CLOSE WINDOW

N3283: 'phags ma sgrol ma la bstod pa tshigs su bcad pa bcug gnyis pa
Wyliee-texts based on the ACIP/ALL Input

སྒྲོལ་མའི་བསྟོད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་རྒྱལ་བའི་སྙན་གྱི་ཞལ་སྔ་ནས། ལོཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་གྱི་ལོཙྪ་བ་བློ་གྲོས་རྒྱལ་པོས་བསྒྱུར་བ་ལས་ཅུང་ཟད་དག་པར་བྱས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སྟོཏྲ ་ད་ཤ་དཱི་གཱ་ཐཱ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བཟློག་དཀའ་ཨི་གྲིད?་པའི་མུན་པ་ནི། །འཇོམས་བྱེད་ཉི་མའི་འོད་དང་མཚུངས། །ཐུགས་རྗེས་བརླན་པའི་ཐུགས་མངའ་ ་བའི། །སྒྲོལ་མ་ལ་ནི་རྟག་ཏུ་འདུང། །ཤིན་ཏུ་རྨོངས་པའི་སེམས་ཅན་གྱིས། །གླང་པོ་ཆེ་རྣམས་གསོད་བྱེད་མ། །ལྷ་མོ་སེང་གེ་ཁྲོས་པ་ཡང། །ཁྱོར་འབྱུང་པ་ལས་འཇིགས་ཤིང་བྲོས། །མཆེ་བའི་མདུངས་རྩེ་རྩེ་མོ་ཡིས། །བྲག་འཇོམས་ཤིང་དྲུར་རྩ་བ་འདོན། །ཁྱོད་ཀྱི་སྔགས ་ཀྱི་བཟླས་པ་ལས། །འཇིགས་ཤིང་གླང་པོ་འབྲོས་པར་འགྱུར། །ཕྱོགས་དང་ནམ་མཁའ་མ་ལུས་པའི། །དུ་བས་ཁྱབ་ཅིང་བཟོད་པར་དཀའ་། །འབར་བ་ཡིས་ནི་ཁྲོ་ཚིག་པ། །ཁྱོད་སྟོད་ཆར་བ་མེ?་ཞར?་འགྱུར། །མ་ལུས་གདེངས་ཀ་ལས་བྱུང་པའི། །ཕཊ་སྒྲ་སྒྲོགས་ཅིང་དུག་མིག་ཅན། །སྦྲུལ ་ནི་ལྷ་མོ་ཁྱོད་བསྟོད་པས། །ནམ་མཁའ་ལྡིང་ནི་བཞིན་དུ་འཛོམས། །རལ་གྲིས་གཅོད་པའི་འགྲོ་བ་རྣམས། །ཁྲག་གིས་ཡན་ལག་བསྐུས་པ་སྟེ། །ཁོང་ནི་མིང་ཙམ་དྲན་པ་ཡིས། །ཆོམ་རྐུན་ནུས་པ་མེད་པར་འགྱུར། །རྒྱལ་པོ་ཁྲོས་པའི་བྲན་རྣམས་ཀྱིས། །སྐྲ?་ནས་བཟུང་ནས་ཞགས ་པས་བཅིངས། །བཙོན་པ་སྤངས་ནས་ལྷ་མོ་ཀྱེ། །ཁྱོད་ལ་བསྟོད་བྱེད་འཇིགས་མེད་འགྱུར། །དཔའ་རླབས་ཚོགས་ནི་ནམ་མཁའ་དང། ཕྱོགས་བཅུར་ཡང་ནི་ཁྱབ་བྱེད་བ། །གྲུ་ལོག་ན་ཡང་རྒྱ་མཚོ་ལས། །ཁྱོད་ཀྱིས་འཕངས་ནས་ཕ་རོལ་ཕྱིན། །ཁྲག་དང་ཀླད་པའི་འདམ་གྱིས་བྱུགས། ་དེ་དག་བཟའ་བ་ལ་ཆགས་པ། ལྷ་མོ་ཁྱོད་ཀྱི་སྔགས་བཟླས་པས། །ཤ་ཟ་དེ་དག་འཇིགས་པར་འགྱུར། །ཡན་ལག་ཆད་ཅིང་དྲི་ངན་པའི། །ཁྲག་དང་ཞག་ནི་སྣ་ལ་འཛག། །ཁྱོད་ནི་དྲན་པ་ཙམ་གྱིས་ནི། །མཛེ་ཅན་འདོད་པའི་ལྷར་འདྲར་འགྱུར། །བཀྲེས་སྐོམ་གྱིས་གདུངས་གཅེར ་བུ་དང། །སློང་བའི་ཡི་དགས་འགྲོ་བ་ལ། །ཁྱོད་ལ་འདུད་པ་ཙམ་གྱིས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འཇིགས་པ་ཆེན། པོ་འཇིགས་མེད་པ། །དེ་ལྟར་དང་པས་ཁྱོད་བསྟོད་པས། །དགེ་བ་གང་བསགས་དེ་ཡིས་ནི། །འཇིག་རྟེན་བདེ་བ་ཅན་ཐོབ་ཤོག་།རྗེ་བཙུན་འཕགས ་མ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཚིགས་སུ་བཅད་པ་བཅུ་གཉིས་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏ་རསྟོ་ཏྲམ་བི་ས་ཀརྨཱ་སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མའི་བསྟོད་པ་ཕྲིན་ལས་སྒྲུབ་པ་ཞེས་བྱ་བ། བཅོམ་ལྡན་འདས་མ་སྒྲོལ་མ ་