| Wylie | e-texts based on the ACIP/ALL Input |
སྭཱཧཱ། །ལྷོ་རུའོ། །ོཾ་པདྨ་ཏཱ་རེ་པུཥཔེ་སྭཱཧཱ། ནུབ་དུའོ། །ོཾ་ཀརྨ་ཏཱ་རེ་པུཥཔེ་སྭཱཧཱ། །བྱང་དུའོ། །ོཾ་པུཥཔེ་ཏཱ་རེ་པུཥཔེ་སྭཱཧཱ་ཤར་ལྷོར་རོ། །ོཾ་དྷུ་པ་ཏཱ་རེ་པུཥཔེ་སྭཱཧཱ་ལྷོ་ནུབ་ཏུའོ། །ོཾ་དཱི་པཱ་ཏཱ་རེ་པུཥཔེ་སྭཱཧཱ་ནུབ་བྱང་དུའོ། །ོཾ་གནདྷེ་ཏཱ་རེ་པུཥཔེ་སྭཱཧཱ་བྱང་ཤར་དའོ། ། ་ཨོཾ་ཨཱ་ཀུ་ཤ་ཏཱ་རེ་པུཥཔེ་སྭཱཧཱ་ཤར་སྒོར་རོ། །ོཾ་པཱ་ཤ་ཏཱ་རེ་པུཥཔེ་སྭཱཧཱ་ལྷོ་སྒོར་རོ། །ོཾ་སཕོ་ཊ་ཏཱ་རེ་པུཥཔེ་སྭཱཧཱ་ནུབ་སྒོར་རོ། །ོཾ་གྷཎྜ་ཏཱ་རེ་པུཥཔེ་སྭཱཧཱ་བྱང་སྒོར་རོ། །ལྷ་མོ་བཅོ་ལྔར་བྱེད་ན། ཨོཾ་ཨུཥྞཱི་ཥ་ཏཱ་རེ་པུཥཔེ་སྭཱཧཱ་ཤར་སྒོའི་དེའི་རྒྱབ་ཏུའོ། །ོཾ་སུམྦྷ་ཏཱ་ར་པུཥཔེ་སྭཱཧཱ་ནུབ་སྒོར ་རྒྱབ་ཏུའོ། །དེ་བཞིན་དུ་ལྷའི་རིགས་གཞན་ཡང་ཤེས་པར་བྱའོ། །དེ་ནས་གོང་མ་ལྟར་རང་རང་གི་སྔགས་ཀྱིས་བདུག་སྤོས་ཤངས་ལ་དྲི་ཐུགས་ཀར་མར་མེ་སྤྱན་ལ་ལྷ་ཤེས་ལྗགས་ལ་རོལ་མོ་སྙན་ལ་དབུལ་ལོ། གཞན་ཡང་ཉེ་བར་མཁོ་བོ་དང་སྤྱད་པའི་དགོས་པ ་དབུལ་བར་བྱ་སྟེ། བཀུར་སྟིས་མཆོད་པ་ལ་བསྟོད་པ་ཅི་རིགས་པར་བསྒྲགས་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་གཞན་རྣམས་ཀྱང་བྱས་ལ་འདོད་པའི་དོན་ལ་གསོལ་བ་གདབ་པ་སྟེ། ལྷག་ཆད་སྐོང་པ་ལ་ཡི་གེ་བརྒྱ་བ་ཅི་རིགས་པར ་བརྗོད་དོ། །དེ་ནས་ལྷ་དེ་རྣམས་ཀྱི་ཡེ་ཤེས་པ་གཤེགས་ཏེ། དམ་ཚིག་པ་རང་ལ་བསྡུས་དགེ་བ་བསྔོ་བར་བྱའོ། །འདི་ནི་བྱ་བ་གཞན་ཐམས་ཅད་དང་འབྲེལ་བར་ཤེས་པར་བྱའོ། །སྒྲོལ་མའི་མཎྜལ་གྱི་ཆོ་ག་སྙན་དངགས་མཁན་པོ་སྙིང་རྗེ་ཆེ་བས་མཛད་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། ཏཱ་ར་ཨ་གྲཱ་པྲ་བྷི་ན་མ། བོད་སྐད་དུ། སྒྲོལ་མ་མཆོག་ཐོབ་པ་ཞེས་བྱ་བ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་རིམ་པས་སྟོང་པ་ཉིད་ཀྱི་བར་བསྒོམས་ཏེ། སྐད་ཅིག་ལ་རང་སྒྲོལ་མར་བསྒོམས་པའི་ཐུགས་ཀར་ཏཱཾ་ཨིནྡྲ་ནི་ལའི་མདོག ་ལྟ་བུ་བལྟ་བར་བྱའོ། །ལུས་སྐྱིལ་ཀྲུང་ལ་ཚིགས་པ་དྲང་པོར་སྲང་སྟེ་མཉམ་གཞག་གི་ཕྱག་རྒྱ་ལ་སོགས་ཏེ་ལུས་གནང་ལྔ་དང་ལྡན་པས་རླུང་རྒྱུ་བ་སྤངས་ཏེ་ལྟེ་བ་ལས་མེ་རབ་ཏུ་སྦྱར་ནས། །སྤྱི་གཙུག་ནས་ཐིག་ལེ་ཕབ་སྟེ་ཏཱཾ་ལ་ཕོག། ཏཱཾ་ལས་བྱང་ཆུབ་ཀྱི་སེམས་ཞུན ་ཚུལ་དུ་ལུས་ཐམས་ཅད་ལ་ཁྱབ་པས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསམ་ཞིང་སྲོག་རྩོལ་ལ་འབད་ན་ཞག་བདུན་གྱི་དངོས་སུ་སྐྱེ་བར་འགྱུར་ཏེ། བྱང་སེམས་འཛག་ན་གདམས་ངག་དྲན་པར་བྱ། །དེ་ནས་ཏཱཾ་ལས་འོད་སྤྲོས་ཏེ་སྣོད་བཅུད་ཐམས་ཅད་རང་ལ ་བསྡུས་རང་ཡང་ཏཱཾ་ལ་བསྡུས་ཏེ་ཏཱཾ་ཡང་རིམ་གྱིས་མི་དམིགས་པར་བྱས་ལ་ཡོད་པ་དང་མེད་པའི་རྟོག་པ་སྤངས་ལ། སྟོང་པ་ཉིད་ཀྱི་བདེ་བ་ལ་རྒྱས་གདབ་བོ། །རྟོག་པ་ལ་ཤེས་པ་འཕྲོ་ན་སྔ་མ་ལྟར་བདེ་བ་བསྒོམ། བདེ་བ་ཤེས་ཆེན་ཕྱི་མ་ལྟར་སྟོང་པ་བསྒོམ། རྟོག ་པ་གཞན་འབྲལ་བ་སྤངས་ཏེ་ཟླ་བ་དྲུག་ཏུ་བསྒོམས་ན་མཆོག་ཐོབ་པར་འགྱུར་རོ། །སྒྲོལ་མེ་མཆོག་སྒྲུབ་པ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཥྚ་བྷ་ཡ་ཏྲ་ཎཾ་ཏཱ་ར་སཱ་དྷ་ནཾ?། བོད་སྐད ་དུ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་ཁོ་ནར་ཚངས་པའི་གནས་བཞི་བསྒོམས་ནས། སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། ལམ་ལ་གནས་པར་ཁས?་འཆེ་བ་དང། ་ཡོངས་སུ་བསྔོ་བ་སྟེ་བསོད་ནམས་ཀྱི་ཚོགས་བསག་གོ་།དེ་ནས་ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་ལ། ཨོཾ་སྭ་བྷཱ་བ་བུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ་དང། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམས་པས་ཡེ ་ཤེས་ཀྱི་ཚོགས་བསག་གོ། སྟོང་པ་ཉིད་ཀྱི་ངང་ལས། ནམ་མཁའ་ཨི་དབྱིངས་དེ་ཉིད་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཏཱི་གྱི་རྣམ་པ་ཡོངས་སུ་གྱུར་པ་ལས། བྱུང་བའི་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་མ་ཕྱག་བརྒྱད་མ། ཕྱག ་གཡས་པ་རྣམས་ཀྱིས་བགྲང་འཕྲེང་དང་མཆོག་སྦྱིན་དང། མི་འཇིགས་པ་སྦྱིན་པ་དང། རིན་པོ་ཆེ་འཛིན་པ་དང། གཡོན་པ་རྣམས་ཀྱིས་ཨུཏཔ་ལ་དང། བུམ་པ་དང། སྐྱབས་སྦྱིན་གྱི་ཕྱག་རྒྱ་དང། པོ་ཏི་འཛིན་པ་རབ་ཏུ་ཞི་ཞིང་ལང་ཚོ་རྒྱས་པའི་ལུས་ཤིན ་