| Wylie | e-texts based on the ACIP/ALL Input |
!། (།འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་ལ་སོགས་པ་བཞུགས།)་།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་མཎྜ་ལཱ་བ་ཏཱ་ར་ཀྲི་ཏཱ་ནཱ་མ(རྒྱུད་འགྲེལ་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །གོས་པ་མེད་པའི་ཡེ་ཤེས་ནི། །སྣ་ཚོགས་གཟུགས་ཅན་ནོར་བུ་ལྟར། །མ་ལུས་མཛད་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་གཤེགས་ཐམས་ཅད་དང། །སྣ་ཚོགས་འགྲོ་བའི་མ་ཁྱབ ་ལ། །གུས་པའི་བློ་ཡིས་སྒྲོལ་མ་ཡི། །ཆོ་གའི་རིམ་པ་བརྗོད་པར་བྱ། །དེ་ལ་འདིར་ལྷ་མོ་སྒྲོལ་མ་ལ་ལྷག་པར་གུས་པའི་གང་ཟག་གང་ཡང་རུང་བས། །གནས་ཁང་བརྒྱན་ཅིང་བྱི་དོར་ལེགས་པར་བྱས་པ་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་ཁྱད་པར་སྒྲོལ་མ་འམ། ་ཐུགས་རྗེ་ཆེན་པོའི་རྟེན་བཞུགས་སུ་གསོལ་ལ། ཚུལ་ཇི་ལྟ་བ་བཞིན་ནུ་དཀྱིལ་འཁོར་བཞེངས་ལ། དེར་ཚོགས་པ་རྣམས་ལ་ཤ་ཆང་སྒོག་གཅོད་སྤངས་ནས་ཁྲུས་ལེགས་པར་བྱས་ལ་ལུས་ལ་དྲི་བཟང་པོས་བྱུགས་ཏེ། གོས་གཙང་མ་གྱོན་ལ། མཆོད་པའི་ཡོ་བྱད ་རྣམས་དང། བའི་ལྕི་བས་ལ་མ་ལྷུང་བ་ཡང་སྟ་གོན་བྱ། གཞན་ཡང་ཉེ་བར་མཁོ་བ་རྣམས་ཀྱང་ཚོགས་པ་དང་ལྡན་པར་བྱའོ། །དེ་ནས་ཐམས་ཅད་ཀྱིས་རང་རང་གི་མདུན་དུ་ས་ལ་བའི་ལྕི་བས་བྱུགས་པ་ལ་མཎྜལ་གྱི་ཆོ་ག་ལས་བྱུང་བ་ལྟར ་མེ་ཏོག་སིལ་མའི་ཆོམ་བུ་བཅུ་དགུ་པའི་དབུས་ཀྱི་རི་རབ་ཀྱི་སྟེང་དུ་པོ་ཏ་ལ་ནས་སྤྱན་དྲངས་པའི་སྒྲོལ་མ་འཁོར་དང་བཅས་པ་བཞུགས་པར་བསམ་པ་ལ་ཐོག་མར་ཕྱག་བྱ། །ཉེ་བར་སྤྱོད་པ་ལྔས་མཆོད་ལ་མཚན་གྱིས་དངོས་གཞི་བསྟོད་པ་ལན ་གསུམ་བརྗོད། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་ཙོག་ཙོག་པོར་འདུག་པས་གསོ་སྦྱོང་བླང་བར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། །བཅོམ་ལྡན་འདས་སྒྲོལ་མ་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང། བདེ་བར་བྱ་བའི་ཕྱིར་དང། ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་བྱས་ཏེ་ཡང་དག་པར་བླངས་པ་དེ་བཞིན་དུ། བདག་མེད་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། སང་གདུགས་རྩེ་ཤར་གྱི་བར་དུ་སེམས་ཅན ་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང། བདེ་བར་བྱ་བའི་ཕྱིར་དང། ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ ་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱས་ཏེ་ཡང་དག་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་མཉམ་བརྟེན་པས། །ཆང་ནི་ཡོངས ་སུ་སྤང་བར་བྱ། །ཁྲི་སྟན་མཐོན་པོ་མི་བྱ་ཞིང། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་བརྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང། །བླ་མེད ་བྱང་ཆུབ་ཐོབ་པར་ཤོག། སྡུག་བསྔལ་མང་དཀྲུག་སེམས་ཅན་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། ཅེས་པ་ལན་གསུམ་དུ་བྱའོ། །དེ་ལྟར་གསོ་སྦྱོང་བླངས་ནས་དུས་ཀྱི་ཁྱད་པར་ལ་ཉིན་གཅིག་གམ། མཚན་གཅིག་གམ། ཐུན་གཅིག་ལ་སོགས་པ་ཡང ་བྱའོ། །དེ་ལ་བསྙུང་བར་གནས་པ་འམ་དཀར་གསུམ་ལ་བརྟེན་པ་ཡང་རུང་བས་འཕགས་མ་སྒྲོལ་མ་ལྷག་པར་གུས་པའི་བློ་རྩེ་གཅིག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དེར་གནས་པ་ཐམས་ཅད་ཀྱིས་བསམ་པ་བཅོས་ལ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ ་བར་བྱ་བ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་བདག་གིས་གཟུང་སྙམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་བདག་གིས་སྤྱད་སྙམ་པ་དང། མཛའ་ཡས་པའི་སེམས་ཅན་ཐམས་ཅད་བདག་གིས་བསྒྲལ་སྙམ་པའི་བསམ་པ་རྒྱུན་མི ་འཆད་པས་ཆོ་ག་ཐམས་ཅད་བྱའོ། །དེ་ནས་ས་གཞི་བྱིན་གྱིས་བརླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པའི་ས་ཕྱོགས་འདི་རྣམས་ཐམས་ཅད་ཀྱང་གསེར་གྱི་ས་བཞི་བརྡལ་པ་ལ་རིན་པོ་ཆེ་སྣ་བདུན ་དང་བཻཌཱུརྱས་མིག་མངས་རིས་སུ་བྲིས་པའམ་ཤེལ་བཞིན་པ་ལྟར་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པའི་ཚུལ་ཁྱད་པར་འཕགས་པ། ཀུན་ནས་རབ་ཏུ་དང་བ་དང་ལྡན་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་ཚད་རབ་ཏུ་མཉམ་པར་ ་གྲུབ་པ་སྟེ། རེག་ན་བདེ་ཞིང་འཇམ་ལ་མཉེན་པ་ཕྱོགས་མཚམས་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་བྱས་པའི་ས་གཞི་བལྟར་བ་ཁོ་ན་ལ་རབ་ཏུ་མཛེས་པ་དུམས་བརྒྱན་པ། ནམ་མཁའ་འམ་ལག་མཐིལ་ལྟར་མཉམ་པ། ཡངས ་ཤིང་བདེ་བ་འབྱོར་པ་དང་ལྡན་པ་མནན་ན་ནེམ་ཞིང་བཏེག་ན་འབར་བ། དམ་གྲོག་དང་གཡང་ས་དང་ཅོང་རོང་དང་བྱ་སྐྱིབས་དང་བྲལ་བ། གསེག་མ་དང་གྱོ་དུམ་དང་ཚེར་མ་ལ་སོགས་པ་དང་བྲེལ་བ་སྟེ། རྣམ་པར་འཕྲུལ་པ་དང་བཀོད་པ་བསམ་གྱིས་མི་ཁྱབ ་པས་བརྒྱན་ཅིང་མཛེས་པར་སྤྲས་པའི་ས་གཞི་ལ་ཉེ་བར་འཚེ་བ་མེད་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པ་སྒྲ་སྙན་པ་འབབ་བ། མཚོ་དང་རྫིང་བུ་དང་ལྟེར་ཀ་ལ་སོགས་པ་ལ་མེ་ཏོག་རྣམ་པ་སྣ་ཚོགས་པས་ཁེབས་པ། མྱ་ངན་མེད་པ་དང་ཨུ་དུམ་བ ་ར་དང་ནྱ་གྲོ་དྷ་ལ་སོགས་པའི་ཤིང་ལྗོན་པ་རྣམས་ལ་ཡིད་དུ་འོང་བའི་མེ་ཏོག་དང་འབྲས་བུ་གཡུར་ཟབ་དང་ལྡན་པ་དུ་མས་བརྒྱན་པ། རྨ་བྱ་དང་ཁྲུང་ཁྲུང་དང་བཞད་དང་ས་ར་ལ་སོགས་པ་གཡུར་ཟ་ཞིང་ལྡེམ་པ་དང་བཅས་པའི་བྱ་རྣམ་པ་སྣ་ཚོགས་པས་བདག ་མེད་པའི་སྒྲ་སྒྲོགས་པ་དང་ལྡན་པ། སེང་གེ་དང་གླང་པོ་ཆེ་རོལ་པ་དང། ཀྲི་ཎ་ཛ་ཊི་དང་ལྟོ་འཕྱེ་བ་ལ་སོགས་པའི་རི་དགས་རྣམས་ཀྱང་འཁྲུལ་བ་མེད་པའི་སེམས་ཀྱིས་དགའ་ཞིང་བརྩེ་བར་སྤྱོད་པས་བྱམས་པ་ལ་གནས་པ་དང། པདྨ་དང་ཀུ་མུ་ཏ ་དང་པུན?་དིར?་ཀ་དང། ཨུཏཔ་ལ་དང་པདྨ་གེ་སར་ལ་སོགས་པ་ཁ་དོག་དང་དྲི་ལ་སོགས་པ་ཕུན་སུམ་ཚོགས་པ་སྣ་ཚོགས་པས་ཉེ་བར་མཛེས་པར་བྱེད་པའི་ས་གཞི་དམ་པ་དང། ཕྱོགས་མཚམས་ཐམས་ཅད་ཀྱང་ག་བུར་དང་གླ་རྩི་དང་ཨ་ཀ་རུ་དང་ཙན ་དན་སྦྲུལ་གྱི་སྙིང་པོ་ལ་སོགས་པས་སའི་ཕྱོགས་ཀུན་དྲི་བསུང་ཆེན་པོས་ཡོངས་སུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ། རིག་པ་འཛིན་པ་ལ་སོགས་པ་དང་མི་འམ་ཅི་ལ་སོགས་པའི་ཚོགས་རབ་ཏུ་ཡང་དག་པར་རྒྱུ་ཞིང་ལྷའི་བུ་དང ་བུ་མོ་དང་དྲི་ཟའི་བུ་མོ་ལ་སོགས་པའི་ཚོགས་རྣམས་ཀྱང་དམ་པ་ཆོས་ཀྱི་སྒྲ་དང་ལྡན་པའི་ཡིད་དུ་འོང་བའི་གླུ་དབྱངས་དུ་མ་སྒྲོགས་པ་ཆོས་ཀྱི་རོའི་དགའ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་རང་དང་གཞན་གྱི་རྒྱུ་ཡོངས་སུ་དང་བ་ཆེན་པོ་སྐྱེས་པ་ཐོབ་པར་འགྱུར་པ་ཞི་གཡས་དང ་ལྷག་མཐོང་གི་ཏིང་ངེ་འཛིན་གྱི་སྒོ་དུ་མ་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་ལས་གྲུབ་པས་ཉེ་བར་འཚེ་བའི་གནོད་པ་དང་བྲལ་བའི་ས་ཕྱོགས་དམ་པ་སྟེ། མདོར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་བཀོད་པ་དང་མཚུངས་པར་འབྱོར་ཅིང ་དར་བ་བདེ་ཞིང་སྐྱིད་པ་ཉམས་དགའ་བ་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱིས་ཡོངས་སུ་གང་བའི་ས་ཕྱོགས་དམ་པར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་དང། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་པ། །ཆོས ་གཉིས་ཡོངས་སུ་རྫོགས་པའི་མཐུ་དང། རིག་སྔགས་ཀྱི་རྒྱལ་པོ་འདིའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ་གྱུར་ཅིག། ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏེ་སམྱཀསཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་ཀྵྨེ་སུ་ཀྵྨེ། ས་མ་ས་མ་ཡེ་ཤཱནྟེ་ཤཱནྟེ ་ཨ་ས་མ་རོ་ཡེ། ཡ་ན་མྦྷེ་ཏ་ར་མྦྷེ་ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛོ་ནི་ར་ཀུ་ལེ་ནི་རོ་པ་ཎ་སརྦ་བུདྡྷ་ཨ་ཏིཥྛི་ཏེ་སྭཱཧཱ་ཞེས་སྔགས་དང་བཅས་པ་འདི་ལན་གསུམ་བརྗོད་དོ། །དེ་ནས་ས་ཕྱོགས་དམ་པ་རྒྱ་ཡོངས་སུ་མ་ཆད་པ་དེ་དག་གི་དབུས་སུ་སྔོན་གྱི་དེ་བཞིན་གཤེགས་པ་རྣམ ་དག་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་གྱི་མཐུ་ཁྱད་པར་ཅན་ལས་གྲུབ་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་སྣ་ཚོགས་པ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དམ་པ་ལ་ཁོར་ཡུག་ཆེན་པོའི་རྒྱན་གྱིས་ཉེ་བར ་མཛེས་བར་སྤྲས་པ། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཕྱི་དང་ནང་ཀུན་ཏུ་གང་བས་དྲི་མ་མེད་ཅིང་འོད་གསལ་བ་ལས་བྱུང་བའི་བདེ་བར་གཤེགས་པའི་གཞལ་ཡས་ཁང་ཆེན་པོར་ཡོངས་སུ་གྲུབ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང ་མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་སྒོ་བཞི་དང་ལྡན་པ་དང། དྲན་པ་ཉེ་བར་བཞག་པ་བཞི་དང་ལྡན་པའི་ཕྱིར་གྲུ་བཞི་དང་ཡང་དག་པར་སྤོང་བ་བཞིའི་ཕྱིར་བསིལ་ཁང་བཞི་དང། རྫུ ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པས་ཁྲུས་ཁང་གི་རྫིང་བུ་བཞི་ཡིས་སྤྲས་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ཉིད་ཀྱི་ཕྱིར་ཀ་བ་བརྒྱད་དང་ལྡན་པ་སྟེ། རིན་པོ་ཆེའི་སྟེགས་གྲུ་བཞི་ལས་གནས་ཤིང་བུམ་པ་ལས་བྱུང་བའི་རིན ་པོ་ཆེའི་ཀ་བ་ལས་ནོར་བུ་དུ་མས་མཛེས་པར་བཅིངས་པ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་དང་ལྡན་ཞིང་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པས་བང་རིམ་བཅུ་གཉིས་དང་ལྡན་པའི་རྟ་བབས་ཀྱིས་མཛེས་པ། སེམས་ཅན ་ཐམས་ཅད་ཀྱི་རྒྱུད་ཚིམ་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་ལ་བརྩེ་བ་ཆེན་པོ་དང་ལྡན་པས་གསེར་གྱི་དྲིལ་བུ་གཡེར་ཁ་དང། མུ་ཏིག་ལ་སོགས་པས་སྤྲས་བའི་རི་དགས་ཕོ་མོ་གཉིས་ཀྱི་བརྒྱན་པ་དང། རྟ་བབས་ཀྱི་ལོགས་དེ་དག་ལ་ཡང་ལྷའི་ན་བཟའ་ ་རྣམ་པ་སྣ་ཚོགས་པའི་བླ་རེ་དང་བ་དན་དང་རྒྱལ་མཚན་དང་ཁ་དོག་སྣ་ཚོགས་མེ་ཏོག་གི་ཕྲེང་བ་དང་གསེར་དང་ནོར་བུ་སྣ་ཚོགས་པས་བརྒྱན་ཅིང་མཛེས་པར་གྱུར་པ་དང། གཟུངས་དང་སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་རང་བཞིན་དུ ་དག་པས་རིན་པོ་ཆེའི་ཁ་དོག་སྣ་ཚོགས་པ་ལས་རིན་པོ་ཆེ་གཞན་གྱིས་ཁ་དོག་གིས་ལེགས་པར་སྤྲས་པའི་འདོད་ཡོན་གྱི་སྣམ་བུ་ཤེལ་བཞིན་དུ་བསྟར་བ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ལྡན་པས་རིན་པོ་ཆེའི་སྣམ་བུ་ཁ་དོག་ལྔའི་རིན་པོ་ཆེའི ་ཕྲེང་བ་བརྒྱུས་པས་མིག་མངས་རིས་སུ་བྲིས་པས་མཛེས་པའི་ལོགས་རྣམས་དང། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་པས་དངུལ་དང། གསེར་དང། པདྨ་རཱ་ག་དང། ཨིནྡྲ་ནཱི་ལ་དང། བཻ་བཱུརྱ་ལས་གྲུབ་པའི་རྩིག་པ་ཡང་རྒྱ་དང ་དབང་སུ་མཚམས་པ་ལས། །སྒྱུ་མ་ལྟ་བུ་དང། ཏིང་ངེ་འཛིན་དང། རྣམ་པར་སྤྲུལ་པ་དང། ཆོས་ཡང་དག་པར་གྲུབ་པའི་ཕྱིར་དྲ་བ་དང། དྲ་བ་ཕྱེད་པ་འཕྱང་བ་དང། མེ་ཏོག་རྣམ་པ་སྣ་ཚོགས་པའི་དོ་ཤལ་ཀྱང་བར་བར་དུ་སྤྲས་པ་ལ་དྲ་བའི་ནང་དུ་པདྨ་དང་ཟླ་བ་དང། རྡོ་རྗེ ་དང། ཉི་མ་དང། ནོར་བུ་ལ་སོགས་པ་དུ་མས་བརྒྱན་པའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་བཀོད་པའི་འོད་ཟེར་བསམ་གྱིས་མི་ཁྱབ་པས་བརྒྱན་པས་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཟར་ཆོགས་དང་ལྡན་པ་དང། སྟོབས་དང། མི་འཇིགས་པ་དང། སངས ་རྒྱས་ཀྱི་ཡོན་ཏན་དུ་མ་དང་ལྡན་པས་དངུལ་ལས་གྲུབ་པའི་རིན་པོ་ཆེའི་རང་བཞིན་གྱི་མངའ་ཡབ་ལ་རྒྱལ་མཚན་དང་བ་དན་རྣམས་ཀྱི་སྤྲས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སོ་སོར་ངེས་པའི་ཕྱིར་རིན་པོ་ཆེའི་དབྱུག་པ་རྩེ་གསུམ་པ་དང་རྣམ ་པར་རོལ་བ་མིའི་རྒྱལ་མཚན་ལ་གསེར་གྱི་དྲིལ་བུ་གཡེར་ག་ངེས་པར་བཅིངས་པ་ལ་ཁ་དོག་སྣ་ཚོགས་པའི་རས་ཀྱི་རླུང་གིས་བསྐྱོད་པའི་འཁྱོག་པ་དང་བཅས་པ་སྤྱངས་པ་དང། དབང་པོ་དང། སྟོབས་དང། བདེན་པ་དང། བྱིན་གྱིས་བརླབས་པའི་རང ་བཞིན་གྱི་གདུགས་བཞི་དང། རྔ་ཡབ་དང། དུང་དང་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་པའོ། །ཕྱི་ནང་གི་དངོས་པོ་ཡང་མ་བསྒྲིབས་པར་གསལ་ཞིང་རིག་པ་དང་ལྡན་པས་རང་བཞིན་ལས་གྲུབ་པའི་ཀ་བ་དང་གདུང་ལ་སོགས་པ་ཡང་སོ་སོར་མངའ་ཐང་དང ་མཚམས་པར་གྲུབ་པ་དང། པདྨའི་ཟེ་འབྲུ་ལ་སྣ་ཚོགས་རྡོ་རྗེའི་དབུས་སུ་ཆོས་ཉིད་མི་འཁྲུག་པའི་དེ་ཁོ་ན་ཉིད་ལ་ངེས་པར་གནས་པའི་ཕྱིར་བརྟན་པར་བྱས་པ་པདྨའི་འདབ་མ་རྣམས་སུ་ཁོར་ཡུག་ལ་བུམ་པ་བཟང་པོ་ལས་འཐོན་པ་དགོངས་པ་ངེས ་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་ཤིང་རྣམས་ལ་འཁོར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་དང་ཚལ་དང་པགས་པ་ལ་སོགས་པའི་ཉེ་བའི་རིན་པོ་ཆེ་རྣམས་དང། གཞན་ཡང་བདག་མེད་པའི་རིན་པོ་ཆེ་སྒྲ་དང་ལྡན་ཞིང་ཡིད་དུ་འོང་བས་སེམས ་ཡོངས་སུ་ཚིམ་པར་བྱེད་པའི་དབྱངས་དུ་མ་དང་ལྡན་པའི་རི་དགས་ཀྱི་རྒྱལ་པོ་རྣམས་དང། ངང་པའི་རྒྱལ་པོ་དང། རྨ་བྱ་དང་ཤིན་ཏུ་མི་འམ་ཅི་ཕོ་མོ་དང་སྤྲིན་དང་ཁྲུས་ཀྱི་རྫིང་བུ་ལས་ལུས་ཕྱེད་འཐོན་པའི་རིག་པ་འཛིན་པ་རྣམས ་ཀྱིས་བརྒྱན་པ་དང། མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་རྣམས་ཀྱི་སོ་སོའི་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པ་གང་ཡང་མ་ཚང་བ་མེད་པ་གཞལ་ཡས་ཁང་དམ་པར་བྱིན་གྱིས་བརླབ་པར་བྱའོ། །དཀོན་མཆོག་གསུམ ་གྱི་བདེན་པའི་བྱིན་གྱིས་བརླབས་དང། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང། ཆོས་ཀྱི་དབྱིངས་ལས་གྲུབ་པའི་བྱིན་རླབས་དང། རིག་སྔགས་ཀྱི་རྒྱལ་པོའི་མཐུས་དེ་བཞིན་དུ་གྱུར་ཅིག། ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཏ་ཐཱ་ག་ཏཱ་ཡ ་ཨརཧ་ཏེ་སམྱཀསཾ་བྷུདྡྷ་ཡ། ཏདྱ་ཐཱ། ཨོཾ་བི་མ་ལ་སརྦ་སཾ་སྐ་ར་སིདྡྷ་སྠ་ན་སརྦ་བུདྡྷ་བོ་དྷི་སཏྭ་སྠ་ཀུ་ཌ་གྷ་ར་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱཧཱ་ཞེས་ལན་གསུམ་དུ་བརྗོད་པ་དང་བསམ་པར་བྱའོ།། །།དེ་ནས་དེ་ལྟར་བྱིན་གྱིས་བརླབ་པའི་གཞལ་ཡས་ཁང ་དེ་དག་གི་དབུས་སུ་སེང་གེའི་ཁྲི་པདྨའི་སྙིང་པོ་ཟླ་བ་རབ་ཏུ་རྒྱས་པའི་གདན་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་ཚེ་དཔག་ཏུ་མེད་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། བདེ་བར་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་དང། དེ་དག་གི་ཕྲིན་ལས་མ་ལུས་པ་གྲུབ་པར་བྱེད་པའི་རིག་པའི ་རྒྱལ་མོ་འཕགས་མ་སྒྲོལ་མ་ལ་སོགས་པ་རྣམས་ཀྱང་སོ་སོའི་ཞིང་ཁམས་དང། གནས་ནས་རང་གི་གདན་འཛོམས་པ་ལ་དི་རིང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན། ཅིང་མཆིས་ན། ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ ་མ་ལུས་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པའི་ཕྱིར། ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལ་གཞེས་ཏེ། དེང་གནས་འདིར་བྱོན་པར་ཅི་གནང། །ཞེས་ལན་གསུམ་དུ་བྱའོ། །དེ་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་དང། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ་པ་དང། དེ་བཞིན་གཤེགས་པ་རྣམས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་རྡོ་རྗེ་སྒྲོལ་མ་དང། རིན་ཆེན་སྒྲོལ་མ་དང། པདྨའི་སྒྲོལ་མ་དང། ལས་ཀྱི་སྒྲོལ་མ་དང། བདུག་སྤོས་སྒྲོལ་མ་དང། མེ་ཏོག་སྒྲོལ་མ་དང། མར་མེ་སྒྲོལ་མ་དང། དྲི་མཆོག་སྒྲོལ་མ་ལ་སོགས་པ་རྣམ་? ་ཆོག་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པའི་ཕྱིར། །དེ་རིང་མགོན་དང་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ནས་སོ་སོའི ་ཞིང་ཁམས་དང་གནས་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལས་བཞེངས་ནས་ཡིད་དུ་འོང་བའི་ཕོ་བྲང་དམ་པར་གདན་འཛོམ་པར་བྱོན་པར་གནང་བར་འཛོད་ཅིག་ཅེས་ལན་གསུམ་མོ། །དེང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་? ་ཡུམ་དུ་གྱུར་པ་རིག་པའི་རྒྱལ་མོ་ཆོས་ཀྱིས་སྤྲིན་གསེར་དུ་སྣང་བའི་སྒྲོལ་མ་དང། ཡང་དག་པའི་མཛའ་རབ་ཏུ་མི་གཡོ་བའི་སྒྲོལ་མ་དང། ཆོས་ཀྱི་དོན་ཡང་དག་པར་སྔོན་དུ་གྱུར་པའི་སྒྲོལ་མ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བློ་གྲོས་སྒྲོལ་མ ་དང། ཀུན་ནས་འོད་ཟེར་རབ་ཏུ་འཕྲོ་བའི་སྒྲོལ་མ་དང། ཉོན་མོངས་པ་ཐམས་ཅད་རིང་དུ་གྱུར་པའི་སྒྲོལ་མ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་འོད་བྱེད་པའི་སྒྲོལ་མ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རབ་ཏུ ་སྦྱངས་པར་གྱུར་བའི་སྒྲོལ་མ་དང་དྲི་མ་མེད་པར་རབ་ཏུ་སྣང་པའི་སྒྲོལ་མ་དང། ཡོན་ཏན་གྱི་ཚོགས་མ་ལུས་པ་རབ་ཏུ་དགའ་བའི་སྒྲོལ་མ་དང། རྣམ་པར་གྲོལ་བར་གྱུར་པ་ཤེས་རབ་སྒྲོལ་མ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྒྲོལ ་མ་དང། སངས་རྒྱས་ཐམས་ཅད་ཀྱི་ཐུགས་མཉམ་པར་མཉམ་པའི་སྒྲོལ་མ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་སྟབས་ཀྱིས་སྒྲོལ་མ་དང། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ལ་བརྩོན་པའི་སྒྲོལ་མ་དང། སྨོན་ལམ་གྱི་རྒྱ་མཚོའི་ཕ་རོལ་ཏུ ་ཕྱིན་པའི་སྒྲོལ་མ་དང། བརྟུལ་ཞུགས་མཆོག་ཏུ་གྱུར་པའི་རབ་ཏུ་བཟོད་པའི་སྒྲོལ་མ་དང། རྣམ་པ་ཐམས་ཅད་ཀྱི་ཐབས་དང་ལྡན་པའི་སྒྲོལ་མ་དང། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་མ་ལུས་པར་འགྱེད་པའི་སྒྲོལ་མ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི ་སྒྲོལ་མ་དང། ཆོས་ཐམས་ཅད་ཀྱི་སྲོག་རྣམ་པར་འཛིན་པའི་སྒྲོལ་མ་དང། སེམས་དང་ལས་རབ་ཏུ་མཁྱེན་པའི་སྒྲོལ་མ་དང། ཡོ་བྱད་ཀྱི་དབང་ཕྱུག་ཟ་མ་ཏོག་གི་སྒྲོལ་མ་དང། ལས་དང་སྐྱེ་བ་ཡང་དག་པར་མཁྱེན་ཅིང་གྲུབ་པའི་སྒྲོལ་མ་དང། ཐབས་ངེས་པར ་རྣམ་པར་སྒྲོལ་བའི་སྒྲོལ་མ་དང། ཆོས་ཡང་དག་པར་གྲུབ་པ་རྒྱ་མཚོའི་སྒྲོལ་མ་དང། སྨོན་ལམ་གྱི་མཆོག་ལེགས་པའི་དབྱངས་ཀྱི་སྒྲོལ་མ་དང། མོས་པའི་རྩ་བ་རབ་ཏུ་བརྟན་པ་ཆོས་ཀྱི་སྒྲོལ་མ་དང། རྫུ་འཕྲུལ་ཀུན་ནས་ངེས་པར་འགྲོ་བའི་སྒྲོལ་མ་དང། ་མཁྱེན་པས་རྣམ་པར་མཛེས་པའི་དཔལ་གྱི་སྒྲོལ་མ་དང། རིན་པོ་ཆེའི་བློ་ཡིད་བཞིན་གྱི་ནོར་བུའི་སྒྲོལ་མ་དང། གཙུག་ཏོར་རྣམ་པར་རྒྱལ་བའི་སྒྲོལ་མ་དང། ཀུན་ནས་འོད་ཟེར་རྣམ་པར་འགྱེད་པའི་སྒྲོལ་མ་དང། དེ་བཞིན་གཤེགས་པའི་གསང་འཛིན ་རི་ཁྲོད་ལོ་མའི་སྒྲོལ་མ་དང། ཤེས་རབ་ཀྱི་སྒོ་ཡང་དག་པར་འཕེལ་བའི་སྒྲོལ་མ་དང། སངས་རྒྱས་ཐམས་ཅད་མི་ཟད་པའི་ཡེ་ཤེས་ཟ་མ་ཏོག་གི་སྒྲོལ་མ་དང། ལས་ཐམས་ཅད་ཡང་དག་པར་སྦྱོར་ཞིང་འདྲེན་པའི་སྒྲོལ་མ་དང། སྤོངས་པ་མ་ལུས་པར་སྐྱེད ་ཅིང་དུག་སེལ་བའི་སྒྲོལ་མ་དང། རྣམ་པར་བཀོད་པ་ཀུན་ནས་མཛེས་པ་ཙུན་དའི་སྒྲོལ་མ་དང། སངས་རྒྱས་ཐམས་ཅད་ཀྱི་ཞལ་རྣམ་པར་མཛའ་ཡས་པའི་སྒྲོལ་མ་ལ་སོགས་པ་ཡང། ཆེ་གེ་མོ་ལ་སོགས་མཛའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ ་ལ་འགོད་པའི་ཕྱིར་དི་རིང་དཔུང་གཉེན་དང་མགོན་སྐྱབས་སུ་སྤྱན་འདྲེན་ཅིང་མཆིས་ན། སོ་སོའི་ཞིང་ཁམས་རྣམ་པར་དག་པ་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་གཞེས་ཏེ་ཐུགས་ཀྱིས་དགོངས། སྙན་གྱིས་གསན། །སྤྱན་གྱིས་གཟིགས་ནས་ཡིད་དུ་འོང་པའི་ཕོ་བྲང་དམ ་པར་མཆོད་པའི་ཚོགས་འབྱོར་པའི་དབུས་ན་གདན་འཛོམ་པ་ཆེན་པོ་ལ་བྱོན་པར་མཛོད་ཅིག་།ཅེས་ལན་གསུམ་དུ་བྱའོ། །དེང་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་བཟད་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་དང། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ནམ་མཁའ་ཨི་སྙིང་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཏོག་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་བྱད་ན་རྡོ་རྗེ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང ་ཕྱུག་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་འོད་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ཆེན་ཐོབ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་སོང་ཀུན་སྦྱོད་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དྲ་བའི་འོད་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་བརྩེགས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་མཛའ་ཡས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ཀུན་སེལ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་དང་མུན་པ་ཐམས་ཅད་སེལ་བ་ལ་སོགས་པ་རྣམས་ཀྱང། ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པར་བྱ་བའི་ཕྱིར ་དེ་རིང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། སོ་སོའི་ཞིང་ཁམས་རྣམ་པར་དག་པ་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལས་བཞེངས་ཏེ། ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ནས་ཡིད་དུ་འོང་བའི་ཕོ་བྲང་དམ་པར་མཆོད ་པའི་ཚོགས་འབྱོར་པའི་དབུས་གདན་འཛོམ་པ་ཆེན་པོ་ལ་བྱོན་པར་མཛོད་ཅིག་དང་ཞེས་ལན་གསུམ་དུའོ། །དེང་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་ངེས་པའི་ཚིག་ཡང་དག་པར་རིག་པ་ལྕགས་ཀྱུ་སྒྲོལ་མ་དང། ཆོས་ཡང་དག་པར་རིག་པ་ཞགས ་པ་སྒྲོལ་མ་དང། སྤོབས་པ་ཡང་དག་པར་རིག་པ་ལྕགས་སྒྲོག་སྒྲོལ་མ་དང། དོན་ཡང་དག་པར་རིག་པ་དྲིལ་བུ་སྒྲོལ་མ་ལ་སོགས་པ་དཀྱིལ་འཁོར་ཆེན་པོའི་སྒོ་སྐྱོང་བ་རྣམས་ཀྱང་ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་ལ་དགོད ་པའི་ཕྱིར། དེ་རིང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། སོ་སོའི་ཞིང་ཁམས་རྣམ་པར་དག་པ་ནས་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལས་གླེགས་ནས་ཐུགས་ཀྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ཏེ། ཡིད་དུ་འོང་བའི་ཕོ་བྲང་དམ ་བར་མཆོད་པའི་ཚོགས་འབྱོར་པའི་དབུས་གདན་འཛོམ་པ་ཆེན་པོ་ལ་བྱོན་བར་མཛེད་ཅིག་དང། ཆོས་ཀྱི་དབྱིངས་ཀྱིས་བྱིན་གྱིས་བརླབ་དང། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང། རིག་སྔགས་ཀྱི་རྒྱལ་མོ་འདིའི་སྟོབས་ཀྱིས་དེ་བཞིན་དུ་གྲུབ་པར་གྱུར་ཅིག་།ན་མོ་རཏན་ཏྲ་ཡ་ཡ ་ཨ་མི་ཏཱ་བྷཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ་ས་མྱཀསཾ་བུདྡྷ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ་མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་ཀུ་མ་རི་པདྨ་གརྡྷེ་སིདྡྷེ་བྷ་ག་བན། །ཀྵོ་བྷཡ་རཏ་ན་སཾ་བྷ་བ་བཻ་རོ་ཙ་ན་ཨ་མོ་གྷ་སིདྡྷི་བཛྲ་ཏཱ?་ར? ་རཏན་ཏཱ་ར་པདྨ་ཏཱ་ར་དྷུ་པ་ཏཱ་ར་པུཥཔ་ཏཱ་ར་དཱི་པ་ཏཱ་ར་གནདྷ་ཏཱ་ར་སརྦ་བུདྡྷི་བོ་དྷི་སཏྭ་ད་ཤ་དིཀ་བྱ་བ་ལོ་ཀསྠི་ཏ་ཨཱ་གཙྪ་ཨཱ་གཙྪ་སྭཱ་ཧཱ། ཞེས་ལན་གསུམ་དུའོ། །དེང་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་དབང་པོ་དང་མེ་ལྷ་དང། གཤིན་རྗེ་དང། སྲིན་པོ་དང། ཆུ་བདག ་དང། རླུང་ལྷ་དང། ནོར་འཛིན་དང། དགའ་ལྡན་དང། ཚངས་པ་དང། ཐགས་བཟངས་རིས་དང། སའི་ལྷ་མོ་དང། དབང་ཕྱུག་ཆེན་པོ་དང། ཀླུའི་རྒྱལ་པོ་རྣམས་དང། ནག་པོ་ཆེན་པོ་དང། དགའ་བའི་དབང་ཕྱུག་དང། ཚོགས་ཀྱི་བདག་པོ་དང། གཟའ་དང། རྒྱུ་སྐར་ལ་སོགས་པ་ཆོས ་སྐྱོང་བའི་སྲུང་མ་མཐུ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་མ་ལུས་པ་རྣམས་ཀྱང་སོ་སོའི་ཞིང་ཁམས་རྣམ་པར་དག་པ་ནས། ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པའི་ཚེ་དང་བསོད་ནམས་ལ་སོགས་སྤེལ་བ་དང། སངས་རྒྱས་ཀྱི་བསྟན་པ་དར་ཞིང ་རྒྱས་པའི་སླད་དུ་དི་རིང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་མ་སྔོན་གྱི་ཐུགས་དམ་ཁྱད་པར་ཅན་ལས་གླེངས་ཏེ། ཐུགས་དམ་གྱིས་དགོངས། སྙན་གྱིས་གསན། སྤྱན་གྱིས་གཟིགས་ནས་ཡིད་དུ་འོང་བའི་ཕོ་བྲང་དམ་པར་གདན་འཛོམ་པ་ཆེན་པོ ་ལ་བྱོན་པར་ཅི་གནང་ཞེས་ལན་གསུམ་དུའོ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་རླབས་དང། ཆེ་གེ་མོ་ལ་སོགས་པའི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་དེང་རྒྱལ་བ་སྲས་དང་བཅས་པ་མ་ལུས་པར་མངོན་སུམ་དུ་བྱོན་བར་གྱུར་པ་རྣམས་ལ། སྨན་གྱི་རྒྱལ ་པོ་རྣམས་དང་མཆོག་ཏུ་གྱུར་པའི་དྲི་ཕུན་སུམ་ཚོགས་པ་ལེགས་པར་སྦྱར་བ་རྣམས་ཀྱིས་ཆུ་ཤེལ་གྱི་བུམ་པ་ལ་རིན་པོ་ཆེ་དུ་མའི་ཕྲ་བཀོད་པའི་ཚུལ་ལ་ངེས་པར་ཐོན་པའི་རྒྱུན་གྱིས་རྒྱལ་བ་སྲས་དང་བཅས་པའི་ཞབས་ལ་བཀྲུ་བར ་བྱའོ། །དེ་ཡང་ཕྱོགས་མཚམས་རྣམས་སུ་དྲི་ཞིམ་པོའི་ངང་དང་ལྡན་པའི་ཙན་དན་དང་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་མི་ལས་ཁྱད་པར་འཕགས་པ་དཔལ་དང་གཟི་བརྗིད་འབར་བར་བྱེད་པའི་ལྷ་རྫས་མཆོག་ཏུ་གྱུར་པས་བླ་མ་དང་དེ་བཞིན་གཤེགས་པ་སས་དང ་བཅས་པ་དཀྱིལ་འཁོར་དུ་ངེས་པར་གྲུབ་པ་རྣམས་ཀྱི་སྐུ་ལ་བྱུགས་པར་བྱའོ། །དེ་ཡང་དྲི་མ་མེད་ཅིང་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་མོ་མའི་རྒྱུན་ལྟ་བུར་དཀར་ཞིང་བསིལ་བ་ལེགས་འཛིན་གྱི་དབང་པོ་ཚིམ་པར་བྱེད་པ་ཕྱི་དང་ནང་རྣམས་ཁྱད ་རྣམ་པར་དག་པར་སྦྱར་བའི་ཆུས་བླ་མ་དམ་པ་རྣམས་དང་རྒྱལ་བ་སྲས་དང་བཅས་ཀྱི་ཞལ་བསིལ་ཞིང་མཉེས་པར་བྱའོ།། །།ན་མ(རྒྱུད་འགྲེལ་གྱི་མཉེས་པར་བྱས་པ་ལས་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་དང། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དང། རིག་སྔགས་ཀྱི་མཐུས་དེ་བཞིན་དུ་གྱུར་ཅིག། དེ་ལྟར་དེའི་བྱིན་གྱིས་བརླབ་ཀྱིས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ ་སྙེད་དང་མཉམ་པའི་ཞབས་འབྲིང་དུ་གྱུར་ཅིག་།འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་དང་མཉམ་པའི་གྲངས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཉེས་པར་བྱེད་པར་རྒྱུར་ཅིང?། །སངས་རྒྱས་ཀྱི་ཞིང་མ་ལུས་པར་སྤྱོད་པ་དང། རྒྱལ ་བ་སྲས་དང་བཅས་པའི་ཕྲིན་ལས་མ་ལུས་པ་ལ་འཇུག་པར་གྱུར་ཅིག། སྐབས་ཐམས་ཅད་དུ་ལྷའི་སྡེ་སུམ་ཅུ་རྩ་གཉིས་ལ་སོགས་པས་སྲུང་བར་གྱུར་ཅིག། ཀླུའི་རྒྱལ་པོ་འཇོག་པོ་དང། ཀུའི་རྒྱལ་པོ་རྒྱ་མཚོའི་མཆིད་ལ་སོགས་པ་རྣམས་ཀྱིས ་བསྲུང་བ་དང། དུས་དང་ལྡན་པར་ཆར་འབེབས་པར་གྱུར་ཅིག་།རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་ཀྱང་བསྲུང་བ་དང་བསྐྱབ་པ་དང་སྤེད་པར་གྱུར་ཅིག། མཛའ་ཡས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱང་མི་ཁོམ་པ་བརྒྱད་ལས་ཐར་པ་དང་དལ?་བ་དང ་འབྱོར་བའི་ལུས་སུ་གྱུར་ཅིག། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་བསྐྱེད་པ་དང། བསྐྱེད་པ་རྣམས་འཕེལ་བ་དང་རྒྱལ་བར་གྱུར་ཅིག། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིག་དགོངས་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི ་ཐུགས་རབ་ཏུ་རངས་པར་ཡང་གྱུར་ཅིག་།སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཛིན་པ་དང། མི་འཕྲགས་བའི་ཡེ་ཤེས་ཆེན་པོ་ལ་གནས་པར་གྱུར་ཅིག་།དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་རྣམས་ཀྱང་རྒྱས་ཤིང་འཕེལ་ནས་སེམས་ཅན་ཐམས ་ཅད་ཀྱི་གནོད་པ་ཞི་བར་གྱུར་ཅིག་།དེ་ནས་སྔར་སྤྱན་དྲངས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་ཞབས་ལ་གཏུགས་པའི་ཕྱག་གསུམ་གསུམ་བྱའོ། །གདན་འཛོམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས ་པའི་ཚོགས་རྣམས་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མིའི་མེ་ཏོག་གི་བྱེ་བྲག་རང་རང་གི་བསོད་ནམས་ཀྱི་སྟོབས་ཀྱིས་ཡིད་ལས་བྱུང་བ་དང། ཆུ་དང་ཐང་དང་སྤང་རི་དང། ལྗོན་ཤིང་ལས་ཁྲུངས་པའི་ཁ་དོག་དང་དབྱིབས་ཕུན ་སུམ་ཚོགས་པ་དྲི་བསུང་ཆེན་པོ་དང་ལྡན་པ་རྣམས་ཀྱང་ཕྲེང་བ་དང་མེ་ཏོག་སིལ་མ་སྤེལ་ལེགས་ཀྱི་མེ་ཏོག་གི་ཆར་གྱི་རྒྱུན་ལྟ་བུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུལ་དབུལ་བར་བགྱིའོ། །ན་མ(རྒྱུད་འགྲེལ་ཨཱ་པུཥཔེ་པུ་ཙ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་རང་བཞིན་ནི་ཏིང་ངེ་འཛིན་ལས་བྱུང་བ་དང། ལྷན་ཅིག་སྐྱེས་པ་དང། རབ་ཏུ་སྦྱར་བ་ལ་སོགས་པའི་ཕྱོགས་ཐམས ་ཅད་དུ་དྲི་དང་ཆེན་པོ་དང་ལྡན་པ་སྤྲིན་གྱི་ཕུང་པོ་འཁྲིགས་པར་གྱུར་པ་ལྟ་བུ་ཡང་གདན་འཛོམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཤངས་ལ་དབུལ་བར་བགྱིའོ།། །།ན་མ(རྒྱུད་འགྲེལ་བོ་དྷི་སཏྭཱ་ནཾ་ཨོཾ་ཨཱ(རྒྱུད་འགྲེལ་སྦྱར་བ་དང། ཉི་མ་དང་ཟླ་བ་དང་རབ་ཏུ་སྣང་བར་གྱུར་པས་ཕྱོགས་མཚམས་གོ་འབྱེད་པ་ལེགས་པར་འཁྲུངས་ཤིང་འབར་བས་ལུས་ཅན་རྣམས་ཀྱི་མིག་གི་དབང་པོར་གསལ་བར་བྱེད་པའི་མར་མེའི་ཕྲེང་བ་ལ་སོགས་པ་ཡང་གདན་འཛོམ་པ་ཆེན་པོ་ལ ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་ལ་དབུལ་བར་བྱའོ།། །།ན་མ(རྒྱུད་འགྲེལ་རྣམས་ཀྱི་དྲི་བྱུག་པའི་ཁྱད་པར་ཁམས་ལས་སྐྱེས་པ་དང། འབྲུ་དང་སྨན་ལས་བྱུང་བ་དང། མེ་ཏོག་དང་འབྲས་བུ་ལས་སྦྱར་བའི་དྲི་མཆོག་དཀར་ཞིང་བསིལ་བ་དང། རེག་ན་བདེ་བའི་རྐྱེན་རྩིར་གྱུར་པ་དྲི་ཆབ་བདུད་རྩི་རྒྱུན་ལྟ་བུས་གདན་འཛོམ ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀར་དབུལ་བར་བགྱིའོ།། །།ན་མ(རྒྱུད་འགྲེལ་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་ཞལ་ཟས་ཀྱི་བྱེ་བྲག་རྣམ་པར་དག་པའི་ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་དགའ་བའི་སྟོབས་འཕེལ་ཞིང་དོན་ཡོང་བའི་རོ་བརྒྱ་དང་ལྡན་པ་ལ་བཟའ་བ་དང། བཅའ་བ་དང། བལྡག་པ་དང། མྱང ་བ་དང། འཇིབ་པ་དང། ཁྱད་པར་འཕགས་པའི་བཏུང་བའི་རྣམ་པ་རྣམས་ཀྱང་གདན་འཛོམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་ཞལ་དང་ཕྱོག་ཏུ་དབུལ་བར་བགྱིའོ།། །།ན་མ(རྒྱུད་འགྲེལ་པཱུ་ཛ་མེ་གྷ་ས་མུ་ཏྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རོལ་མོའི་བྱེ་བྲག་མངོན་པར་འདུས་མ་བྱས་པའི་སྒྲ་དབྱངས་དང། རྔ་དང། རྔ་ཆེན་དང། པི་ཝང་དང། གླིང་བུ་དང། འཁར་རྔ་དང། ་དུང་དང། དུང་དཀར་དང། ཕེག་རྡོབ་པ་ལ་སོགས་པ་ཚངས་པའི་དབྱངས་ལྟར་སྙན་ཅིང་ཡིད་འཕྲོག་པའི་རོལ་མོའི་རྣམ་པ་གདན་འཛོམ་པ་ཆེན་པོ་ལ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྟན་གྱི་དབང་པོ་ལ་དབུལ་བར་བགྱིའོ།། ་ན་མ(རྒྱུད་འགྲེལ་དུ་གྱུར་པ་དང། སེང་གེ་དང། གླང་པོ་ཆེ་དང། ཉི་ཟླ་དང། གསེར་དངུལ་དང། མུ་ཏིག་ལ་སོགས་པས་སྤྲས་པའི་གཟི་བརྗིད་འབར་བ་དང་མཐོ་ཞིང་མཛེས་པའི་ཁྲི་ལ་སོགས་པ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། བླ་རེ་དང། རྔ ་ཡབ་དང། ལྔ་ལྡིང་དང། ཕྲེང་རྒྱུད་དང། ནོར་བུ་ལ་སོགས་པ་དགོས་པའི་ཡོ་བྱད་དང། བློ་རྟེན་དང། སྐུ་ཡོལ་དང། ན་བཟའ་དང། མཐོ་བའི་སྟན་དག་མལ་ཆ་དང། ངོ་མཚར་བའི་རབ་ཏུ་བདེ་བའི་རྐྱེན་རྩི་ལ་སོགས་པ་ཡང་གདན་འཛོམ་པ་ཆེན ་པོ་ལ་བཞུགས་པའི་རྒྱལ་པོ་དང་བཅས་པ་རྣམས་ཀྱི་སྐུ་ལ་དབུལ་བར་བགྱིའོ། །ན་མ(རྒྱུད་འགྲེལ་ཀྱི་ཕུན་སུམ་ཚོགས་པའི་རྐྱེན་དུ་གྱུར་པ་ལ་ཁྲུས་གྱི་རྫིང་བུ་དང། བདུད་རྩིའི་སྨན་དང། མ་རྨོས་ལོ་ཏོག་དང། དཔག་བསམ་ཤིང་ཆེན་པོ་དང། བུམ་པ་བཟང་པོ་དང། གཏེར་ཆེན་པོ་དང། རལ་གྲི་དང། མིག་རྩ་དང ་འདོད་འཇོའི་བ་དང། རིན་པོ་ཆེ་དང། རྐང་བྱུག་ལ་སོགས་པ་གྲུབ་པའི་རྫས་དང་སྐྱེས་བུ་ཆེན་པོའི་སྔོན་དུ་འགྲོ་བའི་རྩིབས་སྟོང་དང་ལྡན་པའི་འཁོར་ལོ་དང། དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ་དང། ཡིད་འཕྲོག་པའི་བཙུན་མོ་དང། མཛོད་ཁེངས ་བློན་པོ་དང། ཤུགས་འགྲོའི་རྟ་དང། དཔའ་བརྟན་གླང་པོ་དང། བརྟུལ་ཕོང་དམག་མི་ལ་སོགས་པའི་རིན་པོ་ཆེ་རྣམ་པ་བདུན་དང། གདུགས་བཟངས་གསེར་གཡུ་ཅན་དང། དུང་དཀར་དང། ཆུ་སྐྱེས་དང། གསེར་ཉ་དང། བུམ་མཆོག་དང། རྒྱལ་མཚན་དང། ་དཔལ་བེ་དང། རབ་ཏུ་འབར་བའི་འཁོར་ལོ་ལ་སོགས་པ་སྐྱེས་བུ་མཆོག་རྣམས་ལ་བཀྲ་ཤིས་པའི་རྫས་སུ་གྱུར་པ་རྣམས་ཀྱང་གདན་འཛོམ་པ་ཆེན་པོ་ལ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་ཉེར་སྤྱོད་དུ་དབུལ ་བར་བགྱིའོ། །ན་མ(རྒྱུད་འགྲེལ་ལ་རིམ་པར་བཤམས་པ་འམ་བདག་པོས་གཟུང་བ་འམ། བདག་པོས་ཡོངས་སུ་མ་བཟུང་བའི་ཁྱད་པར་དང་བློས་སྦྲུལ་པའི་ཏིང་འཛིན་གྱི་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དུས་དང་དུས་མིན་དུ་བྱུང་པ་དང། ་མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱལ་བ་སྲས་དང་བཅས་པའི་སོ་སོའི་མངའ་ཐང་ལས་གྲུབ་པ་མ་ལུས་པ་རྣམས་ཀྱང་དང་པའི་བློ་ཡིས་ཞིང་གི་རྡུལ་སྙེད་དུ་སྦྲུལ་ནས་དབུལ་བར་བྱའོ། །དེ་ཡང་དཀོན་མཆོག་གསུམ་གྱི་བདེན ་པའི་བྱིན་གྱིས་བརླབ་དང། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐ་དང་རིག་པའི་རྒྱལ་མོ་འདི་ལན་བརྒྱ་རྩ་བརྒྱད་བརྗོད་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག་།ན་མ(རྒྱུད་འགྲེལ་པའི་སྤྲིན་ཆེན་པོས་བཏིབས་བར་འགྱུར་བའོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཡིད་ལ་བྱས་ནས་མཆོད་པ་ཕུལ་བས་སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་པ་རྣམས་སུ་མཆོད་སྤྲིན་གྱི་ཕུང་པོ་རྒྱུན་མི་འཆད་པར་གྱུར་ཅིག་།སངས ་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པ་རྣམས་ལྷུན་གྱིས་གྲུབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་མཐར་ཕྱིན་པར་གྱུར་ཅིག་།ཏིང་ངེ་འཛིན་གྱི་སྒོ་དུ་མ་རྣམས་ལ་གཟུངས་དང་རིག་པའི་སྒོ་ནས་འཇུག ་པར་གྱུར་ཅིག་།དེ་ལྟར་མཆོད་པའི་གུས་པས་བདག་དང་མཛའ་ཡས་པའི་སེམས་ཅན་མ་ལུས་རྣམས་མ་འོངས་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ནས ་ཡང་ཆོས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ལ་ཐོས་པའི་ཆོས་དེ་དག་མ་ལུས་པ་ཡང་ཐོབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ལ་བཀུར་སྟི་བྱེད་པ་ལྟར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ ་ཡང་ཆོས་རྣམས་ལ་བཀུར་སྟི་བྱེད་པར་གྱུར་ཅིག། ཇ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་མ་ལུས་པ་ལ་ཆོས་སྟོན་པ་ལྟར་བདག་ཅག་འགྲོ་བ་ལ་ཆོས་སྟོན་པར་གྱུར་ཅིག་།སངས་རྒྱས་ཀྱི་ཆོས་མ་ལུས་པ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་མཁས་ཤིང་རྫོགས་པ་ལྟར་བདག་ཅག་ཀྱང་དེ་བཞིན་དུ་གྱུར་ཅིག། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བརྒྱ་ཆེན་པོ་དང་ལྡན་པར་གྱུར་ཅིག། བྲོ་ ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་སྡིག་པ་ཐམས་ཅད་ཉམས་པ་དང། བཀྲ་མི་ཤིས་པ་ཐམས་ཅད་མི་འབྱུང་བ་དང། རྨི་ལམ་ངན་པ་ཐམས་ཅད་ཟློག་པ་དང། དུས་མ་ཡིན་པར་འབུམ་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་།སངས་རྒྱས་ཀྱི ་བསྟན་པ་ལ་མ་ཞུགས་པ་དང། ཞུགས་པ་རྣམས་ཀྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་འཕེལ་བ་དང། དགེ་བའི་རྩ་བ་བསྒྲུབ་པ་ལ་བགེགས་དང་ལོག་འདྲེན་ལ་སོགས་པ་ཐམས་ཅད་ཞི་ནས་མི་འབྱུང་བར་འགྱུར་ཅིག་།འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཆེ་གེ་མོ ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ལ་བསུང་བ་དང། བསྐྱབ་པ་དང། སྤེད་པ་དང། ཡོངས་སུ་གཟུང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་ཞི་བ་ལ་སོགས་པ་བྱེད་པར་གྱུར་ཅིག་།དགེ་བའི་རྩ་བ་འདིས ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་གྱུར་ནས་དེ་དག་གི་མཐུས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཅིག་།རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དད་པ་དང་ལྡན་པས་གུས་པས་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་བལྟ་བར་འདོད་པ་དང་དེ་དག་ལ་ཆོས་ཉན་པར་འདོད་པས་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག་།གཞན་ཡང་ལེགས་པར་སྦྱར་ཞིང་བཤམས་ནས་ཕུལ་བའི་མཆོད་པ་འདིས་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མ་ལུས་པ་རྣམས་དང་ནས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་གྱུར་ཅིག་།དེང་ནས་ངལ་བ་དང་དུབ་པ་མེད་པར་ནོར་དང་འབྲུ་དང་དབྱིག་ལ་སོགས་པ་རྣམས་ཚོགས་མེད་པར་རྙེད་པར་གྱུར་ཅིག་།དགྲ་བོ་ཐམས་ཅད་ལས་རབ་ཏུ་རྒྱལ་བར ་གྱུར་ཅིག་།རྒྱལ་པོ་ཐམས་ཅད་ཞི་བ་དང། གསོང་པོར་སྨྲ་བ་དང་ཡུལ་ལ་ཕན་པར་གྱུར་ཅིག་།ལུས་ལ་དུག་གིས་མི་ཚུགས་པ་དང། དབྱིག་དུག་གིས་མི་ཚུགས་པ་དང། རིམས་ཀྱིས་མི་ཚུགས་པ་དང། མཚོན་གྱིས་མི་ཚུགས་པ་དང། ཆུས་མི་ཚུགས ་པ་དེ་ན་མེས་མི་ཚུགས་པ་དང། མཁའ་འགྲོ་མའི་གནོད་པས་མི་ཚུགས་བར་གྱུར་ཅིག་།ནམ་འཆི་བའི་ཚེ་དེ་བཞིན་གཤེགས་པ་རྣམས་མཐོང་བར་གྱུར་ཅིག་།ཤི་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་པདྨའི་སྡོང་པོ་ལས་བརྫུས་ནས་སྐྱེ་བར་གྱུར་ཅིག་།མཆོད ་ཅིང་བསྙེན་བཀུར་བའི་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་རྒྱལ་བ་ཐམས་ཅད་ཀྱི་འཇུག་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཐོབ་བར་གྱུར་ཅིག་།སེམས་ཅན་གང་དག་འཆིད་བས་བཅིངས་པ་དང། སྡུག ་བསྔལ་བ་དང། ཡིད་མི་བདེ་བ་དང། ནད་དང་གནོད་པ་དང། སྡུག་བསྔལ་སྣ་ཚོགས་པས་གཙེས་པ་རྣམས་ཀྱིས་ནི་གནས་དང་སྐྱབས་དང་དཔུང་གཉེན་དུ་ཡང་གྱུར་ཅིག་།གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་མ་རུངས་པའི་སེམས་དང་ལྡན་པ་རྣམས་ཀྱང་བྱམས ་པའི་སེམས་དང། སྙིང་རྗེའི་སེམས་དང། དགའ་བའི་སེམས་དང། བག་ཡོད་པའི་སེམས་དང་ལྡན་པར་གྱུར་ཅིག་།བྱང་ཆུབ་པའི་སེམས་དང་ལྡན་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་བཀོད་པར་ཆེ་གེ ་མོ་ལ་སོགས་པའི་བདག་ཅག་རྣམས་ལེ་ལོ་དང། སྙོམས་ལས་དང་བྱ་བ་མ་ཡིན་པར་དུས་འདས་པར་མ་གྱུར་ཅིག་།སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འབུམ་ཕྲག་དུ་མའི་ཕྲིན་ལས་མ་ལུས་པ་སྒྲུབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད ་བཞིན་དུ་ཡོངས་སུ་རྫོགས་པར་གྱུར་ཅིག་།ངན་སོང་རྣམ་པ་གསུམ་ཡང་རྒྱུན་ཆད་པ་དང། མི་ཁོམ་པ་གཞན་ཡང་སྤང་བར་གྱུར་ཅིག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་མཚན་འཛིན་ཅིང་མཆོད་པ་དེའི་སྒྲིབ་པ་ཐམས་ཅད་ལུས་དང་ངག་དང ་ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་གྱུར་ཅིག་།གང་ལ་ལ་ཞིག་ཆོ་ག་གཞིན་དུ་སྦྱོར་བ་བྱེད་པ་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཅིག་།དེ་དག་གི་ལག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས ་ཀྱི་སྙིང་པོ་ལ་གནས་པར་གྱུར་ཅིག་།སྙིང་རྗེ་ཆེན་པོ་དང་ལྡན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའི་ཐབས་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དགོད་པར་གྱུར་ཅིག་།དཀོན་མཆོག ་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག་།དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཚན་ཡིད་ལ་དྲན་ནས་ཕྱག་རྒྱས་མཆོད་བ་ཕུལ་ནས། སྔར་བྱས་པའི་ཉེས་པ་ལས་དུག་འཐུངས་པ་ལྟ་བུའི་བསམ་པ་དང། ཕྱིས་ལུས་དང་སྲོག་ལ་བབ? ་ཀྱང་མི་བྱེད་པས་སྡིག་པ་ཐམས་ཅད་མཐོལ་ལོ་བཤགས་སོ།། །།ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱིས་སྔོན་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་པའི་བར་དུ་ཡང་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གིས ་ཀུན་ནས་བླངས་ནས་ལུས་དང་ངག་དང། ཡིད་ཀྱི་སྒོ་ནས་སྡིག་བ་མི་དགེ་བའི་ལས་བྱས་པ་དང། བྱེད་དུ་བཅུག་པ་དང། བྱེད་བ་ལ་རྗེས་སུ་ཡི་རང་བ་དང། མ་དང་ཕ་ལ་མ་གུས་པ་དང། གྲོགས་ཚངས་པར་མཚུངས་པ་ལ་མ་གུས་པ་དང། ་མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང། རྒྱུད་སྡོམ་པ་གསུམ་དང་འགལ་བ་དང། དམ་པའི་ཆོས་སྤངས་པ་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཅི་མཆིས་བ་དེ་དག་ཐམས་ཅད་ཤིན་དུ་གནོད་ཞིང་འགྱོད་པའི་སེམས་ཀྱིས་རྒྱལ་བ་སྲས ་དང་བཅས་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྤེད་དོ། །སླན་ཆད་ཀྱང་ལེགས་པར་སྡོམ་མོ་ཞེས་ལན་གསུམ་དུ་བྱའོ།། །དེང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་ཅག་གིས་མ་འཚལ་བའི་ཉེས་པའི་ཚོགས ་ཅི་མཆིས་པ་རྣམས་སྟོབས་བཞིའི་སྒོ་ནས་ཡང་དག་པར་བཤགས་པས། སྡིག་པ་དང་སྒྲིབ་པ་མ་ལུས་པ་ཐམས་ཅད་བྱང་བར་གྱུར་ཅིང། །ལུས་ངག་ཡིད་གསུམ་གྱི་ཉེས་པ་མ་ལུས་པ་དག་པར་གྱུར་ཅིག་།ཉོན་མོངས་པའི་སྒྲིབ་པ་དང། བག ་ཆགས་ཀྱི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་དང། སྙོམས་པར་འཇུག་པའི་སྒྲིབ་པ་ལ་སོགས་པ་སྒྲིབ་པའི་ཚོགས་བ་མ་ལུས་པ་རྣམ་པར་དག་པ་དང་བྱང་བར་གྱུར་ཅིག་།མཛའ་ཡས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱི་ཉེས་སྐྱོན་དུ་གྱུར་པ་ཐམས་ཅད་དག ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་ལ་ཕྱིན་པར་གྱུར་ཅིག་།འཁོར་བའི་མཛའ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཕ་དང་མ་ལ་སོགས་པ་དག་མ་དག་པའི་སེམས་ཅན་ཐམས་ཅད་ལ་རང་དང་གཞན་གྱི་སྨོན་ལམ་གྱི་མཐུ་ཆེན་པོ་དང། བསོད་ནམས་ཀྱི་ལས་ཀྱི་མ་ལུས ་པ་རྗེས་སུ་འཛིན་པར་གྱུར་ཅིག་།ཚ་བ་དང་གྲང་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་སྐེམས་པར་གྱུར་ཅིག་།ཕྱི་དང་ནང་གི་སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཡི་དགས་ཀྱི་ཚོགས་མ་ལུས་པ་རྣམས་ཀྱི་སྡུག་བསྔལ་འདྲེན་པར་གྱུར ་ཅིག་།དབྱིངས་དང་ཁ་འཐོར་ལ་གནས་པའི་དུར་འགྲོ་གླེན་ཞིང་གཏི་མུག་པ་རྣམས་ཀྱང་རང་རང་གི་སྡུག་བསྔལ་དང་བྲལ་ནས་ལྷ་ལ་སོགས་པའི་ལུས་སུ་གྱུར་ཅིག་།ལྟུང་བ་ལ་སོགས་ལུས་དང་སེམས་གཟིར་བའི་སྡུག་བསྔལ་དང། འཐབ་པ་དང། རྩོད་པ ་དང་འགྱེད་པ་ལ་སོགས་པའི་ལྷ་མ་ཡིན་གྱི་སྡུག་བསྔལ་མ་ལུས་པ་ཡང་བྱད་ནས། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་གྱུར་ཅིག་།སྐྱེ་རྒས་ན་འཆི་ལ་སོགས་མ་སྡུག་བསྔལ་བཅུ་གཅིག་གིས་རབ་ཏུ་མནར་བའི་འགྲོ་བ་མི་རྣམས་ཀྱང་རྟག་ཏུ་བདེ་ལེགས ་ཀྱི་སྤྱོད་པར་གྱུར་ཅིག་།དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ་གྱུར་ཅིག་།དེང་རྒྱལ་བ་སྲས་དང་བཅས་བཅས་པ་རྣམས་ལ་ཕྱག་བྱས་ནས་མཆོད་དེ་ཆེ་གེ་མོ་ལ་སོགས་པའི་མཛའ་ཡས་པའི་སེམས་ཅན་མ ་ལུས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་མཛའ་ཀླས་པ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་འཕགས་པ་རྣམས་ཀྱི་དགེ་པ་དང། སྐྱེ་བོ་ལ་སོགས་པ་གཞན་དག་གིས་མངོན་པར་མཐོ་བ་དང ་ངེས་བར་ལེགས་པའི་རྒྱུར་གྱུར་བའི་དགེ་བའི་རྩ་བ་མཛའ་དག་ལ་དགའ་ཞིང་སྤྲོ་བ་ཆེན་པོ་དང་ལྡན་པས་སྙིང་གི་དཀྱིལ་ནས་ཡི་རང་ངོ། །གཞན་དག་གི་དགེ་བ་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག་།སངས་རྒྱས་ཐམས་ཅད ་ཀྱི་ཕྲིན་ལས་མཐར་ཕྱིན་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པ་ཡོངས་སུ་རྫོགས་པར་གྱུར་ཅིག་།ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་ཐུགས་ཞི་བ་ལས་བཞེངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ཀྱི་བསླབ་པ་ལ་སློབ་པར་གྱུར་ཅིག་།སྐྱེ་བོ་རྣམས་ཀྱང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་མངོན་དུ་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པར་གྱུར་ཅིག་།ནམ་འཆི་བའི་དུས་ན་ཡང་སེམས་ལ་གདུང་པ་མེད་པར་དགའ་ ་བ་དང་བཅས་པས་མི་ལུས་དོན་ཡོད་པར་རང་དགར་འགྲོ་བར་གྱུར་ཅིག་།དེ་ལྟར་ཆོས་སྒོ་ཀུན་ལ་ཡི་རང་བ་ཚེ་རབས་རྣམས་སུ་ཐུབ་པའི་གསུང་རབ་འབྱམས་ལ་མ་རྨོངས་པ་དང། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་། ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པས་རྙེད་པ་དང། གྲགས་པ་ལ་མ་ལྟོས་པར་ལུས་ཅན་མ་ལུས་པ་རྣམས་ཀྱི་འཁོར་བའི་བར་དུ་དོན་བྱེད་པར་གྱུར་ཅིག་།ཇི་སྲིད་སེམས་ཅན་ཐམས་ཅད་བླ་ན་མེད་པའི་གོ་འཕང་ལ་མ་བཀོད་པ་དེ་སྲིད་དུ་ལུས་ངག་ཡིད ་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མ་ཆད་པར་མཉམ་པ་མེད་པའི་ཕུན་སུམ་ཚོགས་པ་དུ་མས་བརྒྱན་བར་གྱུར་ཅིག་།དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག་།དེང་རྒྱལ་བ་སྲས་དང་བཅས་པ ་རྣམས་ཀྱི་སྤྱན་སྔར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ཡང་ངེས་པར་འབྱུང་བ་དྲི་མ་མེད་པའི་ཚུལ་ཁྲིམས་རྒྱ་ཆེན་པོ་ཞི་བ་གྱ་ནོམ་པ་ལུས་ལ་སོགས་པ་ལེགས་པར་བསྡམས་པའི་སྤྱོད་པ་སངས་རྒྱས་ཀྱི་བསྟན་པའི་ཁང ་བཟངས་དམ་པར་གྱུར་བ་སྤོང་བའི་སེམས་འདུན་པ་དང་བཅས་པ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པར་བགྱིའོ། །ཕན་པ་རྒྱ་ཆེན་པོ་ལ་རབ་ཏུ་འཇུག་པ་རང་བས་གཞན་མཆོག་ཏུ་གཅེས་པར་མཛད་པའི་རྒྱལ་བ་སྲས་དང་བཅས་པའི་ངོ་མཚར་བའི ་སྤྱོད་པ་ལ་ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པས་ཀྱང་བསློབ་པར་བྱའོ། །རྒྱུ་དང་ལམ་དང་འབྲས་བུའི་དུས་སུ་བདེ་བས་བརྒྱན་ཅིང་དྲི་མ་མེད་པར་དག་པའི་ཐེག་པ་ལམ་མྱུར་ཞིང་ཐབས་མང་བ་དང་བཀའ་བ་མེད་པས་འཇུག་པ་རབ་ཏུ་བདེ་བ་བླ་ན་མེད ་པའི་མཆོག་འབྱུང་བའི་འབྲས་བུ་རྡོ་རྗེའི་དམ་ཚིག་ལ་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ཡང་དག་པར་གནས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་རྣམས་ལ་རབ་ཏུ་གཅེས་པའི་ལུས་སྡོམ་པ་གསུམ་གྱིས་བརྒྱན་ཅིང་མཛེས་པ ་འདི་དང། མཁོ་ཞིང་ཉེ་བར་ལོངས་སྤྱོད་པའི་ནོར་རྫས་དང། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱང་ཡོངས་སུ་དབུལ་བས་དུས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་ལོ། །དེང་ལྟར་མཆོད་པ་བཞེས་པའི་རྒྱལ ་བ་སྲས་དང་བཅས་པ་ཡེ་ཤེས་ཀྱི་སྐུ་ཅན་གྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུས་སྤྲས་ཞི་བ་ཆེན་པོ་རྣམས་དང། ཐུགས་ཞི་བ་ཆེན་པོ་རྣམས་དང། ཐུགས་ཞི་བ་ཆེན་པོ་ལས་མ་གཡོས་ཀྱང་སྐུ་རབ་ཏུ་ཁྲོས་པས་རྔམ་ཞིང་འཇིགས་པའི་ཚུལ་གྱི ་ཉམས་དགུ་དང་ལྡན་པའི་ཁྲོ་བོ་ཆེན་པོའི་ཚོགས་རྣམས་ལ་རབ་ཏུ་དང་བའི་དད་པ་རྩེ་གཅིག་དང་ལྡན་པ་མིག་མི་འཛུམས་པས་ལྟ་བར་བགྱིའོ་ཞེས་ལན་གསུམ་དུའོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་ཡིད ་??་ནས་ཕྱག་བྱས་མཆོད་པ་ཕུལ་བས་ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པ་མངའ་རིས་ཀྱི་འབངས་སུ་མཆིས་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཕུང་པོ་དང། ཡེ་ཤེས་ཀྱི་ཕུང་པོ་དཔག་ཏུ་མ ་མཆིས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཡང་བརྗོད་ཀྱི་མི་ལང་བ་བསམས་པ་ཙམ་གྱིས་ཐོབ་པར་གྱུར་ཅིག་།དེ་ལྟར་མཆོད་ཅིང་ཞུས་པའི་མཐུས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པའི་ཚུལ་ཁྲིམས་བསྲུང ་ཞིང་དེའི་དྲི་བསྲུང་གིས་ཕྱོགས་བཅུར་ཡོངས་སུ་དག་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བརྟན་པའི་ཚུལ་ཁྲིམས་དང། འགྱོད་པ་མེད་པའི་ཚུལ་ཁྲིམས་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང། ཚུལ་ཁྲིམས་ངན་པ་ཡོངས ་སུ་སྤོང་བའི་ཚུལ་ཁྲིམས་དང། ཐམས་ཅད་དུ་ཡང་དག་པར་མེད་པའི་ཚུལ་ཁྲིམས་དང། སྔོན་མ་བྱུང་བའི་ཚུལ་ཁྲིམས་དང། མཁན་པོ་མེད་པའི་ཚུལ་ཁྲིམས་དང། བྱ་བ་མེད་པའི་ཚུལ་ཁྲིམས་དང། གདུང་བ་མེད་པའི་ཚུལ་ཁྲིམས་དང། ཉོན་མོངས་པ་མེད་པའི ་ཚུལ་ཁྲིམས་དང། མཐར་ཕྱིན་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷུན་གྱིས་གྲུབ་པའི་ཚུལ་ཁྲིམས་དང་ལྡན་བར་གྱུར་ཅིག་།སེམས་ཅན ་ཐམས་ཅད་སྦྱིན་པ་དང་ཚུལ་ཁྲིམས་དང། བཟོད་པ་དང་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ལ་གོམས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱང་འཕགས་མ་སྒྲོལ་མའི་ཞབས་ཀྱི་པདམོ་དང་ལྡན་ཞིང། པདྨ་དེའི་དྲ་བསུང་གིས་ཕྱོགས་བཅུར ་ཡོངས་སུ་ཁྱབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་ཞིང། བླ་ན་མེད་པའི་ཟས་ཀྱི་དད་པས་ཕྱོགས་བཅུར་ཁྱབ་ཅིང་ཇི་ལྟར་བུར་བ་ནགས་ཀྱི་མེ་ཏོག་ལ་མི་གནོད་པ་ལྟར་སེམས་ཅན་ཐམས་ཅད ་ལ་གཅིག་ལ་གཅིག་མི་གནོད་པས་འཚོ་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཚད་མེད་པ་ལས་གྲུབ་པའི་ལུས་དང་ལྡན་པར་གྱུར་ཅིག་སེམས་ཅན་ཐམས་ཅད་རྟག་ཏུ་བྱམས་པའི་སེམས་ཀྱིས་ཡིད་ལ་དམིགས་པ་མེད་པར་སྦྱིན་པ་ལ ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་ནས་དེ་དག་གི་དགེ་བ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་དབང་ཅན་གྱི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་ཞུགས་ནས་དབང ་དུ་གྱུར་པའི་ས་ལ་གནས་བར་གྱུར་ཅིག་།ཏིང་ངེ་འཛིན་དེའི་མཐུས་གང་དང་གང་དུ་སྐྱེ་བར་འདོད་པ་དེར་ཡིད་བདེ་བཞིན་དུ་སྐྱེ་བར་གྱུར་ཅིག་།རིགས་ཀྱི་བུ་དེ་བྱང་ཆུབ་སེམས་ཀྱི་སྤྱད་པ་སྤྱོད་པ་ན། སེམས་ཅན་དམྱལ་བའི་འཇིག་རྟེན་རྣམས་དགེ་བའི་རྩ་བ་ལ་འཇོག་པར ་གྱུར་ནས། དམྱལ་བར་རང་དབང་ཅན་དུ་སྐྱེས་ནས་དམྱལ་བའི་སེམས་ཅན་འགྲོ་བ་རྣམས་ཐར་པ་ལ་འགོད་པར་གྱུར་ཅིག་།དམྱལ་བའི་སེམས་ཅན་རྣམས་ཆོས་རྣམ་པ་སྣ་ཚོགས་པ་རྣམས་བཤད་ནས་དམྱལ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་པར་གྱུར་ཅིག་།ཡི་དགས་རྣམས་སུ་རང་དབང་དུ་སྐྱེས་ནས་བཀྲེས་པ་དང་སྐོམ་པ་རྣམས་རྒྱུན་ཆད་པར་གྱུར་ཅིག་།བཟའ་བ་དང། བགོ་བ་དང། ནོར་གྱི་ཆར་ཆེན་པོས་ཡི་དགས་རྣམས་བདེ་བ་ལ་བཀོད་ནས་སེམས་ཅན་དེ་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པར་གྱུར་ཅིག་།དུད་འགྲོའི་འགྲོ་བ་རྣམས་སུ་རང་དབང་དུ་སྐྱེས་ནས་གཅིག་ལ་གཅིག་ཟ་བ་རྣམས་རྒྱན་ཆད་དེ་ཕན་ཚུན་བྱམས་པ་ལ་འགོད་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་ཚེལ་བ་དང། ཆོས་ཉན་པ་དང། དོན་སེམས ་པ་དང། སྨྲས་པ་ལྟར་སྤྱོད་པར་གྱུར་ཅིག་།དཀོན་མཆོག་གསུམ་གྱིས་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག་།དེ་ནས་རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མ་ལ་སོགས་པ་ལ་མདོག་དང། ཡོན་ཏན་དང་སྟོབས་དང་གཟི་བརྗིད་དང་མཛད་པ་ལ ་སོགས་པ་སྣ་ཚོགས་པའི་བསྟོད་པ་བྱའོ། །གཟུངས་སྔགས་མཐུ་ཆེན་པོ་དང་ལྡན་པ་འདི་ཡང་བརྗོད་པར་བྱའོ། ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་སརྦ་དུཥཔཾ་ཛམ་བྷ་ཡ་སྟཾ་བྷ་ཡ་མོ་ཧ་ཡ། བནདྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཥྚ་སྟཝཾ་བྷ་ནི་ཏཱ་རེ་སྭཱཧཱ། །དེ་ལྟར་བསྟོད་བ་རྣམས་དང། རིག་སྔགས་འདི་བཟླས་པ་ལས་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ལོང་སྤྱོད་པར་གྱུར་ཅིག། །སེམས ་ཅན་ཐམས་ཅད་ལ་ཆོས་ཀྱི་དོན་ཡང་དག་པར་འབྱོར་ཞིང་ཕུན་སུམ་ཚོགས་པ་ཐམས་ཅད་རང་གི་ཡོང་ལ་འདོད་པ་ཙམ་གྱིས་མོད་ལ་གཞན་ལ་དག་མ་ལུས་པར་ཐོབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང། ངག་དང་ཡིད་ཀྱི་མཛའ་ཐམས ་ཅད་དང། གནད་དུས་ཐམས་ཅད་དུ་དགེ་པའི་ལུས་དང། ངག་དང་ཡིད་ཀྱི་ལས་ཐམས་ཅད་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་རང་རན་གི་ལུས་ལ་མཚན་དང། དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པ་དང། རྟག་ཏུ་ཕན་ཚུན་གཅིག་ལ་གཅིག་འཇིགས ་པ་མེད་པ་དང། ཞི་འགྲས་པ་མེད་པ་དང། དགའ་པའི་ཡིད་དང། བྱམས་པའི་མིག་གིས་མངོན་པར་ལྟ་ཞིང་ཟབ་མོའི་ཆོས་ལ་མངོན་པར་བཟོད་པ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་པའི་སྤྱོད་པ་ལ་མངོན་པར་བརྩོན ་དང་འཁོར་བ་ཡོངས་སུ་སྤོང་བའི་བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང། སངས་རྒྱས་ཀྱི་སོལ་ཡང་དག་པར་གཞོལ་བར་གྱུར་ཅིག། ཉོན་མོངས་པ་དང་ཉེ་པའི་ཉོན་མོངས་པ་ཐམས་ཅད་རིང་དུ་སྤངས་ནས། བསམ་གཏན་དང། རྣམ་པར་ཐར་བ་དང། སྙོམས ་པར་འཇུག་པ་དང། ཏིང་ངེ་འཛིན་དང། མངོན་པར་ཤེས་པ་རྣམས་དང། རིག་པ་རྣམས་ཀྱང་ཕུན་སུམ་ཚོགས་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཤེས་རབ་དང། ཡེ་ཤེས་ཕུན་སུམ་ཚོགས་པ་དང། ཡང་དག་པར ་ལྡན་པར་གྱུར་ཅིག། སོ་སོར་ཡང་དག་པར་རིག་པའི་ཡེ་ཤེས་བཞི་ཐོབ་ནས་བཟོ་དང། བསྟན་བཅོས་དང། སྒྱུ་རྩལ་དང། སྤོབས་པ་དང། མཐུ་དང། གསང་བའི་ཆོ་ག་ཤེས་པ་དང། །དེ་ཁོ་ན་ཉིད་མཐོང་སྟེ། ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་མ་ལུས་པར ་སྤངས་པའི་ཡེ་ཤེས་ཆེན་པོ་ཐོབ་པར་གྱུར་ཅིག། ཆེ་གེ་མོ་ལ་སོགས་པའི་མཛའ་ཡས་པའི་འགྲོ་བ་མ་ལུས་པ་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སུ་བསྒྲོད་པ་དང། དེ་དག་གི་ཕྲིན་ལས་མ་ལུས ་པ་ལ་འཇུག་པར་གྱུར་ཅིག། སྐྱོབ་པ་ཤཱཀྱ་སེང་གེའི་བསྟན་པ་ལ་རབ་ཏུ་གསལ་བ་དང། བདུད་སྡེ་བཅོམ་པ་དང། །བདེ་ལེགས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡང་ཤོག་ཅིག། སྙིགས་མའི་དུས་སུ་ཉོན་མོངས་པ་ལ་བབ་བ་ན། བདག་གིས་ལྷག་པའི་བསམ་པ་ན ་པར་དག་པས། འཇིག་རྟེན་དུ་འདུལ་བའི་མཐུ་ཐོབ་སྟེ། འགྲོ་བ་མ་ལུས་པ་བདེ་བ་ལ་འགོད་པར་གྱུར་ཅིག། གདུལ་བྱའི་དབང་གིས་གང་ནས་གང་དུ་སྐྱེ་བར་བྱེད་ན་ཡང། སྙིང་གི་པདྨམ་ལ་རྗེས་བཙུན་མ་སྒྲོལ་མ་བཞུགས་ནས་ཐོས་པ་དང། བསམ་པ་དང། སྒོམ་པ་ལྷུར ་བྱས་ཏེ། གཞན་དོན་རྒྱ་ཆེན་པོ་ལ་འཇུག་པར་གྱུར་ཅིག། བདེ་བ་དང་ལེགས་པ་ཐམས་ཅད་ཀྱི་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསྐྱེད་པའི་གཞིར་གྱུར་པའི་བདག་གི་ལུས་དང་ངག་དང། ཡིད་ཀྱི་བྱ་བ་མ་ལུས་པ་ཀུན་ཡང་ཆོས་བཞིན ་དུ་དགེ་བ་དང། ཞི་བ་དང་ངེས་པར་གྱུར་ཅིག། ནམ་དུ་ཡང་ཆགས་སྡང་དང། འཁྲུག་པ་དང་ཡིད་མི་བདེ་བ་མི་འབྱུང་ཞིང་དཀར་པོའི་ཡོན་ཏན་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་པར་གྱུར་ཅིག། རྟག་ཏུ་ཡང་དག་པའི་ཡེ་ཤེས་ལ་གནས་ཏེ་རྩོན་པ་དང། ་བཤད་བ་དང། རྩོད་པ་དང། མཐུ་རྩལ་དང། སྤོབས་པ་དང། རིས་དང། ཡོན་ཏན་དང། ལོངས་སྤྱོད་དང། དོན་དང། ཚིག་དང། ཤེས་རབ་ལ་སོགས་པ་གཞན་དོན་ལ་འཇུག་ཅིང་ཞུགས་པའི་ཕྲིན་ལས་རྒྱ་ཆེན་པོ་ཐོབ་བར་གྱུར་ཅིག། དང་ནས་བརྩམས ་ཏེ་དུས་ཐམས་ཅད་དུ་ནོར་བདུན་གྱི་ཡོན་ཏན་ལྡན་པའི་མིའི་ལུས་སུ་སྟོབས་ཆེན་པོས་འགྲོ་བ་མ་ལུས་པ་དགེ་བ་ལ་དགོད་པར་བྱས་ནས་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་གྱུར་ཅིག། མདོར་ན་དེ་བཞིན་གཤེགས་པ་སྲས ་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་བ་དང། ཚད་མེད་པའི་ཕྲིན་ལས་ངོ་མཚར་དུ་གྱུར་པ་དང། སྐུ་གསུམ་གྱི་རྣམ་པར་འབྲུལ་པ་ལ་སེམས་དགའ་ཞིང་སྤྲོ་བས་ཉིན་མཚན་དུ ་ལུས་ཀྱི་བ་སྤུ་ལངས་ཏེ་དབུགས་ཕྱང་ནས་བསྟོད་དབྱངས་དུ་མས་བསྟོང་བར་འགྱུར་ཅིག། མཆོག་གི་རིག་སྐྱེས་ནས་བྱམས་བ་དང་ལྡན་པ་དང། ལུས་བཟང་བ་དང། ཤེས་རབ་རྣོ་བ་དང། བྱང་ཆུབ་སེམས་དཔའ་ཨི་གྲོགས་དང་འགྲོགས་པ་དང། སྦྱིན་པ་ལ་སོགས་པ་གོམས ་ཤིང་དེ་ལ་འབྲས་བུ་མི་འདོད་པ་དང། གསོང་པོར་བྱེད་ཅིང་སངས་རྒྱས་ལ་གུས་པས་སྙན་པའི་དབྱངས་ཀྱིས་བསྟོད་པར་ཤོག་།རིག་སྔགས་འདི་ལན་བརྒྱད་བཟླས་པས་དེ་བཞིན་གཤེགས་པ་ལ་སྙན་པའི་དབྱངས་ཀྱིས་མ་ལུས་པ་ལ་བསྟོད ་བསྟོད་པར་འགྱུར་རོ།། །།ན་མ(རྒྱུད་འགྲེལ་ཕྱིར་སྐྱབས་གསུམ་སྐྱོབ་བ་དང། བཅས་པ་ལ་རབ་ཏུ་གྲུབ་བས་སྐྱབས་སུ་མཆིའོ། །དེ་ཡང་རྣམ་བར་དག་པའི་ཡེ་ཤེས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་སྐུ་གསུམ་ལྷུན་གྱིས་གྲུབ་བའི་ཕྱག་རྒྱ་མཚོན་པའི་ལྷ་ཚོགས་གྲགས་པ་འཇིག་རྟེན ་གསུམ་གྱི་མགོན་པོ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྨྲ་བསམ་བརྗོད་དུ་མེད་པ་གསུང་གི་རང་བཞིན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་མཚན་ཉིད་སོ་སོའི་ཡེ་ཤེས་མ་ལུས་པར་སྟོན ་པ་དམ་ཆོས་མདོ་སྡེ་རྣམས་ལ་?་འཚལ་ཞིང་སྐྱབས་སུ་མཆིའོ། །འཁོར་བའི་རྒྱ་མཚོར་མིག་ཟུམ་ནས་སྟོར་བའི་འགྲོ་བའི་སྐྱབས་དང་གཉེན་མཛད་ཅིང་ཕྲིན་ལས་བཞི་ཡིས་ཐུགས་རྩེ་གཅིག་པར་དོན་མཛད་བའི་གཙོ་བོ་ཐེག་པ་ཆེན་པོའི ་དགེ་འདུན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་ལན་གསུམ་དུའོ། །དེ་ལྟར་སྐྱབས་གསུམ་བླ་མ་དང་བཅས་པ་ལ་དབང་པོར་གཞག། རྟེན་དུ་གཟུང་སྐྱབས་སུ་གསོལ་ནས་སྟོབས་དང་གྲོགས་ཞུས་པས། དེ་བཞིན་དུ་གཟིགས་ཏེ་ཆེ་གེ་མོ་ལ་སོགས ་པ་མཛའ་ཡས་བའི་འགྲོ་བ་མ་ལུས་པ་རྣམས་སྲིད་པའི་རྒྱ་མཚོའི་རྦ་རླབས་དྲག་པོས་རང་དབང་མེད་པར་གཡེངས་ཏེ། མགོན་མེད་པར་བྱིད་བ་རྣམས་ལ་དེད་ནས་གཟུང་ནས་བྱང་ཆུབ་ལ་ཐུག་གིས་བར་དུ་བླ་ན་མེད་པ་གསུམ་ལ་སྐྱབས་སུ་མཆིས་པའི ་སེམས་ཅན་གླིང་མེད་རྣམས་ཀྱི་གླིང་དུ་གྱུར་ཅིག། གནས་མེད་པ་རྣམས་ཀྱི་གནས་སུ་གྱུར་ཅིག་།སྐྱབས་མེད་རྣམས་ཀྱི་སྐྱབས་སུ་གྱུར་ཅིག། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པར་གྱུར་ཅིག། མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག། དཔུང་གཉེན་མེད་པ ་རྣམས་ཀྱི་དབུང་གཉེན་དུ་གྱུར་ཅིག། ཇི་སྲིད་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དེ་ཇི་སྲིད་དུ་བདག་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ་ཞིང་སེམས་ཅན་ཐམས་ཅད་ལ་ལམ་བར་བ་དང། འཇུག་པ་རབ་ཏུ་བདེ་བའི ་སྒོ?་ནས་ཕན་པ་དང། བདེ་བ་རྒྱ་ཆེན་པོ་ནམ་མཁའ་ཨི་མཛའ་ཀླས་པ་ཙམ་གྱིས་གང་ཞིང་ཡོངས་སུ་རྒྱས་པར་གྱུར་ཅིག། སྐྱབས་སུ་འགྲོ་བའི་དག་བའི་རྩ་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་གོ་འཕང་ལ་འགོད་པར་གྱུར་ཅིག། །གཞན་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ལ་བཀོད་བར་དུ་ཡང་ལྷ་དང་མིའི་རྟེན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རང་རང་གི་དགེ་བའི ་བཤེས་གཉེན་དེ་ཉིད་ཀུན་ཏུ་སྦྱོད་པར་ཚོགས་པའི་སྒོ་ནས། བྱང་ཆུབ་སེམས་དཔའ་ཨི་སྐྱོད་པ་ངོ་མཚར་བས་ཡང་དག་པར་མཉེས་པར་བྱེད་པར་གྱུར་ཅིག། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཡང་མི་འབྲལ་བར་གྱུར་ཅིག་ཐེག་པ་ཆེན་པོའི ་ཆོས་མཛའ་དག་ལ་དགའ་བ་དེ་ཁ་ན་མ་ཐོ་བ་མེད་པས་ལོང་སྤྱོད་པར་གྱུར་ཅིག། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲུབ་པ་ལ་ཡང་དག་པར་གནས་པར་གྱུར་ཅིག། དེ་ལྟར ་གུས་ཤིང་སྐྱབས་སུ་མཆི་བས་བདག་ཉིད་བསླབ་པ་གསུམ་གྱིས་ལུས་ཡོངས་སུ་རྫོགས་པར་བྱས་ནས། །གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གྲངས་མེད་པ་རྣམས་ལ་ལོངས་སྤྱོད་ཅིང་སྤྱན་དང། མངོན་པར་ཤེས་པ་ལ ་སོགས་པ་ཡོན་ཏན་ཐམས་ཅད་ལ་དབང་ཐོབ་ཅིང་རང་རྒྱང་ཕྱུག་ཅིང་རྒྱས་པར་གྱུར་ཅིག་བདུད་ཀྱི་གནོད་པ་དང། བར་དུ་གཅོད་པ་ཐམས་ཅད་ཀྱིས་མི་བརྫི་བར་གྱུར་ཅིག་།དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པའི་མཐུས་ཡོངས་སུ་རྫོགས ་ཤིང། སྨིན་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ཅིང་ཐབས་མཁས་པས་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག། མཐར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ནས་སེམས་ཅན་ཐམས་ཅད ་འཁོར་བའི་རྒྱ་མཚོ་ལས་ཡོངས་སུ་སྒྲོལ་བར་གྱུར་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྱུར་ཅིག། དེང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་མཚན་ནས་བརྗོད་ཕྱག་འཚལ་སྐྱབས་སུ ་གསོལ་ནས། ཆེ་གེ་མོ་ལ་སོགས་པ་མཛའ་ཡས་པའི་འགྲོ་བ་མ་ལུས་པའི་མུན་པ་བསལ་ནས། ལམ་མཆོག་ཏུ་གྱུར་པ་བསྐྱེད་པའི་ཕྱིར་དང། གློ་བུར་གྱི་ཉོན་མོངས་པས་གདུངས་པའི་སྐྱེ་བོ་མཛའ་དག་བསྒྲལ་བར་བྱ་བའི་དོན་དུ ་གསོལ་པ་ནི། མགོན་པོ་གང་ཞིག་གིས་གང་ཟག་པ་མེད་པའི་བདུད་རྩིའི་མཆོག་བརྙེས་ཀྱང་སེམས་ཅན་གྱི་ལས་དང་སྐལ་བའི་དབང་གིས་ཐུགས་ཆུབ་ཟད་སྙོམ་པར་ཞུགས་པ་རྣམས་ལ་དམ་པ་ཆོས་ཀྱི་བདུད་རྩི་དྲི་མ་མེད་ཅིང་འོད ་གསལ་བ་གསུང་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ་ཞེས་ལན་གསུམ་མོ། །གང་ཡང་འཇིག་རྟེན་གྱི་སྒྲོན་མ་དམ་པ་དེ་ད་རིང་དུ་མི་གནས་པར་ཞི་བར་གཤེགས་པར་བཞེད་པ་དེ་དག་ལ་ཡང་ཇི་སྲིད་སེམས་ཅན་གྱི་ཁམས་ཡོད་པ་དེ་སྲིད་དུ་ཉི་མ་དང། ཟླ ་བ་ལྟ་བུའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ལ་རབ་ཏུ་གསལ་བར་བཞུགས་སུ་གསོལ་བ་སྟེ། བདུད་བཞི་བཅོམ་པའི་སྨན་པའི་མཆོག་ཆེན་པོ་ཁྱོད་ལ་གུས་པས་རབ་ཏུ་བཞུགས་པ་གསོལ་བ་འདེབས་སོ་ལན་གསུམ་དུ་བྱའོ།། །།འཇིག་རྟེན་མ་རིག་པ་ལ་སོགས ་པས་རབ་ཏུ་ལྡོངས?་པ་རྣམས་ལ་དྲི་མ་མེད་ཅིང་འོད་གསལ་བའི་རང་བཞིན་ཡོངས་སུ་གསལ་བར་གྱུར་ཅིག། རྒྱལ་བ་སྲས་དང་བཅད་པ་རྣམས་ལ་མཆོད་ཅིང། གུས་པས་ཆོས་ཀྱི་སྒྲོན་མ་སྤར་པ་ཞུས་པ་ལས་ཆེ་གེ་མོ་ལ་སོགས་པ་མངའ་རིས་ཀྱི་འབངས་སུ་མཆིས་བ་རྣམས ་དང། གཞན་ཡང་འགྲོ་བ་མ་ལུས་པ་རྣམས་ཀྱི་ཐེག་པ་གསུམ་གྱི་ཆོས་མ་ལུས་པ་ལ་རང་དབང་ཐོབ་པར་གྱུར་ཅིག། འཇིག་རྟེན་གྱི་ཁམས་གཞན་དག་གཞན་དག་ཏུ་ཆོས་ཀྱི་འཁོར་ལོ་དྲི་མ་མེད་པས་གཞན་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག། ཁམས་གསུམ་གྱི ་འགྲོ་བ་མ་ལུས་པ་རྣམས་ལ་རང་རང་དང་འཚམ་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ངམ་པས་བསམ་པ་དང་འཐུང་པའི་ཆོས་མཐུན་པའི་ཆོས་སྟོན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱང་ཐོས་པ་དང་བསམ་པ་ལྷུར་བྱས་ནས། ཏིང་ངེ་འཛིན་ ་གྱི་སྒོ་རྣམས་ལ་སྙོམས་པར་འཇུག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལ་དགེ་བ་བཅུའི་ལས་ཀྱི་ལམ་རབ་ཏུ་སྟོན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བ་ཇི་སྙེད་བ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་འམ་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པའམ། ཤེས་རབ ་ཀྱི་ཕུང་པོ་དང་ལྡན་པ་འམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པའམ། འཕགས་པའི་བདེ་བ་དང་ལྡན་པ་དེ་དག་ཀྱང་ངེས་པར་འབྱུང་བའི་དོན་དུ་སྟོན་པར་གྱུར་ཅིག། །གང་ཡང་དག་པར་བསྒྲུབ་པ་ལ་ཆོས་གང་དུ་བྲི་བ་འམ། བླང་བ ་འམ། དོར་བ་དང། གཟུང་བ་དང། སྡང་བ་མེད་པར་གཞན་ལ་འཆད་པར་གྱུར་ཅིག། ཡང་དག་པར་བསྒྲུབ་པ་ལ་ཞུགས་པ་ནི་གཉིས་ལ་བློ་མ་འཇུག་སྟེ། ཆོས་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་ནས། ་དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ངེས་པར་འབྱུང་བའི་ལས་ཡང་དག་པར་སྟོན་པར་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པ་ལ་བསྐུལ་ཞིང་གསོལ་བས་ཆེ་གེ་མོ་ལ་སོགས་པ་བཀའ་ཨི་འབངས་ཐམས་ཅད ་ཀྱིས་འཁོར་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་ཤེས་པས་འཁོར་ཐམས་ཅད་མགུ་བར་བྱེད་པ་དང། འཁོར་ཐམས་ཅད་ཀྱིས་ལུས་སེམས་ཚིམ་པར་བྱེད་བ་དང། འཁོར་ཐམས་ཅད་དགའ་བ་དང། རབ་ཏུ་དགའ་བ་དང། དང་ལ་བསྐྱེད་པ་དང། སྙིང་རྗེ་ཆེན་པོ་ལ ་སྦྱོར་བ་དང། དེ་ཁོ་ན་ཉིད་མཉམ་པ་ཉིད་དུ་རྟོགས་པ་དང། གཞན་མ་ཡིན་པ་ཉིད་དང། མི་འགྱུར་བ་ཉིད་དང། མི་འཁྲུགས་པ་ཉིད་དང། འབྱུང་བ་མེད་པ་ཉིད་དང། འཇིགས་པ་མེད་པ་ཉིད་དང། རྩོད་པ་མེད་པ་ཉིད་དུ་སྟོན་པར་གྱུར་ཅིག། རྒྱལ་བ་སྲས་དང་བཅས་པའི་ཆོས ་ཀྱི་གསུང་དྲི་མ་མེད་པ་དེ་བཞིན་ཉིད་དང་མཉམ་ཞིང། ཆོས་ཀྱི་དབྱིངས་ཀྱི་ངོས་མཉམ་པ་དེས་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་རྣམས་ལ་ཐོགས་པ་མེད་ཅིང་ཁྱབ་པར་གྱུར་ཅིག། །དེ་བཞིན་གཤེགས་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ? ་གཞལ་དུ་མེད་བརྗོད་དུ་མེད་པའི་ཆོས་དང་ལྡན་ཞིང། སྙིང་རྗེ་ཆེན་པོས་ཟིན་པའི་སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ལམ་ཡང་དག་པར་སྟོན་པར་གྱུར་ཅིག། །ནམ་མཁའ་མཛའ་ཡས་མུ་མེད་པ་བཞིན་དུ་རྒྱལ་སྲས་དང་བཅས་པའི་མཁྱེན་པ་དང། བརྩེ་བ ་མུ་མེད་པས་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མཛའ་ཡས་མུ་མེད་ལ་བརྩེ་བས་བུ་ལྟ་བུར་དགོངས་ནས། །འགྲོ་བ་མ་ལུས་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསུང་དྲི་མ་མེད་པ་ཐོས་ནས། མངོན་པར་ཡིད་ཆེས། རབ་ཏུ་རྟོགས་དྲི་མ་མེད་པ་ཐེ་ཚོམ་མི་ཟ་བ་དང། རྒྱ ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས། ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་དོན་ལ་ངོ་མཚར་བ་དང། རྨད་དུ་བྱུང་བའི་འདུ་ཤེས་སྐྱེ་བར་གྱུར་ཅིག་།རྒྱལ་བ་སྲས་དང་བཅས་པས་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་སྙིང་རྗེས་མི་གཏོང་ཞིང་ཐམས ་ཅད་ཀྱང་ངོ་མཚར་བའི་འཇུག་པ་ལ་གནས་པར་གྱུར་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་གྲུབ་པར་གྱུར་ཅིག། དེང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས ་ཀྱི་སྤྱན་སྔར་མཛའ་ཡས་པའི་འགྲོ་བ་མ་ལུས་པའི་ཆེད་དུ་དུས་འདི་ནས་བཟུང་ནས། བླ་ན་མེད་པའི་བྱང་ཆུབ་ལ་མཆིས་ཀྱི་བར་དུ་འགྲོ་བའི་རྒྱ་མཚོར་བྱིང་པའི་མཛའ་ཡས་པའི་འགྲོ་བ་མ་ལུས་པ་གདོན་པར་བྱ་བའི་ཕྱིར། ཇི་ལྟར་འདས་པ་དང། མ་འོངས་ ་བ་དང། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབས་པ་དང། སློབ་པ་དང། སློབ་པར་གྱུར་པའི་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པར་རང་བཞིན་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་ཀྱི་ཆོས་ཀྱི་ཆོས་ཉིད་རྗེས་སུ་གཟིགས་ནས ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར། ཆེ་གེ་མོ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིས་ཏེ། འཁོར་བའི་རྒྱ་མཚོ་ལས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང། མ་གྲོལ་བ་རྣམས་གྲོལ་བར་བྱ་བ་དང ་དབུགས་མ་བྱིན་བ་རྣམས་དབུགས་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཆོས་ཀྱི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་བར་བགྱིའོ། །སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས ་ལ་ཡང་དག་པར་བསླབ་པར་བགྱིའོ་ཞེས་ལན་གསུམ་དུའོ། །དེ་ལྟར་རྒྱས་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་སེམས་བསྐྱེད་པ་མ་ལུས་པའི་འགྲོ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་གྱུར་ཅིག་།ཉོན་མོངས་བའི་རྒྱ་མཚོ་ལས་སེམས་ཅན ་མ་སྒྲོལ་བ་རྣམས་བདག་གིས་ཡོངས་སུ་སྒྲོ་བ་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་ལས་ཀྱི་ལུ་གུ་རྒྱུད་ལས་མ་སྒྲོལ་བ་རྣམས་བདག་གིས་སྒྲོལ་བར་བྱེད་པར་གྱུར་ཅིག་།འཁོར་བའི་རྒྱ་མཚོ་དཔའ་ཀློང་རབ་ཏུ་འཁྲུགས་པ་ལས་སེམས ་ཅན་ཐམས་ཅད་དབུགས་དབྱུང་བའི་སྐབས་མེད་པ་ལ་བདག་གིས་ཡོངས་སུ་དབུགས་འབྱིན་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་བདག་གིས་ཡོངས་སུ་མྱ་ངན་འདའ་བར་གྱུར་ཅིག ་གཞན་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་།བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལྷ་དང་མིའི་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག་།བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མི་འབྲལ་བར་གྱུར ་ཅིག་།བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་འཕེལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་ཡང་དག་པར་གནས་པར་གྱུར་ཅིག་།དགེ་བའི་བཤེས་གཉེན་དམ་པ་དང་འགྲོགས་བ་དང་མི་འབྲལ་བར་གྱུར་ཅིག། དེའི་གདམས་བ ་དང། རྗེས་སུ་གནང་བ་དང་བཅས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ལམ་རྣམ་པ་ལྔའི་བདག་ཉིད་རིམ་གྱིས་བགྲོད་པར་གྱུར་ཅིག་།དེ་ལ་དང་པོ་ཚོགས་ཀྱི་ལམ་ལ་གནས་ཏེ་འདུན་པ་དང་བཅས་པའི་སེམས་བསྐྱེད ་པ་ས་ལྟ་བུ་དང། བསམ་པ་དང་ལྡན་པའི་སེམས་བསྐྱེད་པ་གསེར་བཟང་པོ་ལྟ་བུ་དང། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་པ་ཟླ་བ་ཚེས་པ་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག་།དེས་ཞི་གནས་དང་ལྷག་མཐོང་དང། བསོད་ནམས་ཡེ ་ཤེས་ཀྱི་ཚོགས་འཕེལ་བས་འཇིག་རྟེན་ཕལ་པོ་ཆེ་ལས་ཁྱད་པར་དུ་འཕགས་པར་གྱུར་ཅིག་།སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་པ་མི་ལྟ་བུས་ཉོན་མོངས་བའི་བུད་ཤིང་ཐམས་ཅད་བསྲེགས་ནས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུར་གྱུར་ནས ་སྤོས་ཀྱི་གླང་པོ་ཆེ་ལ་དྲིལ་བུ་གཡེར་ཀས་བརྒྱན་པ་ལྟར་རྣལ་འབྱོར་བའི་སེམས་ལ་རྒྱན་ཅིང་ཕྱུག་པར་གྱུར་ཅིག། །མཐོང་ལམ་དུ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་གཏེར་ལྷ་བུ་ལ་སྤྱོད ་ཅིང་གནས་པར་གྱུར་ཅིག། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱས་ཏེ་ཡང་དག་པར་ལྟ་བ་ལ་སོགས་པ་རྣལ་འབྱོར་པའི་སེམས་ཡོངས་སུ་ཕྱུང་བར་ཡང་གྱུར་ཅིག། དེ་ནས་སྒོམ་པའི་ལམ་ལ་གནས་ཏེ། ཨ ་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རིན་པོ་ཆེའི་འབྱུང་ཁུང་ལྟ་བུ་ལ་གནས་པར་གྱུར་ཅིག། ས་གསུམ་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རྒྱ་མཚོ་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག། ་ས་བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ལ་གནས་པར་གྱུར་ཅིག་ས་ལྔ་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་རའི་རྒྱལ་པོ་རི་རབ་ལྟ་བུར་གནས་པར་གྱུར་ཅིག་།ས་དྲུག ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་བ་སྨན་པ་ལྟ་བུ་ལ་གནས་པར་གྱུར་ཅིག་།ས་བདུན་པ་ལ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་གཤེས་གཉེན་ལྟ་བུ་ལ་གནས་པར་གྱུར་ཅིག། ་ས་བརྒྱད་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ལ་གནས་པར་གྱུར་ཅིག་།ས་དགུ་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་གནས ་པར་གྱུར་ཅིག། ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ཀླུ་དབྱངས་གནས་?་བའི་བཤེས་གཉེན་ལྟ་བུ་ལ་གནས་པར་གྱུར་ཅིག། དེ་ནས་ཁྱད་པར་གྱི་ལཾ་ལ་གནས་ཏེ། མངོན་པར་ཤེས་པའི་མཐུ་ཐོགས་པ་མེད་པ་དང ་ལྡན་པའི་སེམས་བསྐྱེད་པ་རྒྱལ་པོ་ལྟ་བུ་ལ་གནས་པར་གྱུར་ཅིག། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་ལྡན་པའི་སེམས་བསྐྱེད་པ་བང་མཛོད་ལྟ་བུ་ལ་གནས་པར་གྱུར་ཅིག། བྱང་ཆུབ་ཀྱི་ཕྱོགས་དང་མཚུངས? ་པའི་སེམས་བསྐྱེད་པ་ལམ་པོ་ཆེ་ལྟ་བུ་ལ་གནས་པར་གྱུར་ཅིག། སྙིང་རྗེ་དང་ལྷག་མཐོང་གི་སེམས་བསྐྱེད་པ་གཞོན་པ་བརྟན་པོ་ལྟ་བུ་ལ་གནས་པར་གྱུར་ཅིག། གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་སེམས་བསྐྱེད་པ་དཀོན ་མའི་ཆུ་མིག་ལྟ་བུར་སྤྱོད་ཅིང་གནས་པར་གྱུར་ཅིག། དེ་ནས་མཐར་ཕྱིན་པའི་ལམ་ལ་གནས་ཏེ། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པའི་སེམས་བསྐྱད་པ་སྒྲ་དབྱངས་སྙན་པ་ལྟ་བུ་ལ་སྤྱོད་ཅིང་གནས་པར་གྱུར་ཅིག། བགྲོད་པ་གཅིག་པའི་ལམ ་དང་ལྡན་པའི་སེམས་བསྐྱེད་པ་ཆུ་པོའི་རྒྱུན་ལྟ་བུ་ལ་སྤྱོད་པར་གྱུར་ཅིག་།ཆོས་ཀྱི་སྐུ་དང་ལྡན་པའི་སེམས་བསྐྱེད་པ་སྤྲིན་ལྟ་བུ་ལ་སྤྱོད་ཅིང་གནས་པར་ཅིག། གཞན་ཡང་བདག་གི་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། འཇིག་རྟེན ་གྱི་ཁམས་ཐམས་ཅད་ན་སེམས་ཅན་དམྱལ་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། ཡི་དགས་ཀྱི་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། དུད་འགྲོའི་སྐྱེ་གནས་ཐམས་ཅད་ཀྱང་རྒྱུན་ཆད་པར་གྱུར་ཅིག། མི་ཁོམ་པ་ཐམས་ཅད་རྒྱུན་ཆད་བར་གྱུར ་ཅིག་།ལྷ་དབུལ་བ་དང་མི་དབུལ་པོ་ལ་སོགས་པ་མཐོ་རིས་ཀྱི་གནོད་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང། གནོད་སེམས་དང། ལེ་ལོ་དང། རྣམ་པར་གཡེང་པ་དང། འཆེལ་པའི་ཤེས་རབ་རྒྱུན་ཆད་པར་གྱུར ་ཅིག། འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་དང་བྲལ་བར་གྱུར་ཅིག། ཉོན་མོངས་པ་དང། ལས་དང། རྣམ་པར་སྨིན་པའི་སྒྲིབ་པ་གསུམ་དང་བྲལ་བར་གྱུར་ཅིག། ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་དང་བྲལ་བར་གྱུར་ཅིག། སེམས ་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཞེས་བྱ་བའི་སྒྲ་མི་གྲགས་པར་ཐམས་ཅད་ཀྱང་སངས་རྒྱས་འབའ་ཞིག་གི་རང་བཞིན་དུ་གྱུར་ཅིག། འཇིག་རྟེན་འདིར་ཡང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང། མི་ནད ་དང། ཕྱུགས་ནད་ཐམས་ཅད་རྒྱུན་ཆད་བར་གྱུར་ཅིག་།འཐབ་པ་དང། རྩོད་པ་ལ་སོགས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག། ནད་དང། གནོད་པ་དང། དགྲ་དང། བགེག་དང། སྡིག་པ་དང། གནོད་པ་ལ་སོགས་པ་ཐམས་ཅད་མི་འབྱུང་ཞིང་རྒྱུན ་ཆད་པར་གྱུར་ཅིག་།དཔལ་དང། བཀྲ་ཤིས་དང། བསོད་ནམས་དང། དབང་ཐང་དང། ཚེ་དང། དངོས་གྲུབ་དང། བདེ་ལེགས་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག། ནམ་འཆི་བའི་དུས་སུ་རང་གི ་ལེགས་པར་སྤྱད་པའི་ལས་ལ་གོམས་བ་ལྷུར?་བྱས་ནས་རྣམ་པར་དཀར་བའི་ཆོས་དགའ་བདེ་ཐུན་མོང་མ་ཡིན་པ་ཐོབ་པར་གྱུར་ཅིག། དགའ་བདེ་དེས་རང་རྒྱུད་རྙོག་བ་དང་བྲལ་ནས། རང་གི་ཡི་དམ་གྱི་ལྷ་རྗེ་བཙུན་མ་སྒྲོལ་མ་མངོན་སུམ་དུ་མཐོང་བར ་གྱུར་ཅིག། མཐོང་ནས་ཀྱང་དེའི་གདམས་པ་དྲི་མ་མེད་པ་བདུད་རྩིའི་མཆོག་ལ་སྦྱོད་པ་དང། ལུས་སེམས་ཚིམ་པར་གྱུར་ཅིག། ཤི་མ་ཐག་ཏུ་སྐྱེ་བ་གཞིན་གྱིས་བར་མ་ཆོད་པར་གཡུ་ལོ་བརྒྱན་པའི་ཞིང་ཁམས་སུ་པདྨའི་སྡོང་བ་ལ་བརྫུས་ཏེ་སྐྱེས ་ནས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྒྲོལ་ནས་དཔལ་མགོན་དུ་གྱུར་ཅིག་།དཀོན་མཆོག་གསུམ་གྱི་བདེན་བའི་བྱིན་གྱིས་རླབས་ཀྱིས་དེ་བཞིན་དུ་གྱུར་ཅིག་།དེ་ནས་རིན་པོ་ཆེ་ལ་སོགས་པའི་སྣོད་ཤིན་ཏུ་མཛེས་པའི་ནང་འབྲས་ལ་སོགས ་པའི་ཁ་ཟས་སྣ་ཚོགས་པ་ལ་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པ་ལ་ཆ་གཉིས་པར་བྱས། སྐུ་གསུང་ཐུགས་ཀྱི་སྙིང་པོ་ལན་བདུན་བསྔགས་ནས། བྱིན་གྱིས་བརླབ་པ་ལ་པདྨ་ཁ་ཕྱེ་བའི་ཕྱག་རྒྱ་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཨི་ཚོགས་མ་ལུས་པ་ལ་དབུལ་བའི་སྔགས་འདི་ལན་བདུན་བཟླས་ཏེ། ཁ་དོག་དང། དྲི་རོ་ཕུན་སུམ་ཚོགས་པ་ལ་དམིགས་པར་བྱའོ། །ོཾ་ན་མོ་བུདྡྷ་བྷོ་དྷི་སཏྲཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱཾ་ཧེ་ཧེ་བྷ་ག་བ་ཏི་མ་ཧཱ་སཏྭཱ་བུདྡྷ་ཨ་བ་ལོ ་ཀི་ཏེ་ཨི་དཾ་བ་ལིཾ་གྲིཧྞ་གྲིཧྞ། ཨ་མྲི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་ནས་འབྱུང་པོ་ཐམས་ཅད་ལ་དབུལ་བ་ནི། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱནུ་ཏ་པནྣ་ཏྭཱཏ་ཨོཾ་ཨཱ(རྒྱུད་འགྲེལ་བནདྷ། ཧ་ན་ཧ་ན་གརྫ་ཡ་ག་རྫ་ཡ། བི་སཕོ་ཊ་ཡ་སཕོ་ཊ་ཡ་སརྦ་བིགྷྣན་བི་ན་ཡ་ཀ་མ་ཧཱི་ག་ན་པ་ཏི། ཛི་བི་ཏ་ན་ཀ་ར་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ།། །།དང་པོ་ནི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ལ་དབུལ་བར་བྱ། གཉིས་པ ་ནི་ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་འཕུལ་ལ་ཕྲིན་ལས་གསོལ་བ་ནི། དེར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་འཁྲུལ་པ་མི་མངའ་པ་ལྟར་ཆེ་གེ་མོ་ལ་སོགས་པ་མངའ་རིས་ཀྱི་འབངས་སུ་མཆིས་པ་རྣམས་ལ་ལུས ་ངག་ཡིད་གསུམ་གྱི་འཁྲུལ་པ་སྤང་པའི་ཕྱིར་བརྩེ་བས་གཟིགས་པར་མཛོད། རྒྱལ་བ་སྲས་དང་བཅས་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ་ལྟར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ལ་ཅ་ཅོ་མེད་པའི་ཆོས་སྟོན་བར་གྱུར ་ཅིག་།རྒྱལ་བ་སྲས་དང་བཅས་པ་ལ་རྨོངས་པ་དང་བསྙེལ་བ་མེད་པས། བསམ་གཏན་དང་།རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ལ་ཐོགས་པ་མེད་པ་ལྷར་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་ལ་བརྗེད་ངས ་པར་མི་འགྱུར་བར་བྱ་བའི་ཕྱིར། རྗེས་སུ་གཟུང་དུ་གསོལ་ལོ། །རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འཆག་པ་འམ། བཞེངས་པའམ། བཞུགས་པ་འམ། ཆོས་གསུངས་པ་ལ་སོགས་པ་གང་ལ་ཡང་བསམ་གཏན་དང་ལྡན་པ་ལྟར། ཆེ་གེ་མོ་ལ་སོགས ་པའི་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་དུམ་ལ་འཇུག་པའི་བྱིན་གྱིས་བརླབས་སུ་གཟིགས་པར་མཛོད་ཅིག་།དེ་བཞིན་གཤེགས་པ་སྲས་དང་བཅས་པ་ལ་ཐ་དད་པ་མེད་པའི་ཐུགས་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སོགས ་པ་དང་བྲལ་བའི་ཕྱིར། ཆེ་གེ་མོ་ལ་སོགས་པའི་འགྲོ་བ་རྣམས་ལ་ཁོང་ཁྲོ་བ་མེད་པ་དང། ལོག་པར་ངེས་པའི་སེམས་མེད་པ་དང། ཐ་དད་པའི་འདུ་ཤེས་སྤངས་པའི་ཕྱིར་རྗེས་སུ་འདུལ་བར་མཛོད་ཅིག། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ལ་གཏི་མུག་མེད ་པའི་ཕྱིར་ཡེ་ཤེས་དང་ལྡན་པ་དང། རྣམ་པར་ལྟུང་བ་མེད་བའི་ཕྱིར། འཇིག་རྟེན་ལས་འདས་པ་དང། འཕགས་པ་མ་ཡིན་པས་ངེས་པར་མི་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པའི་བཏང་སྙོམས་འཕགས་པའི་ངེས་པར་འབྱུང་བ་དང། རང་གི་ངང?་ཕྱིས་གྲུབ་པས ་གཉེན་པོའི་རྗེས་སུ་མ་སོང་བ་དང། མ་བརྟགས་པ་དང། མ་བསྒོམས་པ་མེད་པའི་ཕྱིར། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མ་ལུས་པ་རྣམས་ལ་མཐོན་དམན་མེད་པ་དང། བཟང་བ་དང། ངན་པ་མེད་པའི་བཏང་སྙོམས་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་ཡང་མཛོད་ཅིག། །རྒྱལ་བ ་སྲས་དང་བཅས་པ་རྣམས་དགེ་བའི་ཆོས་ལ་འདུན་པ་སྟེ། དེ་ཡང་བྱམས་པ་ལ་འདུན་པ་དང། སྙིང་རྗེ་དང། ཆོས་དང་སེམས་ཅན་འདུལ་བ་དང། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛུད་པ་ལ་ཉམས་པ་མེད་པ་དང། བརྩོན་འགྲུས་ཆེན་པོ་དང་ལྡན་པ་ལྔ་ཆེ་གེ་མོ་ལ ་སོགས་པའི་མཛའ་ཡས་པའི་སེམས་ཅན་འགྲོ་བ་མ་ལུས་པ་རྣམས་ཀྱང་དཀོན་མཆོག་གསུམ་གྱི་གདུང་འཛིན་པ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་རང་བཞིན་གྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི?་ཡོངས་སུ་རྫོགས ་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་སུ་གསོལ་ལོ། །དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ནི་སེམས་ཅན་ཐམས་ཅད་ཡལ་བར་མི་འདོར་བ་དང། ཆོས་ཉན་པ་ཉིད་དུ་གཟིགས་པས་གང་ལ་ཡང་བརྙས་པ་མེད་པ་དང། ལུས་དང་སེམས་ཡང་དག་པར་སྤྱངས ་བ་དང། བརྩོན་འགྲུས་བརྩམས་བ་དེ་།དེ་ལྟར་མངའ་རིས་གྱི་གདུལ་བྱ་རྣམས་ཀྱང་བརྩོན་འགྲུས་ཡང་དག་པར་རབ་ཏུ་སྦྱོར་བས་སེམས་ཅན་ཐམས་ཅད་འཕགས་པའི་རྣམ་པར་གྲོལ་བ་ཐོབ་བར་འགྱུར་བའི་ཕྱིར། སྣ་ཚོགས་པས་བརྩོན་འགྲུས་ ་ཉམས་པ་མེད་པར་འབྱུང་བ་ཅིག་དང། ཐུབ་པ་ཆེན་པོ་རྣམས་ལ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སེམས་ཅན་གྱི་རྒྱུད་ལ་རྣམ་པར་བལྟས་ཀྱང་ཕྱིས་བརྗེད་པ་དང། སེམས་ཅན་གྱི་དབང་པོ་ལ་འཇུག ་པ་དང། ཕུང་པོ་གསུམ་དུ་རྣམ་པར་གཞག་པ་དང། སེམས་ཅན་གྱི་བསམ་པ་ལ་འཇུག་པ་དང། སྤྱོད་པ་ལ་རྣམ་པར་ལྟ་བས་དྲན་པ་ཉམས་པ་མེད་པ་དང། ཆེ་གེ་མོ་ལ་སོགས་པའི་འགྲོ་བ་རྣམས་ལ་ཡང་དྲན་པར་བྱ་བ་དང། བསམ་པར་བྱ་བ་དང། བརྟག་པར་བྱ ་བ་དང། མི་བརྗེད་བའི་གཟུགས་ཀྱི་མཐུ་ཐོབ་པའི་ཕྲིན་ལས་གྲུབ་པར་མཛོད་ཅིག། དེར་རྒྱལ་བ་སྲས་དང་བཅས་པ་དེ་བཞིན་ཉིད་གང་དང་མཉམ་པ་ཉིད་དང། ཏིང་ངེ་འཛིན་ལ་ཞུགས་པས་མཛའ་དང་དབུས་མི་དམིགས་པ་ལྟར་སེམས་ཅན་ཐམས་ཅད་དེ་ལྟ་བུའི་ཏིང ་ངེ་འཛིན་རྙེད་པར་མཁྱེན་པས་གཟིགས་ཤིག། གཞན་གྱི་དྲིང་མི་འཛེག་པ་དང། སེམས་ཅན་གཞན་དང། གང་ཟག་གཞན་ལ་ཆོས་གོ་བར་བྱེད་པ་དང། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་མཁས་པ་དང། ཚིག་ཐམས་ཅད་རབ་ཏུ་དབྱེ་བ་དང། ཚིག་གཅིག ་བསྐལ་བ་བརྒྱ་སྟོང་གི་བར་དུ་སྟོན་བར་ཤེས་པ་དང། དྲི་བ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་གཅོད་པ་དང། ཐམས་ཅད་དུ་ཐོགས་པ་མེད་པ་དང། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སྤྱོད་བ་ཤེས་པ་དང། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཅི་རིགས་པར་སྟོན་པར ་གྱུར་ཅིག་།དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཀྱིས་དགོངས་ནས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ལ་ཆགས་པ་དང། གཉིས་སུ་འཛིན་པ་ཐམས་ཅད་དང་བྲལ་བའི་རྣམ་པར་གྲོལ་བ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཐོབ་པར་མཛོད་ཅིག་།གཞན་ཡང་བདག་ཅག་ལ་སོགས་པའི་མངའ་རིས་རྣམས་ཀྱང་མིང་དང་གཟུགས་དང་ལོངས་སྤྱོད་དང་སྤྱོད་ལམ་དང་རིགས་ལ་སོགས་པ་གང་གིས་སེམས་ཅན་མ་ལུས་པ་འདུལ་བར་བྱེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ། ་བརྩེ་བས་ཡོངས་སུ་ཁྱབ་པར་མཛོད་ཅིག། ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱང་ཤིན་ཏུ་ངེས་པའི་ཚིག་དང་ལྡན་ཏེ། འབྲས་བུ་རྒྱ་ཆེན་པོ་སྟོན་པའི་ཆོས་འཆད་པ་དང་ལྡན་པར་གྱུར་ཅིག། དག་རྣམ་པར་དག་པས་ཀུན་ནས་ཤེས་པར་བྱེད་པ། གྱ་གྱུ་མེད ་པ། མི་རྩུབ་པ། མཉེན་ཤིང་ཡིད་དུ་འོང་བ་མི་འཆབ་པ། མི་འཆོག?་ཤིན་ཏུ་སྙན་པའི་དབྱངས་རབ་ཏུ་གསལ་བ། ངེས་བ། འཛམ་པ། ཕན་པ། དགའ་བ་བསྐྱེད་པ། མཛེས་པ། ཐོགས་པ་མེད་པ། ལུས་ཚིམ་པར་བྱེད་པ། འདོད་ཆགས་ལ་སོགས་པ་ཞི་བར་བྱེད་པའི་རང་བཞིན་དུ་གྱུར་ཅིག་། ་རྒྱལ་བ་སྲས་དང་བཅས་པའི་བྱིན་གྱིས་བརླབས་ཀྱིས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱི་སེམས་ཀྱི་རྒྱུད་ཡོངས་སུ་དག་པས་དམིགས་པ་ལས་འདས་པ་ནམ་མཁའ་དང་མཚུངས་ཤིང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་དུ ་གྱུར་པར་མཛད་ཅིག་།དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་རྣམས་ཀྱིས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བསམ་པ་ཐམས་ཅད་ཡོངས་སུ་འགྲུབ་པ་དང། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར ་གྱུར་ཅིག་།དམ་པའི་ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་ཤིག་།དཀྱིལ་འཁོར་ཆེན་པོ་ལ་འཇུག་བ་རྣམས་ཀྱི་ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་སོལ་ཞིག་།ལམ་དང་སྒྲུབ་པའི་མི་མཐུན་པའི་རྐྱེན་ཐམས་ཅད་ཕྱིར་ཕྱོགས་པར་མཛོད་ཅིག ་འཇིག་རྟེན་པ་ལ་བདེ་བ་དང། ལོ་ལེགས་པ་དང། ནོར་དང་ཕྱུགས་དང། བང་མཛོད་འཕེལ་བར་མཛོད་ཅིག། གནས་དང་བདག་དང་རྣལ་འབྱོར་བསྲུང་བ་ལ་བརྩོན་པར་མཛོད་ཅིག། སངས་རྒྱས་རྣམས་ཀྱི་བཀའ་དྲིན་དྲན་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི ་གསུང་ཉན་པ་དང། སྒྲུབ་པ་པོའི་དམ་ལ་གནས་པར་མཛོད་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབ་ཀྱིས་དེ་བཞིན་དུ་ཕྲིན་ལས་རྒྱས་པར་མཛོད་ཅིག། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་དུ ་གྱུར་ཅིག། དེ་ནས་དེ་བཞིན་གཤེགས་པ་རྣམས་དང། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་རྫས་མ་ཚོགས་པ་དང། ཆོ་ག་ལྷག་པ་ལ་སོགས་པའི་ཉེས་པ་ཐམས་ཅད་བཤགས་པར་བྱའོ། །ཅི་འདོད་པའི་དངོས་གྲུབ་ཞུས་ལ་འཁོར་ལོའི་དབང་ཕྱུག་ལ ་མེ་ཏོག་གི་ཕྲེང་བ་དབུལ་ལོ། །ཆོ་ག་འདི་ནི་རབ་གནས་དང། སྦྱིན་བསྲེག་དང། དབང་བསྐུར་ལ་སོགས་པའི་བྱ་བ་ལ་སློབ་དཔོན་དང། སློབ་མར་བཅས་པའི་རྒྱུད་ཡོངས་སུ་དག་པར་བྱེད་པའོ། །དགོས་པའི་དབང་གིས་མཆོད་པ་དང། དཀྱིལ་འཁོར་མངོན་པར་འབྱུང ་བ་འམ། བྱ་བ་ལ་ནི་སྔོན་དུ་མཚན་གྱིས་བསྟོད་པའི་དངོས་གཞི་སྟོང་ཕྲག་བརྒྱད་སྒྲོགས་པར་བྱའོ། །ཆོ་ག་དངོས་ལ་ཞུགས་པ་ན་ཡན་ལག་གི་ཁྱད་པར་རེ་རེ་ལ་ཡང་ཅི་ནུས་པའི་ཕྱག་བྱའོ། །ཤིན་ཏུ་རྒྱས་པར་བཤད་ཟིན་ཏོ།། །།མདོར་བསྡུས་པ ་ལ། ཡང་དགའ་བ་རྣམས་དང། ཕྱག་ལ་སོགས་པ་བྱ་བ་དང། སྡོམ་གྱི་ཚིག་ལེའུར་བྱས་པ། ཕྱོགས་རྣམས་གཙང་ཞིང་ཆ་ཉེན་པ་དང། །ཀུན་དུ་དྲི་དང་ལྡན་གྱུར་པ། །བདེ་བ་ཅན་གྱི་ཞིང་ཁམས་ལྟར། །ས་གཞི་བྱིན་གྱིས་བརླབ་པར་བགྱིའོ། །ཕྱི་ནང་མ་བསྒྲིབས ་གསལ་བ་དང། །རིན་ཆེན་རྣམས་ལས་གྲུབ་པ་ཡི། །ཐུབ་པ་དབང་པོ་སྲས་བཅས་ཀྱི། །གཞལ་ཡས་ཁང་དུ་བྱིན་བརླབ་པོ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་དང། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་སྲས། །བཀའ་སྡོང་ཕྱོགས་སྐྱོང་མ་ལུས་པ། །དེ་རིང་སྤྱན་འདྲེན ་གཤེགས་སུ་གསོལ། །གཙང་ཞིང་དྲི་ཞིམ་བསིལ་བ་ཡི། །དྲི་ཆབ་བདུད་རྩིའི་རྒྱུན་ལྟ་བུས། །རྒྱལ་བ་སྲས་བཅས་མ་ལུས་པ། །ཆུ་གསུམ་གྱིས་ནི་མཉེས་པར་བགྱིའོ། །དུས་གསུམ་བཞུགས་པའི་བླ་མ་ལྷ། །རིན་ཆེན་གསུམ་གྱི་ནམ་མཁའ་ལ། །ཏིལ་གྱི་གང་བུ་ལྟར་དམིགས ་ནས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མེ་ཏོག་ལ་སོགས་ཉེར་སྤྱོད་དང། །རྒྱལ་སྲིད་བདུན་དང་གྲུབ་པའི་རྫས། །མཆོད་སྤྲིན་ནམ་མཁའ་གང་དམིགས་ལྟེ། །འགྲོ་བ་སྤྲལ་ཕྱིར་དབུལ་བར་བགྱིའོ། །བདག་དང་སེམས་ཅན་མཁའ་མཉམ་གྱིས། །ཐོག་མེད་དུས་ནས་ད ་ལྟའི་བར། །མ་ལུས་སྡིག་པ་ཅི་བགྱིས་པ། །ཤིན་ཏུ་འགྱོད་བས་བཤགས་པར་བགྱིའོ། །མངོན་མཐོ་དེས་ལེགས་རྒྱུར་གྱུར་པའི། །སྐྱེ་བོའི་དགེ་བ་གང་བགྱིས་པ། །ལྷག་པར་སྤྲོ་པར་ཡི་རང་ངོ། །སྒོ་གསུམ་བསྡམས་ཤིང་མི་དགེ་བཅོམ། །ཆེད་དུ་བྱ་བས་གཞན་དོན ་བརྩོན། །ལམ་བདེ་ཆེ་གེས་ཆུང་འཇུག་པ་ཟབ། །སྡོམ་པ་གསུམ་ལ་གནས་པར་བགྱི། །བཏང་བ་དཀའ་བའི་ལུས་འདི་ནི། །མགོན་དང་བདེ་གཤེགས་སྲས་བཅས་ལ། །བྲན་གཡོག་ཉིད་དུ་དབུལ་ལགས་ཀྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆིས། །རྒྱལ་སྲིད་བུ་དང་ཆུ ་མ་དང། །འབྲུ་དང་?་བླང་བྲན་དུ་བཅས། །ས་གཞི་གསེར་མོགས?་རིན་པོ་ཆེ། །གུས་པས་ཐུགས་མཆོག་རྣམས་ལ་མཆོད། །སྦྱིན་དང་ཚུལ་ཁྲིམས་སྒོམ་པ་དང། །ཐོས་པས་ཚོགས་གཉིས་ཅིབས་གསང། །དུས་གསུམ་བསྡུས་པའི་དགེ་བ་གང། །ཐུབ་པ་ཆོས་ཀྱི ་སྤྱན་ལ་དབུལ། །སྒེག་འཛུམ་ལྡེམ་ཞིང་བརྗིད་པ་དང། །རྔམ་ཞིང་ཁྲོས་པས་ཁྲོ་བོའི་གཟུགས། །སྲས་བཅས་སྐུ་ཡི་དཀྱིལ་འཁོར་ལ། །དང་པས་མིག་མི་འཛུམ་བར་བལྟའོ། །སངས་རྒྱས་བྱང་ཆུབ་མ་ལུས་པའི། །ཚེ་དང་ཡོན་ཏན་མཐུ་སྟོབས་དང། །སྐུ་གསུམ ་མཛད་པ་མ་ལུས་ལ། །དབྱངས་སྙན་ངག་གིས་བསྟོང་པར་བགྱིའོ། །བླ་མ་རྡོ་རྗེ་སློབ་དཔོན་དང། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་གུས་པས་སྐྱབས་སུ་མཆི། །རྒྱལ་བས་བྱང་ཆུབ་མཆོག་བརྙེས་ནས། །ཅུང་ཟད་སྙོམས ་པར་ཞུགས་པ་ལ། །ཚངས་པ་ལྟ་བུ་གུས་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བྱང་ཆུབ་མཛད་པ་མཐར་ཕྱིན་ནས། །བདེ་གཤེགས་མྱ་ངན་འདས་བཞེས་པ། །ཇི་སྲིད་འཁོར་བ་མཛའ་ཡོད་པ། །སེམས་ཅན་དོན་དུ་བཞུགས་པར་གསལ། །ཇི་ལྟར ་སྔོན་གྱི་སྐྱོབ་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་བདག་ཀྱང་སེམས་ཅན་ཕྱིར། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །རྒྱལ་སྲས་འཇིག་རྟེན་སྐྱོང་རྣམས་ལ། །སྐུ་གསུམ་གྲུབ་དང་རིག་པ་འཛིན། །ལས་ཆོགས་བོན་ལས་རྣམ ་དབྱེ་སོགས། །ལས་བཅོལ་དེ་ནི་གྲུབ་པར་མཛོད། །འདིར་ན་ཉེས་པ་གང་བྱས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་པ། །མ་འཚལ་བ་རྣམས་བཤགས་པར་བགྱི། །གཙོ་བོས་ཅི་ནས་བཀའ་གནང་འཚལ། །ལ་འབྲས་བུ་མཆོག་དང་ཐུན་མོང་སྟེ། །མ་ནོར་ཆོ་ག་དོན་ཤེས ་རབ་དང། །སྤོབས་པ་མཐུ་རྩལ་ཕུན་ཚོགས་པའི། །དངོས་གྲུབ་དེ་དག་གནང་བར་རིགས། །དུས་གསུམ་བསགས་པའི་དགེ་བ་ནི། །ཚོགས་གཉིས་བདུད་རྩི་ལྟ་བུ་འདིས། །སྐུ་གསུམ་འབྲས་བུ་གྲུབ་གྱུར་ནས། གཞན་དོན་འབད་མེད་འབྱུང་བར་ཤོག། དེ་ལྟར་བྱ་བ་མ ་ལུས་པ་མཐར་ཕྱིན་ནས་དཀྱིལ་འཁོར་ལ་འཇུག་པའམ། དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱའོ། །ཡི་གེ་བརྒྱ་བ་ཅི་ནུས་བླ་བཟླས་པར་བྱའོ། ཕོངས་པ་རྣམས་མགུ་བ་དང། གཞི་བདག་ལ་གཏོར་མ་སྦྱིན་པར་བྱའོ། །ལྷ་ཐམས་ཅད་ལ་མཆོད་པ་ལྷ་གྲངས ་དང་མཉམ་པར་བྱས་པས་མཆོད་པའོ། །དཀྱིལ་འཁོར་ལ་འཇུག་བྲི་མེད་ཆོ་ག་འདིས། །འགྲོ་རྣམས་མུན་པ་གསལ་ནས་དཀྱིལ་འཁོར་དུ། །མ་ལུས་ཞུགས་ནས་བདེ་བ་ཆེ་རྟོགས་ཏེ། །བདེ་བ་ཅན་གྱི་ཞིང་དུ་མྱུར་བགྲོད་ཤོག་།རྗེ་བཙུན་མ་འཕགས་མ་སྒྲོལ་མའི ་དཀྱིལ་འཁོར་ལ་འཇུག་པའི་ཆོ་ག་ཞེས་བྱ་བ། དངོས་གྲུབ་བརྙས་པའི་སློབ་དཔོན་ཆེན་པོ་བྷ་བ་བྷ་དྲས་མཛད་པ་རྫོགས་སོ།། །།མཧཱ་པཎྜི་ཏ་ཤྲཱི་བི་མ་ལ་ཀིརྟིའི་ཞལ་སྔ་ནས་དང། ལོཙྪ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞང་གྲུབ་པ་དཔལ ་བཟང་པོས་བལ་བོའི་གྲོང་ཁྱེར་ཡམ་བུའི་ནུབ་ཕྱོགས་ཉི་མའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཙིནྟ་མ་ཎི་ཏཱཾ་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། སྒྲོལ་མ་ཡིད་བཞིན་ནོར་བུ་དེ་ནས་བྱ་བའི་སྒྲུབ་ཐབས ་