| Wylie | e-texts based on the ACIP/ALL Input |
ཁ་ཆེའི་པཎདི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོད་དུའི་མཁར་དུ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་སི་ཏ་ཏE་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དཔལ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །འཆི་བའི་སྐྱོན ་གྱིས་གོས་མིན་ལ། །ཟླ་བ་དྲུག་གི་མཐར་ཐུག་པར། །སྒྲོལ་མའི་ཐུགས་ཀྱི་འཁོར་ལ་ནི། །བསྒྲིམས་བསྒོམས་དངོས་གྲུབ་ཐམས་ཅད་རྙེད། །ངག་གི་དབང་ཕྱུག་གིས་བྱས་པའི། །འཆི་བ་སླུ་བ་ཀུན་བསྡུས་པས། །སྒྲོལ་མ་དཀར་མོ་ཕྱུང་འདི་ནི། །བསྒོམས་པས་འཇིགས ་པ་སྤོང་བར་བྱེད། །བཞི་པའི་སྡེ་ཚན་གཉིས་པ་ཨཱ། །འོད་ཟེར་རྣམ་འགྲོ་ནམ་མཁའ་ནི། །པདྨ་དཀར་དང་ཟླ་གདོན་ལ། །བདུན་བལྟས་གསུམ་ལ་སྐྱབས་འགྲོ་བརྗོད། །ཡུད་ཙམ་སྟོང་པ་ཉིད་བསྒོམས་ནས། །སོ་སོ་སྐྱེ་བོའི་འཁྲུལ་བཅོམ་སྟེ། །རྡོ་རྗེ་སྨོན་ལ་མཐུ་ཉིད་ཀྱིས། །བྱང ་ཆུབ་སེམས་ཀྱི་ཡི་གེ་བསྒོམ། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཤིང། །འདོད་སྦྱིན་ཨུདྤ་ལ་འཛིན་པ་མོ། །སྟོན་ཀའི་འོད་ལྟར་དཀར་པའི་མདོག་།རྒྱབ་ཏུ་ཟླ་བ་ཡང་དག་བསྟེན། །རྒྱན་རྣམས་ཐམས་ཅད་ཡོངས་སུ ་རྫོགས། བཅུ་དྲུག་ལོ་ལོན་སྐུ་མངའ་བའི། །རྫོགས་སངས་རྒྱས་རྣམས་དེ་ཡིས་སྲས། །ཡུམ་གྱུར་འདོད་པའི་གཟུགས་འཛིན་མ། །དེ་ཡི་སྙིང་དབུས་འཁོར་ལོའི་འོད། །དཀར་མདངས་འཕགས་མ་སྒྲོལ་མ་བསྒོམ། །བརྒྱད་ཀྱི་རྩིབས་ཅན་བརྒྱད་རྣམས་ཀྱི། །ཡི་གེ་སེ་ཡོངས་སུ ་གང་བ་ཉིད། །ོཾ་ཧ་ཡི་གེའི་དབུས་གནས་པ། །བསྒྲུབ་བྱའི་མིང་ལྡན་ལྟེ་བར་རོ། །ཟླ་བ་དྲུག་ཏུ་ངེས་བརྟན་པར། །མི་བདེ་མེད་པའི་སེམས་ཡིན་པས། །རྩེ་གཅིག་སེམས་ཀྱིས་བསྒོམ་བྱ་ཞིང། །ཡི་གེ་བཅུ་བའི་སྔགས་འདི་བཟླས། །ོཾ་ཡིག་ཐོག་མར་བྱིན་བྱས་ནས། །ཕྱིས ་ཏཱ་རེ་རབ་ཏུ་སྦྱར། །ཏུཏྟཱ་རེ་འདིས་ཏུ་རེ་ཕྱིས། །སྭཱཧཱ་མཛའ་ཡིན་ལས་ཀུན་ལའོ། །ཚངས་དབང་ཁྱབ་འཇུག་ཟླ་ཉི་དང། །དྲག་པོ་ཕྱོགས་སྐྱོང་འདོད་པའི་ལྷས། །བ་སྤུའི་རྩེ་ཡང་བསྐྱོད་མི་ནུས། །འཆི་བ་ལས་རྒྱལ་གྲོལ་རྣམས་བཞིན། །གཉེར་མ་སྐྲ་དཀར་སྐལ་ངན་དང། །ནད་དང ་དབུལ་པོ་ཉམས?་པར་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །བཟའ་དང་བཏུང་བ་གོས་དད་ནི། །ཁང་བཟང་རིན་ཆེན་ལྡན་མི་སློབ། །རལ་གྲི་མིག་སྨན་རྐང་བྱུག་དང། །བུམ་པ་བཟང་སོགས་དངོས་གྲུབ་འགྱུར། །སྙན ་དངགས་རྩོད་དང་མི་བརྗོད་དང། །ཤེས་རབ་གཅིག་ཏུ་དྲི་མ་མེད། །འདོད་པ་གཞན་ཡང་གྲུབ་བྱེད་པ། །འཁོར་ལོ་འདི་ལས་རབ་ཏུ་འབྱུང། །སྒྲོལ་མ་དཀར་མོ་བསྒྲུབ་པའི་ཐབས། །འཆི་དང་ནད་རྣམས་འཇོམས་བྱེད་པ། །ཕྱུང་བའི་དགེ་བ་གང་ཐོབ་དེས། །འགྲོ་ཀུན ་སྒྲོལ་མའི་བདག་ཉིད་ཤོག་།།སྒྲོལ་མ་དཀར་མོ་འཆི་བ་སླུ་བའི་སྒྲུབ་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས།། །།དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཤཱཀ་ཤྲཱི་བྷ་དྲ་དང། སྒྲ་སྒྱུར་གྱི་ལོཙྪ་བ་གནུབས ་བྱམས་པའི་དཔལ་གྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཏཱ་ར་ཙིནྟ་མ་ནི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཞེས་བྱ་བ། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ་