CLOSE WINDOW

N3271: lha mo nor gyi rgyun ma'i sgrub thabs
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། བ་སུ་དྷ་ར་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་གྱིས་རྒྱུན་གྱིས་སྒྲུབ་པའི་ཐབས། ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མོ་ནོར་གྱིས་རྒྱུན་བསྒོམས་པར་འདོད་ན་ཐམས་ཅད་སྔ་མ་བཞིན་བྱས་ལ། གཞན་དུ་ན་ས ་བོན་དྲུག་པའི་གསུམ་པ་ལ་ཟླ་ཕྱེད་པ་དང། ཐིག་ལེས་བརྒྱན་པ་དེ་ཉིད་ལས་བྱུང་ལྷ་མོ་ནོར་གྱིས་རྒྱུན་སྐུ་མདོག་སེར་བ། ཕྱག་གཡས་མཆོག་སྦྱིན་པ། གཡོན་འབྲས་ས་ལུའི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པའི་བུམ་པ་བསྣམས་པ། ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། །གྲོགས་ཀྱི་ལྷ་མོའི་བསྐོར་བའི་ལྷ་མོ་ནོར་གྱི་རྒྱུན་གྱི་རྒྱུན་ནི་བདག་ཉིད་ཡིན་ནོ། ཞེས་བསྒོམ་པར་བྱའོ། །ལག་པ་གཉིས་ཁུ་ཚུར་བཅིངས་ལ་གུང་མོའི་ཚིགས་གསུམ་པ་བཅག་པ་འདི་ནི་ལྷ་མོ་ནོར་གྱི་རྒྱུན་གྱི་ཕྱག་རྒྱའོ ་དེ་ནས་བཟླས་བརྗོད་བྱས་ཏེ། ཨོཾ་ཤྲི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱཧཱ། རས་དྲིས་ལ་སོགས་པར་བཅོམ་ལྡན་འདས་ལྷ་མོ་ནོར་གྱི་རྒྱུན་སྤྱན་དྲངས་ལ་མཆོད་པ་ཡང་བྱ་སྟེ། བསྒོམ་པར་བྱའོ། དེས་ནི་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །ལྷ་མོ་ནོར་གྱི་རྒྱུན་སྤུབ? ་པའི་སྒྲུབ་ཐབས་སོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཆོ་ག་སྔར་བཤད་པ་དང་མཐུན་པ་ལས་གཞན་དུ་ན་ས་བོན་ཏམ་དམར་པོ་ལས་བྱུང། སྐུ་མདོག ་དམར་པོ་དང། པདྨ་དམར་པོ་དང། ཟླ་བའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། ཕྱག་བཞི་པ་གཡས་མི་འཇིགས་པ། གཡོན་ཨུད་པལ་དམར་པོ་བསྣམས་པ། ཡང་ཕྱག་གཉིས་ཀྱིས་ཨུད་པ་ལ་དམར་པོ་ཁ་བྱེ་བ་ལྟ་བུའི་མངའ་ ་དང། གཞུན་པའི་མཐར་ཐུག་པར་བཀང་སྟེ། སྒྲུབ་པར་བྱ་བ་མདུན་དུ་བསམས་ལ་སྙིང་ཁར་བསྣུན་ཏེ། སྔར་བཤད་པའི་ཨུད་པ་ལའི་ཕྱག་རྒྱས་སྙིང་ཁ་དང། དཔྲལ་བ་དང། ལྐོག་མ་དང། སྤྱི་བོར་གཏུག་པར་བྱའོ། །དེ་ནས་བཟླས་བརྗོད་བྱ་སྟེ། ཨོཾ ་ཀུ་རུ་ཀུལླེ་ཆེ་གེ་བ་ཤམ་ན་ཡ་སྭཱཧཱ། དབང་དུ་བྱ་བའི་ཆོ་ག་རྫོགས་སོ།། །།བཟླས་པའི་དུས་སུ་ཁྱད་པར་དུ་འོད་ཟེར་གྱིས་སྡིག་སྒྲིབ་སྦྱངས་ཤིང་གཞན་དབང་དུ་བྱས་པར་ཀྱང་མོས་པས་སོ། །དོན་ཡོད་གྲུབ་པས་རྒྱས་གདབ་བོ།། །།རྒྱ་གར་སྐད་དུ། ཛམ་བྷ་ལ་སཱ ་དྷ་ནཾ། བོད་སྐད་དུ། གནོད་གནས་ཀྱིས་སྒྲུབ་པའི་ཐབས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གནོད་གནས་ལ་ཕྱག་འཚལ་ལོ། །ནོར་འདོད་པ་དག་གིས་བསྒོམ་པར་འདོད་ན་ཆོ་ག ་སྔར་བཤད་པ་བཞིན་དུ་བྱས་ལ། གཞན་དུ་ན་ས་བོན་གསུམ་པའི་གསུམ་པ་མདོག་སེར་པོ། ཐིག་ལེས་མནན་བ་ཟླ་བ་ཕྱེད་བས་བརྒྱན་པ། དེ་ཉིད་ལས་བྱུང་བའི་མགོན་པོ་གནོད་གནས་ཞལ་གཅིག་པ་ཕྱག་གཉིས་པ། གཡས་ན་བི་ཛ་སྤུ་རི་བསྣམས་པ། གཡོན་ན་ནེའུ ་རྒྱལ་བ་རིན་པོ་ཆེའི་ཆར་འབེབས་པ་བསྣམས་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་ཅན་དང་པད་མའི་མགོ་ཅན་གྱི་གཏེར་ཆེན་པོ་མནན་པ། རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པ་རང་གི་ཁྱིམ་གྱི་ཕྱོགས་གཅིག་ཏུ་བསམ་པར་བྱའོ ་ཨུད་པ་ལ་སྔོན་པོའི་ཕྲེང་བ་ཁ་ཐུར་དུ་བལྟས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གནོད་གནས་སུ་བདག་ཉིད་བསྒོམ་པར་བྱའོ། དེ་ནས་ཕྱག་ནི་ལག་པ་ཐལ་མོ་ཁོང་དུ་བྱས་ལ། གུང་མོ་གཉིས་ཀྱིས་ཚིགས་གསུམ་པ་བཅག་པའི་ཕྱག་རྒྱས་སྙིང་ཁའི་དང ་ཁྲིལ་བ་དང། ལྐོག་མ་དང། སྤྱི་བོར་གཏུགས་ཏེ་བཟླས་བརྗོད་བྱའོ། །ོཾ་ཛམ་བྷ་ལ་ཛ་ལེན་ཏྲ་ཡེ་སྭཱཧཱ། འདི་ཉིད་ཀྱི་ཆུ་སྦྱིན་བླུགས་བརྒྱ་རྩ་བརྒྱད་དབུལ་ལོ། །མཆོད་པ་ཡང་བྱས་ལ་བཟླས་པ་བརྩམས་པར་བྱའོ། །དེ་ནས་ནོར་གྱི་བདག་པོ་ཆེན་པོར་གྱུར་པར་ཐེ་ཚོམ ་ཡང་ངོ། །མགོན་པོ་གནོད་གནས་ཀྱི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བྷྲཱི་ཀུ་ཊི་ལ་སཱ་དྷ་ནི། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་ག་ལས་ས་བོན་ལྔ ་