| Wylie | e-texts based on the ACIP/ALL Input |
པ་གཞན་འབྲལ་བ་སྤངས་ཏེ་ཟླ་བ་དྲུག་ཏུ་བསྒོམས་ན་མཆོག་ཐོབ་པར་འགྱུར་རོ། །སྒྲོལ་མེ་མཆོག་སྒྲུབ་པ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཥྚ་བྷ་ཡ་ཏྲ་ཎཾ་ཏཱ་ར་སཱ་དྷ་ནཾ?། བོད་སྐད ་དུ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་ཁོ་ནར་ཚངས་པའི་གནས་བཞི་བསྒོམས་ནས། སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། ལམ་ལ་གནས་པར་ཁས?་འཆེ་བ་དང། ་ཡོངས་སུ་བསྔོ་བ་སྟེ་བསོད་ནམས་ཀྱི་ཚོགས་བསག་གོ་།དེ་ནས་ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་ལ། ཨོཾ་སྭ་བྷཱ་བ་བུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ་དང། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམས་པས་ཡེ ་ཤེས་ཀྱི་ཚོགས་བསག་གོ། སྟོང་པ་ཉིད་ཀྱི་ངང་ལས། ནམ་མཁའ་ཨི་དབྱིངས་དེ་ཉིད་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཏཱི་གྱི་རྣམ་པ་ཡོངས་སུ་གྱུར་པ་ལས། བྱུང་བའི་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་མ་ཕྱག་བརྒྱད་མ། ཕྱག ་གཡས་པ་རྣམས་ཀྱིས་བགྲང་འཕྲེང་དང་མཆོག་སྦྱིན་དང། མི་འཇིགས་པ་སྦྱིན་པ་དང། རིན་པོ་ཆེ་འཛིན་པ་དང། གཡོན་པ་རྣམས་ཀྱིས་ཨུཏཔ་ལ་དང། བུམ་པ་དང། སྐྱབས་སྦྱིན་གྱི་ཕྱག་རྒྱ་དང། པོ་ཏི་འཛིན་པ་རབ་ཏུ་ཞི་ཞིང་ལང་ཚོ་རྒྱས་པའི་ལུས་ཤིན ་ཏུ་མཛིས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་སྤྲས་ཤིང་སྨད?་གཡོགས་ཁ་དོག་སྣ་ཚོགས་ཅན་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཨེ་ཧཡེ་ཧི་བྷ་ག་ཝ་ཏི་པྲ་སཱ་དཾ་ད་ཡཾ་ཀུ་རུ། པཱུ་ཛ་གྲིཧྞ་ཨ་ཏྲ་སནྣི་ཧི་ཧོ་བྷ་ཝ་ཞེས་པའི་སྔགས ་ཀྱིས་བཅོམ་ལྡན་འདས་མ་སྤྱན་དྲངས་པ་མདུན་ན་གནས་པ་ལ་མངོན་པར་མཆོད་དེ། ཨོཾ་བྷ་ག་བ་ཏི་ས་མ་ཡཻ་ཤྭ་རི་སརྦཱ་ནུདྡྷ་མཱ་ཏེ་ཏཱ་རེ་ཨ་དྷིཥྛ་ནཾ་མེ་ཀུ་རུ་སྭཱཧཱ། །ཞེས་བྱ་བའི་སྔགས་ཀྱིས་གསོལ་བ་བཏབ་པས་བདག་ཉིད་ལ་ཉེ་བར་ཞུགས་པས་སྙིང ་གར་བདག་ཅི་འདྲ་བར་ཡེ་ཤེས་སེམས་དཔའ་ཨི་དང། དེའི་ཡང་ཐུགས་ཀར་ཏཱཾ་གྱི་རྣམ་པའི་ཏིང་ངེ་འཛིན་སེམས་དཔའ་གནས་པར་བལྟ་ཞིང་དེ་ཉིད་ཀྱི་ཚེ་འཇིགས་པ་བརྒྱད་ལས་སྐྱོབ་པར་བྱེད་པའི་སྒྲོལ་མ་རྣམས་མངོན་པར་འཕྲོས་པ་ནི་གཡས་ཕྱོགས་སུ ་སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེང་གེའི་གདོང་པ་ཅན་མཆེ་བ་རྣམ་པར་གཙིགས་ཤིང་ལྕེ་གློག་ལྟར་འགྱུ་བ། སྤྱན་སེར་མོ། ཕྱག་གཉིས་པ། མདོག་དམར་པོ། སྐྲ་སེར་པོ། ཐུགས་ཀར་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་པ། ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་ཅན་རྣམས་སེང་གེའི་འཇིགས་པ་ལས་སྒྲོལ་བར་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མའི་གཡོན་ཕྱོགས་སུ་གླང་པོ་ཆེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་གླང་པོ་ཆེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས ་མ། ཤངས་མཐོ་ཞིང་མཆེ་བ་གཙིགས་པ། གསུས་པ་འཕྱང་བ། དུ་བའི་མདོག་ཅན་མཐེ་བོང་མངོན་པར་བརྐྱང་བའི་ཕྱག་གཉིས་ཀྱིས་བསྡིགས་པར་མཛད་པའི་ཕྱག་རྒྱ་ཅན། སེམས་ཅན་རྣམས་གླང་པོ་ཆའི་འཇིགས་པ་ལས་སྒྲོལ་བར་མཛད་པར་བསྒོམ་པར ་བྱའོ། །གཡས་ཕྱོགས་ཀྱི་འོག་ཏུ་མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་འབར་བའི་གདོང་པ་ཅན། ཞལ་བདུན་མ། ལྗགས་བདུན་མ། སྐྲ་གྱེན་དུ་འབར་བ། ཕྱག་གཉིས་མ། ཕྱག་གཉིས་ཀྱིས་པདྨའི་ཕྱག་རྒྱ་མཛད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ ་སེམས་ཅན་རྣམས་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར། སྤྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་ཁ་དོག་ནག་པོ། སྤྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲོལ་བ་རྒྱན་ཐམས་ཅད་ཀྱིས ་བརྒྱན་པའི་ལུས། ཕྱག་གཉིས་ཀྱིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང། སེམས་ཅན་རྣམས་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱིས་འོག་གི་ཆར་ཆོམས་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས ་མ། སྐུ་མདོག་ལྗང་གུ་།ཞལ་ཁྲོ་གཉེར་བསྡུས་པ། སྐྲ་གྱེན་དུ་བརྫེས་ལ། ཕྱག་གཡས་པ་རལ་གྲི་འཕྱར་ཞིང་གཡོན་པས་སྡིགས་མཛུབ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་བཞེངས་པ་སེམས་ཅན་རྣམས་ཆོམས་རྐུན་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར་ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་པ་ཕྱག་གཉིས་མ། སྐུ་མདོག་དམར་མོ། གཡས་པ་དང་གཡོན་པས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་བཞེངས་པ། ་སེམས་ཅན་རྣམས་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱི་འོག་གི་ཆར་ཆུའི་འཇིགས་པ་ལས་སྒྲོལ་བའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དཀར་མོ་གཡས་ལྕགས་སྒྲོགས་དང་གཡོན་པས་སྡིགས་མཛུབ ་མཛད་པ་ཞི་བའི་སྐུ་བཞེངས་པ་སེམས་ཅན་རྣམས་ཆུའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར་ཤ་ཟའི་འཇིགས་པ་ལས་སྒྲོལ་བ་ཞལ་གཅིག་ཕྱག་གཉིས་མ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀུན ་ད་དང་ཟླ་བའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་ཕྱག་གཡས་པ་དང། གཡོན་པས་མཆོག་སྦྱིན་དང། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང་སེམས་ཅན་རྣམས་ཤ་ཟའི་འཇིགས་པ་ལས་སྒྲོལ་བ་སྒོམ་པར་བྱའོ། །ཡང་སྙིང་གའི་ཏཱཾ ་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་པ་ལ་མངོན་པར་མཆོད་ནས་གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས་ཐམས་ཅད་དོན་ཡོད་གྲུབ་པས་དབུ་རྒྱན་པར་བསྒོམ་པར་བྱའོ། །སྔགས་ཀྱི་ཚིག ་འདི་དག་ཡིན་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤམ་ནི་སརྦ་དུརྒ་ཏི་ཏཱ་རེ་ཎི་ཏུ་རེ་སྭཱཧཱ། །གཙོ་མོའི་སྔགས་སོ། །ོཾ་སི་ཧ་པ་ད་ནི་མ་ཧཱ་དཾཥྚི། བི་ཧཡུ་ཛི་ཧྲི་པི་ག་ལ། ནཻ་ཏྲེ། གརྫ་གརྫ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི ་སྔགས་སོ། །ོཾ་དི་ར་ད་བ་ད་ནི། ཨེ་ཀ་དཾཥྚི་མ་ཧཱ་ན་སེ་ལ་མོ་ད་རི་ཀརྡྷ་ཀརྡྷ་ཏྭཱ་ས་ཡ་ཏྲཱ་ས་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། གླང་པོ་ཆེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ོཾ་ཤི་ཁི་བ་ད་ནེ་མ་ཧཱ་ཨུ་སྐཱ་མུ་ཁི་ཛཱ་ལཱ་ནི་ས་བ ་ཏ་ཛི་ཧི། ས་པ་ཏ་མུ་ཁཾ་ཝ་ཤྭ་ན་རེ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ོཾ་ཕ་ཎི་མ་ཧཱ་ཕ་ཎི་ཀྲིཥྞ་བ་ད་ནཻ་ཏྲེ་ཨེ་ཀཱ་པ་ཤ་ཛི་ཧཱ། ཀཱ་རེ་ཎ་ཙ་ལ་ཡ། ཙ་ལཱ་ཡ། མ་ཧཱ་དྷི་ཥ་བྷཀྵ་ཎི། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། སྦྲུལ་གྱི་འཇིགས ་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ོཾ་ཁརྒ་ཧ་སྟི་བྷྲི་ཀུ་རི་མུ་ཁི་ཨུརྡྷ་ཀེ་ཥ་མཧཱ་ན་དཱཾ་ཀྲིཥྞ་ཨཉྫ་ན་ཝརྞེ་ཚིནད་ཚིནད། བྷིནད་བྷིནད། ཨུཏྟ་ར་ཡ། ཨུཏྟ་ར་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། ། ་ཨོཾ་རཀྟ་ཝརྞེ་བཱ་ཤ་ཨཱཾ་ཀུ་ཤྲ་ཧ་ཏི་མ་ཧཱ་ར་ཝི། མ་ཧཱ་བ་ལེ་ས་ར་ས་ར། བི་ས་ར་བི?་ས་ར། གྲིཧྞ་གྲིཧྞ། ཀདྡྷ་ཀདྡྷ་མ་ཧཱ་དུརྒྷ་ན། མཱུ་ཙ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ོཾ་ཛ་ལེ་ཛ་ལེ་མ་ཧཱ་ཛ་ལེ ་ཏཱ་ར་ཡ་ཏཱ་ར་ཡ། ཨུཏྟཱ་ར་ཡ། ཤྲཱིཾ་ལ་ལ་ཧསྟི། མཧཱ་ཛ་ཝེ་ཨེ་ཀཱ་པཱི་རི་མཧཱ་ཀཱ་རུ་ཎེ་ཀེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ོཾ་མ་ཧཱ་གམྦྷི་རྱེ་མཧཱ་ཀཱ་རུ་ནེ་ཀེ་བྷ་ག་ཝཾ་ས་ལེ། པ་ར་ཨ་བྷ་ཡ་ཧ་སྟི། མཧཱ་ཀུ་ནིནད་ད་བོ? ་པྲ་ཧ་སི་ད་ར་ད་ནི། མཧཱ་ཀུ་ནིནདུ་ད་ཝ་ལི། པྲ་ཧ་སི་ཧ་བ་ད་ནེ། མཧཱ་ཝསྟ་པྲ་པྲི་ཏ་ཤ་རཱི་རེ་དྷེ་ནཱ། ཝསྠི་ཏི་ཏཱ་ར་ཡ་ཏཱ་ར་ཡ། མ་ཧཱ་བ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །གང་གིས་ཚེ་བཟླས་པས་ཡིད་སྐྱོབ་གྱུར་པ་དེའི་ཚེ་ཡེ ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་ནས་གཤེགས་སུ་གསོལ་ལོ། །རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། ་ཁ་ཆེའི་པཎདི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོད་དུའི་མཁར་དུ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་སི་ཏ་ཏE་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དཔལ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །འཆི་བའི་སྐྱོན ་