| Wylie | e-texts based on the ACIP/ALL Input |
ལས་ནས་རྡོ་རྗེ་སྨྲ་བ་ལ་ཐུག་པ་ནི་དྲག་པོའོ། །དེ་རྣམ་པ་བཅུ་གཉིས་སུ་བསྐོར་བའོ། །གོང་དུ་བསྐོར་བ་ཐམས་ཅད་དེ་ལྟར་བསྐོར་བར་བྱའོ། །ཡི་གེ་བརྒྱ་པའི་ཆོ་ག་སློབ་དཔོན་པདྨས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ་ཤྲཱི་ཨ་ཛི་ཏཱ་ནཱ་ཐ་སཱ་དྷ་ནི། བོད་སྐད་དུ། དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ས་བཅུའི་དབང་ཕྱུག་འཇིག་རྟེན་མགོན། །བྱམས་ཆེན་མི་ཕམ་མགོན་པོ་ལ། །ཕྱག་འཚལ་ནས་ནི་རང་དྲན་ཕྱིར། །དེ ་ཡི་སྒྲུབ་ཐབས་མདོར་བསྡུས་བྱ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་སྟེ། ཚངས་པར་སྤྱོད་པ་དང། ཚངས་པའི་གནས་པས་ལེགས་པར་གནས་པར་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །དེའི་ངང་ལ ་པདྨ་དང་ཟླ་བའི་སྟེང་དུ་བདག་ཉིད་ཡི་གེ་མཾ་གསེར་གྱི་མདོག་ཅན་བལྟས་ལ་འོད་ཟེར་སྤྲོ་བ་དང་བསྡུ་བ་སྔོན་དུ་སོང་བས་བྱང་ཆུབ་ཀྱི་ཀླུ་ཤིང་གི་བུམ་པས་མཚན་པར་བསམ་མོ། །དེ་ཡང་སྔ་མ་ལྟར་སྦྱར་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བས་འཕགས་པ ་བྱམས་པའི་སྐུར་ཉེ་བར་བལྟའོ། །དེ་ལ་འཕགས་པ་བྱམས་པ་གསེར་བཙོ་མའི་མདོག་ཅན། ཁྲུ་བརྒྱད་བཅུའི་ཚད་མངའ་བ་མཚན་བཟང་པོ་དང་དཔེ་བྱད་བཟང་པོ་ཡོངས་སུ་དག་པས་བརྒྱན་པ། བརྩོན་པའི་ཚེ་བྱད་འགྱིང་བག་ཕུན་སུམ་ཚོགས་པ་དང་ལྡན་པ ་ཕྱག་གཡས་ཆོས་འཆང་དང། གཡོན་ཀླུ་ཤིང་རྒྱས་པའི་སྡོང་བུ་རིལ་བས་མཚན་པ་འཛིན་པ། སྐུ་བལྟ་བས་ཆོ་ག་མི་ཤེས་ཤིང། རང་བཞིན་གྱི་འོད་ཀྱི་དཀྱིལ་འཁོར་རྣམ་པར་འཕྲོ་བ་རལ་པའི་ཅོད་པན་མཛེས་པ་ལ། མཆོད་རྟེན་གྱི་ནི་གཙུག་ཏོར་སྤྲས། ་ཚངས་སྐུད་དང་ནི་ཕྲེང་བས་བརྒྱན། །སྙིང་གའི་བཅས་པ་བསྣམས་པའོ། །དེ་རྗེས་མགོན་པོ་ཉིད་བསྐུལ་བ། །དགའ་ལྡན་ནས་ནི་ཡེ་ཤེས་དགུག་།ཛ(རྒྱུད་འགྲེལ་སྙིང་རྗེ་ཆེན་པོ་ཅན། །གྲུབ་པའི་གསང་སྔགས་བཟླས་པར་བྱ། །འབུམ་ཕྲག་བཅུས་ནི་བསྙེན་པ་འགྲུབ། །དངོས་དང་རྨི་ལམ་དག་མཐོང་ལ། །དགའ་ལྡན་གཞལ་མེད་བགྲོད་པ་དང། །དེ་ཡིས་ཕྱག་མཚན་གཉིས་མཐོང་ངམ། མི་ཕམ་རྒྱལ་ཚབ་མཐོང་གྱུར་པ། །དེ་ཚེ་དེ་ཡི་དྲི་མ ་དག་།ཆུ་བོས་གྲུས་ནས་ཟོས་པ་ཡི། །ལྗོན་ཤིང་བཞིན་དུ་འབད་མེད་པར། །ཚེ་འདི་ཉིད་ལ་ཟད་པར་བྱེད། །ོཾ་མཻ་ཏྲི་མཻ་ཏྲི་ཡེ་སྭཱཧཱ། སྒྲུབ་པོ་གང་ཞིག་འཕགས་པ་ལ། །དང་པ་མ་དང་འགྲོ་བ་བརྩེ། །རྟག་ཏུ་སྨོན་ལམ་ཡོད་སྟོན་པ། །དེ་དག་རྗེ་བཙུན་མདུན་དུ་སྐྱེ།། ་དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས། སློབ་དཔོན་ནི་རི་ཏི་པས་མཛད་པ་གནུབས་ལོཙྪ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་ཡ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་བྱམས་པའི་སྒྲུབ་ཐབས། རྗེ་བཙུན ་བྱམས་པ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས། སྟོང་པ་ཉིད་བསྒོམས་པའི་རྗེས་ལ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའ་ཨི་སྐྱིལ་དུ་བཞུགས་པ། ཞལ་གསུམ་པ། སྤྱན་གསུམ་གསུམ་པ། ཕྱག་བཞི་པ། ནག་པོ་དང ་དཀར་པོའི་ཞལ་ནི་གཡས་དང་གཡོན་ནོ། །དབུས་ཀྱི་ཞལ་གསེར་གྱི་མདོག་ཅན་རབ་ཏུ་སེར་པ། ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་འཛིན་པ། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་མཆོག་སྦྱིན་དང། ཀླུ་ཤིང་མེ་ཏོག་རྒྱས་པའི་སྙེ་མ ་བསྣམས་པ། རྒྱན་སྣ་ཚོགས་པས་རྒྱན་པའི་གཟུགས་ཅན་གྱི། བྱམས་པ་མགོན་པོར་བདག་ཉིད་བསྒོམ་པར་བྱའོ། །ཁུ་ཚུར་སོ་སོར་བཅིངས་ལ་མཛུབ་མོ་མཐེ་བོང་གི་དབུས་སུ་བཞག་པ་མེ་ཏོག་གི་རྣམ་པར་བྱས་ལ། དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ ་མཻ་མཻ་ཏྲི་མཻ་ཏྲི་ཡེ་སྭཱཧཱ། འཕགས་པ་བྱམས་པའི་སྒྲུབ་ཐབས་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོས་མཛད་པའོ། །ལོཙྪ་བ་བྱམས་པ་དཔལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་ཡ་སཱ་དྷ་ནི། ་