| Wylie | e-texts based on the ACIP/ALL Input |
ཡང་ངོ། །མགོན་པོ་གནོད་གནས་ཀྱི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བྷྲཱི་ཀུ་ཊི་ལ་སཱ་དྷ་ནི། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་ག་ལས་ས་བོན་ལྔ ་པའི་གསུམ་པ་ལས། དང་པོའི་བརྒྱད་པས་རྫོགས་པར་བྱས་པ་སྟོང་པས་མནན་པར་བསམས་ལ། དེ་ཉིད་ལས་བྱུང་བའི་ལྷ་མོ་ཁྲོ་གཉེར་མ་རལ་པ་དང་ཐོར་ཚུགས་འཆང་བ། །ཞི་བ་ཕྱག་བཞི་པ། །ཕྱག་གཡས་ན་མཆོག་སྦྱིན་དང་བསྐད? ་ཕྲེང། གཡོན་ན་དབྱིག་པ་དང་སྤྱི་བླུགས་བསྣམས་པ། པདྨའི་གདོན་ལ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་ལག་པ་གཉིས་ཀྱི་ཐལ་མོ་བརྒྱད་བ་སྦྱར་ལ། མཐེ་བོས་མཐེ་ཆུང་གི་སེན་མོ་མནན་ཏེ། སོ་སོར་ཕྱེ་ལ་ལྷག་མ་རྣམས་རྡོ་རྗེར་བྱ་བ་འདི་ནི་ལྷ་མོ། ཁྲོ ་གཉེར་མའི་ཕྱག་རྒྱའོ། །སྔགས་ལ་ཨོཾ་བྷི་སྭཱཧཱ། །ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མཱ་རཱི་ཙཡཻ་དེ་བི་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས། ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་ཉི་མའི ་