན་མོའི་ཆོ་ག་ནི་འདི་ཡིན་ཏེ། དུར་ཁྲོད་ཀྱི་སྤངས་ལེབ་ལ་བྲིས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཅེར་བུ་རས་ཀྱི་གོས་བསྣམས། །མགོ་སྐྱེས་ལི་བ། གཞོན་ནུ་མ་རྒྱན་གྱིས་མཛེས་པ། ཤིང་མྱ་ངན་མེད་པ་དང་བཅས་པ་ལག་པ་གཡོན་པས་གཟུང་བ། ལག་པ ་གཡས་པས་རལ་བསྣམས་པ། སྤྱན་ས་བོན་གྱི་གྲོང་ཁྱེར་གྱི་འབྲས་བུ་ལ་གཟིགས་པ། ཞལ་ཅུང་ཟད་དཔངས་མཐོ་བ། བཞད་པ། འཁྲིག་པ་ལ་སྲེད་པ། འདི་འདྲ་བ་སྤང་ལེབ་ལ་བྲིས་ལ། དབེན་པའི་གནས་སུ་རང་གཅིག་པུར་ཁྲུས་བྱ་ཞིང་བཀུག་པར། ཐུན་མཚམས་སུ་མཆོད་དོ། །?? ་བས་མཎྜལ་བྱས་ལ། གཙང་སྦྲ་ཐོ་བ་དབེན་པར་ཟས་གཙང་བ་ཟ་ཞིང་ཐུན་མཚམས་གསུམ་དུ་བྷ་གར་སོར་མོ་བཅུག་ལ་དེའི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་འབྱོན་ནོ། །བྱོན་ནས་ཙན་དན་དཀར་པོ་དང། མེ་ཏོག་དྲི་ཞིམ་པོས་སྦྲས་བའི་མཆོད་ཡོན་དབུལ་ལོ། །ཁོ་མོ་ཅི་བགྱི་ཞེས ་སྨྲ་བར་འགྱུར་རོ། །དེ་ནས་སྒྲུབ་པ་པོ་ས་སྨྲས་པ། །ཁོ་བོའི་སྲིད་མོའམ་མར་མཛོད་ཅིག། དེ་ནས་གཟུང་སྟེ་སྲིད་མོ་འམ་མར་འགྱུར་རོ། །བདག་ཉིད་དང་བཅས་པའི་སྐྱེ་བོ་བཅུ་དྲུག་གིས་ཟས་གོས་སྦྱོར་བར་འགྱུར་རོ། །ལུས་ཀྱི་ཁུར་གྱིས་དཔལ་གྱི་རི་བོ་ཏ་ལར་ཁྲིད་པར་བྱེད་དོ། །དེར་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་གི་ཞལ་མཐོང་ནས་ཆོས་ཉན་ཅིང་བྱང་ཆུབ་ཀྱི་སེམས་མ་རྨོངས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །གལ་ཏེ་འདོད་ན་སླར་ཛམྦུའི་གླིང་ནས་འོད་ཤེད་དེ་དང་རོ་པར་འགྱུར་རོ། །གལ་ཏེ་དང་པོ་ཉི་མ་བདུན་གྱིས་མ་གྲུབ་ན་དཱི་ཚེ་བདུན་ཕྲག་གཉིས་པ་ལ་ཚངས་པ་བསང ་ཀྱང་པོ་གྲུབ་བོ། །དེ་ནས་སླར་མ་གྲུབ་ན་ཁྲོ་བོའི་རྒྱལ་པོའི་སྔགས་བཟླས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཛོ་ཡཀྵི་ཎི་བི་ར་ཛེ་སྭཱཧཱ། གནོད་སྦྱིན་མོའི་སྔགས་ནང་དུ་བཅུག་ནས་བཟླས་ན། དེ་ནས་གལ་ཏེ་དེས་ཀྱང་མ་གྲུབ་ན་སྐམས་པ་འམ་འཆི་བར་འགྱུར་རོ། །སྔོན་གྱི་བསྙེན་པ་གང་དང་དེ་རུ ་གནས་པའམ་འབུམ་ཕྲག་བཟླས་སོ། །འཕགས་མ་སྒྲོལ་མའི་རྗེས་སུ་སྦྱོང་བའི་གྲུབ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་རྫོགས་སོ།། །རྒྱ་གར་གྱི་མཁན་པོ་བེ་རོ་ཙ་ནའི་ཞལ་སྔ་ནས་དང། བོད་ཀྱི་ལོཙྪ་བ་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སྲ་ག་དྷ་ར་སཱ ་