| Wylie | e-texts based on the ACIP/ALL Input |
རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་སུ་མ་ཏི་ཀིརྟི་དང། བོད་ཀྱི་ལོཙྪ་བ་མཁས་པ་མ་རེ་བ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།རྒྱ་གར་སྐད ་དུ། ཁ་དྷི་ར་བ་ན་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་གཞི་ལེགས་ཤིང་མཉམ་ལ་གཙང་ཞིང་ཡིད་དགའ་བའི་མེ ་ཏོག་སྣ་ཚོགས་པས་རྒྱས་བ། དབེན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་བདུག་སྟེ། རང་གི་སྙིང་གར་ཟླ་བ་ལ་ཏཾ་ཡིག་དུར་པའི་མདོག་ལྟ་བུར་འོད་ཟེར་རྣམ་པ་ལྔ་འཕྲོ་བར་བསམ་མོ། །དེ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་བས་འགྲོ་བ་ཐམས ་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་སླར་དེ་ཉིད་ལ་བསྡུའོ། །དེ་ནས་ཡང་རང་གི་སྙིང་གའི་ཏཾ་ལས་འོད་སྤྲོས་པས། འོག་མིན་གྱི་གནས་ནས་ཇོ་མོ་སྒྲོལ་མ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་གསལ་བར་བལྟས་ཏེ། བླ་ན་མེད་པའི་མཆོད་པ་བདུན ་གྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། བསོད་ནམས་ལ་རྗེས་སུ་སྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་བརྟེན་པ་དང། བདག་ཉིད ་ཀྱི་ལུས་དབུལ་བ་ལ་སོགས་པ་བྱས་ལ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་རིམ་པ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་རང་བཞིན་གྱིས་དག་པའི་ཚིགས་སུ་བཅད་པ་འདི་ལན་གསུམ་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷ་བ་ཤུདྡྷ(རྒྱུད་འགྲེལ་སྭ་བྷ་བ་ཤུདྡྷོ་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས་བདག་དང་གཞན་གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ནམ་མཁའ་ཨི་ཁམས་སུ་པི་ཡོངས་སུ་གྱུར་པ་ལས་?་ཆོ་གས་པདྨའི ་ལྟེ་བར་ཨཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དུར་པའི་མདོག་ལྟ་བུའི་ཏཾ་ཡིག་འོད་ཟེར་སྣ་ཚོགས་པ་ཅན་བསྒོམས་ལ། དེ་ལ་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་ནས་དེ་ཉིད་ལ་ཞུགས་པར་བསྒོམ་སྟེ། དེ་རྣམས་ཡོངས་སུ་གྱུར་བ་ལ ་ལྷ་མོ་སྒྲོལ་མར་བསྒོམ་པར་བྱ་སྟེ། སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ཡིད་དགའ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཨུཏཔལ་བསྣམས་པ། གཡས་པས་བདུད་རྩི་འཛག་པའི་མཆོག་སྦྱིན་བ། སྣ་ཚོགས་པདྨའི་སྟེང་གི་ཟླ་བ་ལ ་ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་བས་བཞུགས་པའོ། །དེའི་གཡས་ཕྱོགས་སུ་མྱ་ངན་མེད་པའི་འོད་ཟེར་སྐུ་མདོག་སེར་མོ་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་བསྣམས་པ། གཡོན་པས་མྱ ་ངན་མེད་པའི་ཤིང་གི་ཡལ་ག་བསྣམས་པ་ཉེ་བར་བཞུགས་པའོ། །གཡོན་ཕྱོགས་སུ་རལ་གཅིག་མ་མིའུ་ཐུར་ག་གཟུགས་ཅན་སྐུ་མོ་མདོག་ནག་མོ། །སྟག་གི་པགས་པའི་ན་བཟའ་བསྣམས་པ། སྤྱན་གསུམ་པ་མཆེ་བ་གཙིགས་པའི་ཞལ། སྐྲ་སེར་པོ ་འབར་ཞིང་གྱེན་དུ་བརྫེས་པ། ཕྱག་གཉིས་རྡོ་རྗེ་གྲི་གུག་དང་ཐོད་པ་བསྣམས་པ་ཉེ་བར་བཞུགས་པའོ། །ཡང་གཡས་ཕྱོགས་སུ་རྨ་བྱ་ཆེན་མོ། །སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་བ་རྔ་ཡབ་བསྣམས་པ། གཡོན་པས་རྨ་བྱའི ་མདོངས་བསྣམས་པ་ཉེ་བར་བཞུགས་པའོ། །ཡང་གཡོན་ཕྱོགས་སུ་དུག་སེལ་མ་སྐུ་མདོག་ལྗང་གུ་།ཕྱག་གཡས་པས་མཆོག་སྦྱིན་མཛད་པ། གཡོན་པས་སྦྲལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཉེ་བར་བཞུགས་པའོ། །གཞན་ཡང ་ལྷ་དང་ལྷ་མ་ཡིན་གྱིས་བསྐོར་བར་བསྒོམ་པར་བྱའོ། །དོན་ཡོད་གྲུབ་པས་དབུ་ལ་བརྒྱས་གདབ་བོ། །དེ་ནས་རང་གི་སྙིང་ག་ལས་སངས་རྒྱས་ཀྱི་ཆོ་གས་ཀྱི་སྒྲིན་སྤྲོ་བར་བསམ་མོ། །དེ་ལྟར་བསྒོམ་པས་རྣལ་འབྱོར་པ་སྐྱོ་ན། རང་གི་སྙིང་གར་ཨུཏཔ་ལའི་སྟེང་དུ་ཟླ་བའི་དཀྱིལ ་འཁོར་ལ་?་མུ་ཏིག་གི་ཕྲེང་བ་ལྟར་དཀར་བ་བལྟས་ལ། ཨོཾ་ཏཱ་རེ་ཏུཏྟཱ?་རེ་ཏུ་རེ་སྭཱཧཱ། ཞེས་སོ། །དེ་ནས་ལྡང་བར་འདོད་ན་སྔོན་བཞིན་དུ་མཆོད་པ་དང་བསྟོད་པ་བྱས་ཏེ། དགེ་བའི་རྩ་བ་བསྔོ་བར་ལ། ཨོཾ་ཨ་མྲི་ཏ་བྷ་ཞེས་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ ་དངོས་གྲུབ་ཐོབ་དང་བསམས་ལ། མུ(རྒྱུད་འགྲེལ་བྱའོ། །མཆོད་པའི་སྔགས་ནི། ཨོཾ་ཨཱ(རྒྱུད་འགྲེལ་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཤ་ཏཾ་ཨཥྚ་སཱ་དྷ་ནཾ། བོད་སྐད་དུ། སྒྲུབ་ཐབས་བརྒྱ་དང་བརྒྱད་པ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བླ་མའི ་