CLOSE WINDOW

N3266: 'phags pa kha sarpa Ni 'jig rten mgon pa'i sgrub thabs
Wyliee-texts based on the ACIP/ALL Input

བར་གྱུར་བའི་ཧྲི་ཡིག་དཀར་པོ་བསམས་པའི་འོད་ཀྱིས་ནམ་མཁའ་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསལ་བར་སྣང་བར་བྱས་ལ། ཡང་དེའི་འོད་འཕྲོས་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་ལ་ཕྱག་བྱས་ཏེ། སྡིག ་པ་བཤགས་ཤིང་རྗེས་སུ་ཡི་རང་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཏེ། རྒྱལ་བའི་ལམ་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འོད་སླར་འདུས་པ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྭ་བྷ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷ་བ་ཤུདྡྷ་ཧཾ། ཨོཾ་ཤཱུ་ནྱ ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོཧཾ་ཞེས་བརྗོད་དོ། །དེ་ནས་མྱུར་དུ་པཾ་ལས་པདྨ་དམར་པོར་ཨ་ལས་གྱུར་བའི་སེང་གེའི་གདན་གྱི་སྟེང་དུ་ཙམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དུ་ཧྲི་ལས་སེང་གེའི་སྒྲ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་དབུ་སྐྲའི ་ཅོད་པན་ཅན། སྣང་བ་མཛའ་ཡས་ཀྱིས་དབུ་རྒྱན་ཅན་སྤྱན་གསུམ་པ། ཕྱེད་སྐྱིལ་དུ་རྒྱལ་པོ་ཆེན་པོ་ཆེན་པོའི་བཞུགས་སྟང་སུ་བཞུགས་པ། ཕྱག་གཡོན་གྱི་ཕྱག་མཐིལ་ས་ལ་སྦྱར་བའི་མཐེབ་མཛུབ་ཀྱིས་རལ་གྲིས་མཚན་པའི་པདྨ་བཟང་པོའི་ཡུ? ་བ་འཛིན་པ། དེའི་ངོས་སུ་གཞན་ཡང་བྷན་དྷ་དཀར་པོ་ཛྲི་ཞིམ་པའི་མེ་ཏོག་སྣ་ཚོགས་ཀྱིས་བཀད་བའི་པདྨའི་ཡུ་བ་ཅན་ཡོད་པ་དང། ཕྱག་གཡས་པ་པུས་མོ་ལ་བརྟེན་ཏེ་བརྐྱང་བ་ལ་རྟེན་པར་ཏི་ཤུལ་སྦྲུལ་དཀར་པོས་བཀྲིས་པ་ཡོད་ཅིང། བསམ་གཏན་མཛའ་ ་བའི་ཚུལ་ཅན་དབུའི་ཐད་ཀ་ནས་རིགས་ལྔའི་སངས་རྒྱས་འཕྲོ་བ་བསྒོམས་ལ། སྙིང་གའི་ཟླ་བའི་ཧྲི་བསམས་པ་ཛ(རྒྱུད་འགྲེལ་ཨོཾ་ཨཱ(རྒྱུད་འགྲེལ་གནས་དབེན་པར་བདེ་བའི་སྟན་ལ་སྔགས་པ་འདུག་སྟེ། དང་པོར་ཚངས་པའི་གནས་བཞི་བསྒོམ་མོ། །དེ་ནས་སྙིང་གར་ཨའི་ཟླ་བར་ཧྲཱི(རྒྱུད་འགྲེལ་པར་བྱའོ། །ཡང་དེའི་འོད་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་པ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །དེའི་འོག་ཏུ་ཨོཾ་སྭ་བྷ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་བ་ཤུདྡྷོ་ཧཾ་ཞེས་བརྗོད་པས་བདག་ཉིད་སྟོང་པར་བསྒོམ་མོ། །དེ་ནས་སྣ་ཚོགས་པདྨར་ཟླ་བའི་དཀྱིལ་འཁོར་དུ ་ཧྲཱི(རྒྱུད་འགྲེལ་དབུ་སྐྲའི་ཅོད་པན་ཅན་དང། སྣང་བ་མཛའ་ཡས་ཀྱི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་པའི་ན་བཟའ་གསོལ་བ། ཕྱག་གཡས་པུས་མོ་ལ་བརྟེན་ཏེ་བརྐྱང་བ། གཡོན་པ་པདྨ་བསྣམས་པར་བསྒོམས་ལ། དཔྲལ་བར་ཟླ་བ། མགྲིན་པར་ཨོཾ། སྙིང་གར ་ཨཱ(རྒྱུད་འགྲེལ་རྟེན་མགོན་པོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཏཱ་ར་དེ་བྱེ་སཱ་དྷ་ནཱཾ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་གས་བདུད་རྩིའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེའི་སྡེ་མཚན་ལྔ ་པའི་དང་པོའི་ས་བོན་ལ། དང་པོའི་གཉིས་ལས་རྫོགས་པར་བྱས་པ་ལ་ཟླ་བ་ཕྱེད་པ་དང། ཐིག་ལེས་བརྒྱན་པ། དེ་ཉིད་ལས་བྱུང་བའི་ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ། །སྐུ་མདོག་ལྗང་གུ་ཕྱག་གཉིས་པ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་ན་ཨུཏཔ་ལ་བསྣམས ་