CLOSE WINDOW

N3278: 'phags ma 'od zer can gyi sgrub pa'i thabs zhes bya ba
Wyliee-texts based on the ACIP/ALL Input

ར་ཧ་མུ་ལི། སརྦ་དུཥྚ་ནཾ། པྲ་དུཥྚ་ནཾ། མུ་ཁ་བནདྷ་བནདྷ་ཧཱུཾ། ལྷ་མོ་སྔར་བཤད་པའི་ན་བཟའ་དང་རྒྱན་དང་གཟུགས་དང་ལྡན་མོད་ཀྱི། འོན་ཀྱང་འདི་ནི་སྐུ་མདོག་སེར་བ། གཡས་ན་ཨ་ཤོ་ཀའི་ཡལ་ག་དང་ཁབ་བསྣམས་པ། གཡོན ་ན་ཞགས་པ་དང་རྡོ་རྗེ་བསྣམས་པ། གདུག་པ་ཅན་རྣམས་ཀྱི་ཁ་དང་མིག་འཚེམ་པར་མཛད་པའོ། །དེ་བཞིན་དུ་རྒྱབ་ཏུ། ཨོཾ་མཱ་རཱི་ཙཡཻ། བཏཱ་ལི། བཱ་དཱ་ལི། བཱ་ར་ལི། བ་ར་ཧ་མུ་ལི། སརྦ་དུཥྚ་ནཾ། སྟཾ་བྷ་ཡ་བི་སྭཱཧཱ། ཞེས་བྱ་བས་ལྷ་མོ་འདི་ཡང་ན་བཟའ་དང ་རྒྱུན་ལ་སོགས་པ་སྔར་དང་འདྲ་མོད་ཀྱི། འོན་ཀྱང་ཕྱག་གཡས་ན་རྡོ་རྗེ་དང་ཁབ་གཡོན་ན་གཞུ་དང་ཨ་ཤོ་ཀའི་ཡལ་ག་བསྣམས་པ། སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུ་གདུག་པ་ཅན་ཐམས་ཅད་རེངས་པར་མཛད་པ་བསྒོམ་པར་བྱའོ། །གཡོན་དུ། ་ཨོཾ་མཱ་རཱི་ཙཡཻ། བཏ་ཏཱ་ལི་ཁ་དཱ་ལི། བ་རཱི་ལ། བ་ད་ཧ་མུ་ཁི། སརྦ་སཏྭ་ན་མེ་བ་ཤ་མ་ན་མ་ཧོ་སྭཱ་ཧཱ། ཞེས་བྱ་བས་ལྷ་མོ་འདི་ཡང་ན་བཟའ་ཨི་དང་རྒྱན་ལ་སོགས་པ་སྔ་མ་དང། ཐུན་མོང་ཀྱི་འོན་ཀྱང་སྐུ་མདོག་ཉི་མ་འཆང་གི་འདྲ་བ། ཕྱག་གཡས་ན ་མདའ་དང་རྡོ་རྗེ་བསྣམས་པ། གཡོན་གཞུ་དང་ཨ་ཤོ་ཀའི་ཡལ་ག་བསྣམས་བ། སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པར་མཛད་པ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་ལ་སོགས་པ་བྱས ་ལ། །ཡེ་ཤེས་སེམས་དཔའ་དང་དམ་ཚིག་གི་ལྷ་གཅིག་ཏུ་བྱའོ། །དེ་ནས་བཟླས་བརྗོད་བྱ་བའི་སྔགས་ནི་འདིའོ། ། མཱ་རཱི་ཙཡཻ། ཨོཾ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླས་ལ་སྔར་བཤད་བའི་ཆོ་གས་གནས་པར་བྱའོ། །འོད་ཟེར་ཅན་གྱི་སྒྲུབ ་ཐབས་བྱས་པ་ལས། །བདག་གི་དགེ་བའི་རྩ་བ་གང་བསགས་དེས། །སེམས་ཅན་ཐམས་ཅད་འོད་ཟེར་ཅན་གྱི་ནི། ཡེ་ཤེས་དྲི་མེད་གནས་ཐོབ་ཤོག། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་བོས་མཛད་པ་རྫོགས ་སོ།། །།ལོཙྪ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨཱརྱ་མཱ་རཱི་ཙཡཻ་སཱ་དྷ་ན་ནཱ་མ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་མ་འོད་ཟེར་ཅན་ཉིད་ལ་ཕྱག་འཚལ་ལོ།། ་བློ་ལྡན་སེམས་དཔའ་ཨི་སྐྱིལ་ཀྲུང་གིས། །སྙིང་རྗེ་ཆེན་པོ་རབ་དམིགས་ལ། །སྔ་བར་སྙིང་གར་ཟླ་བ་ལ། །ོཾ་ཡིག་དཀར་པོ་བསྒོམ་པར་བྱ། །རྣམ་སྣང་ཞེས་པའི་བདག་ཉིད་ཅན། །ཏི་ཡི་འོད་ཟེར་ཀུན་ཏུ་དཀར། ར་བ་ཟླུམ་པོ་མཆོད་རྟེན་ཏེ། །འབར་བའི་འོད་ཀྱིས ་ཀུན་ཏུ་བརྒྱན། །བསྲུང་བའི་དོན་དུ་མདུན་དང་རྒྱབ། །གཡས་དང་གཡོན་དང་གཞན་ཡང་སྟེ། རིམ་བཞིན་མ་ཙོགས་བྲན་ལ་སོགས། །པུ་མོ་ལ་སོགས་བུམ་སྩོགས་དང། །ལུགས་མ་ཐང་སྐུ་བཤེས་གཉེན་དང། །པོ་ཏི་ལ་སོགས་ཇི་སྙེད་པའོ། །ཏིང་ནས་སྙིང ་བའི་ཟླ་བར་མི། །མྱ་ངན་མེད་ཀྱི་ཡལ་གར་སྐྱེས། །འཕགས་མ་འོད་ཟེར་ཅན་མ་བསམ། །སྐུར་བ་ཁབ་རྣམས་སྒོམ་པ་མོ། །ལྡང་བའི་ཚུལ་གྱིས་གཡས་པ་ཡི། །སྣ་བུག་ནས་བྱུང་བ་དུ?་མཉེར་གནས། །གདུག་ཅན་ཁ་དང་མིག་གྲུབ་ནས། །ར་བའི་ཕྱི་རོལ་དག ་ཏུ་བྱས། །གཞན་ཡང་རིག་སྔགས་བཟླས་བ་བྱ། །སྣ་བུག་གཡོན་འོངས་སྙིང་ག་རུ། །བཞུགས་ནས་མྱ་ངན་མེད་པར་འགྱུར། །མཚམས་བཅིང་བ་ནི་རབ་ཏུ་བྱ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛོད་པ་རྫོགས ་སོ།། །།རྒྱ་གར་སྐད་དུ། བཛྲ་ཤྲཱི་ཁ་ལེ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་གི་ཡི་གེ་ལྗང་གུ་ལས་སྲུང ་བའི་རྡོ་རྗེ་ལུ་གུ་རྒྱུས་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་པ་དང་ཅིག་ཤོས་སྔོ་བ་དང་དཀར་བ། ཞལ་སོ་སོ་ལ་སྤྱན་གསུམ་མངའ་བ། ཕྱག་གཡས་གསུམ་ན་རྡོ་རྗེ་དང་ལྕགས་སྒྲོག་དང་མངའ་། ཕྱག་གཡོན་གསུམ་ན་སྡིགས་མཛུབ་དང ་