| Wylie | e-texts based on the ACIP/ALL Input |
ཁུར་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ། སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བས་བསྟོད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟ་བ་ནཱ་མ(རྒྱུད་འགྲེལ་ལ་ཕྱག་འཚལ་ལོ། །བཟློག་དཀའ་སྲིད་པའི་མུན་པ་ནི། །འཇོམས་བྱེད་ཉི་མའི་འོད་དང་མཚུངས། །ཐུགས་རྗེས་བརླན་པའི་ཐུགས་མངའ་བ། །སྒྲོལ་མ་ལ་ནི་རྟག་ཏུ་འདུད། ཤིན་ཏུ་རྣ་བའི་སེམས་རྣམས་ཀྱིས། །གླང་པོ་ཆེ་རྣམས་གསོ་ལ་བྱེད་པ། །ལྷ ་མོ་སེང་གེ་ཁྲོས་པ་ཡང། །ཁྱོད་བསྟོད་པ་ལས་འཇིགས་ཤིང་འབྲོས། །མཆེ་བའི་མདུད་རྩེ་ནོན་པོ་ཡིས། །བྲག་འཇོམས་ཤིང་གི་རྩ་བ་འདོན། །ཁྱོད་ཀྱི་སྔགས་ནི་བཟླས་པར་ལས། །འཇིགས་ཤིང་གླང་ཆེན་འབྲོས་པར་འགྱུར། །ཕྱོགས་དང་ནམ་མཁའ་མ་ལུས་པ། །དུ ་བས་ཁྱབ་ཅིང་བཟོད་པར་དཀའ་། །འབར་བ་ཡིས་ནི་འགྲོ་ཚིག་པ། །ཁྱོད་བསྟོད་ཆར་པས་མེ་ཞི་འགྱུར། །མ་རུངས་གདེངས་ཀ་ལས་བྱུང་བའི། །ཕུང་སྒྲ་སྒྲོག་ཤིང་དུག་མང་ཅན། །སྦྲུལ་ནི་ལྷ་མོ་ཁྱོད་བསྟོད་པས། །ནམ་མཁའ་ལྡིང་ནི་ཤིན་ཏུ་འཇིགས། །རལ་གྲི་གཅོད ་ཅིང་འདྲལ་བ་རྣམས། །ཁྲག་གིས་ཡན་ལག་བསྐུས་པ་སྟེ། །ཁྱོད་ཀྱི་མིང་ཙམ་དྲན་པ་ཡིས། །ཚོམ་རྐུན་ནུས་པ་མེད་པར་འགྱུར། །རྒྱལ་པོ་ཁྲོས་ལས་བྲན་རྣམས་ཀྱི། །སྐྲ་ནས་བཟུང་ཞིང་ཞགས་པས་བཅིངས། །བཙོན་ར་སྤངས་ཏེ་ལྷ་མོ་ཀྱེ། །ཁྱོད་ལ ་བསྟོད་བྱེད་འཇིགས་མེད་འགྱུར། །དཔའ་རླབས་ཚོགས་ཀྱིས་ཕྱོགས་བཅུ་དང། །ནམ་མཁའ་ཡང་དག་ཁྱབ་བྱེད་པ། །གྲུ་ལོག་ན་ཡང་རྒྱ་མཚོ་ལས་ཁྱོད་ཀྱི་འབངས་ནི་ཕ་རོལ་ཕྱིན། །ཁྲག་དང་སླང་པའི་འདམ་གྱིས་བྱུགས། །དེ་དག་བཟའ་བ་ལ་ཆགས་པ། །ཁྱོད ་ལ་བསྟོད་པ་ཙམ་གྱིས་ནི། །ཤ་ཟ་དེ་ལྟར་འཇིགས་པར་འགྱུར། །ཡན་ལག་ཆད་ཅིང་དྲི་ང་བ། །ཁྲག་དང་སྣག་ནི་སྣ་ནས་འཛག། ཁྱོད་ལ་བསྟོད་པ་ཙམ་གྱིས་ནི། །མཛེ་ཅན་འདོད་པའི་ལྷ་འདྲར་འགྱུར། །བཀྲེས་སྐོམ་གྱིས་གདུངས་གཅེར་བུ་དང། །སློང་བ་ཡི་དགས་དང ་འདྲ་བ། །ཁྱོད་ལ་བསྟོད་པ་ཙམ་གྱིས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འཇིགས་པ་ཆེན་པོ་འཇིགས་བྱེད་པ། །དེ་ལྟར་སེམས་ནས་ཁྱོད་བསྟོད་པས། །དགེ་བ་གང་བསགས་དེ་ཡིས་ནི། །འཇིག་རྟེན་བདེ་བ་ཅན་ཐོབ་ཤོག་།འཕགས་མ་སྒྲོལ་མའི་བསྟོད་པ་སློབ ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།སེང་གེ་གླང་ཆེན་མེ་སྤྲུལ་ཆོམ་རྐུན་དང། །ལྕགས་སྒྲོག་ཆུ་དང་ཤ་ཟའི་འཇིགས་པ་ནི། །འཇོམས་མཛད་ཟླ་འོད་ཕུང་པོ་ལྟར་འཛིན་མ། །སྒྲོལ་མ་བཅོམ་ལྡན་འདས་ལ་ཕྱག་འཚལ་འདུད།། །། ་