CLOSE WINDOW

N3279: rdo rje lu gu rgyud kyi sgrub thabs
Wyliee-texts based on the ACIP/ALL Input

སོ།། །།རྒྱ་གར་སྐད་དུ། བཛྲ་ཤྲཱི་ཁ་ལེ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་གི་ཡི་གེ་ལྗང་གུ་ལས་སྲུང ་བའི་རྡོ་རྗེ་ལུ་གུ་རྒྱུས་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་པ་དང་ཅིག་ཤོས་སྔོ་བ་དང་དཀར་བ། ཞལ་སོ་སོ་ལ་སྤྱན་གསུམ་མངའ་བ། ཕྱག་གཡས་གསུམ་ན་རྡོ་རྗེ་དང་ལྕགས་སྒྲོག་དང་མངའ་། ཕྱག་གཡོན་གསུམ་ན་སྡིགས་མཛུབ་དང ་ཞགས་པ་དང། གཞུའོ། །སྐུ་མདོག་སྔོ་བསངས་སུ་ལྗང་བ་ཅུང་ཟད་བཞད་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་སྔར་བ་རྣམས་འཇོམས་པར་བྱེད་པར་བདག་ཉིད་བསྒོམ་ལ་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་ལག ་པ་གཉིས་ཁུ་ཚུར་སོ་སོར་བཅིངས་ལ་མཐེའུ་ཆུང་དང་མཛུབ་མོ་ལྕགས་སྒྲོག་གི་རྣམ་པར་བཅིང་བར་བྱའོ། །དེ་ནས་བཟླས་བ་ནི་ཨོཾ་བཛྲ་ཤྲི་ཁ་ལ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། །འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཛ་ཏ ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་སུ་མ་ཏི་ཀིརྟི་དང། བོད་ཀྱི་ལོཙྪ་བ་མཁས་པ་མ་རེ་བ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།རྒྱ་གར་སྐད ་