| Wylie | e-texts based on the ACIP/ALL Input |
བྱས་པ། །དགེ་བ་གང་དེས་རྣམ་པར་སྣང་མཛད་ཐོབ་གྱུར་ནས། །འཇིག་རྟེན་གསུམ་པོའི་སྡིག་པ་མཛའ་དག་འཇོམས་པར་ཤོག། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བྷུ་ཏ་ཌཱ་མ་རཱ་སཱ་དྷ་ནོ་པ་ཡིས། བོད ་སྐད་དུ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །འབྱུང་པོའི་སྙེམས་པ་རྣམས་འཇོམས་པའི། །ཁྲོ་བོ་འདུལ་བྱེད་ཕྱག་འཚལ་ནས། །ཇི་ལྟར་རྙེད་པའི་མན་ངག་གིས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །དང ་པོར་རེ་ཤིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ཏེ། དེའི་དབུས་སུ་ཧཱུཾ་ཡིག་འབར་པ་བསམས་ནས། སྔགས་འདི་བཟླས་པར་བྱའོ། །ོཾ་སིདྡྷི་བཛྲ་ཧཱུཾ་དེ་ནས་ཕྱག་རྒྱ་བཅིང་བར་བྱའོ། །སོར་མོ་རྣམས་ཕན་ཚུན་དུ་འཁྱུད་ནས། སྡིགས ་མཛུབ་གཉིས་པོ་རྩེ་མོ་བཞིན་དུ་བརྐྱང་བར་བྱའོ། །སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ། །དེ་ལ་ར་ཡིག་དམར་པོ་ཐིག་ལེ་དང་བཅས་པ་འབར་ཞིང་འབར་བའི་ཕྲེང་ང་འཁྲིག་པ་བསམ་པར་བྱའོ། །འདིར་སྡིག ་པ་ཐམས་ཅད་ཞི་བ་བརྗོད་པར་བྱ་སྟེ། ཨོཾ་ཧ་ན་བི་དྷཾ་ཤ་ཡ་ནཱ་ཤ་ཡ་པཱ་པཾ་ཧཱུཾ་ཕཊ། །དེའི་རྗེས་ལ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །མདུན་དུ་ཀུན་ད་དང། ཤལ་བཞིན་དུ་བལྟ་བར་བྱའོ། །དེའི་དབུས་སུ་ཧཱུཾ་ཡིག་དང་ཧྲཱི(རྒྱུད་འགྲེལ་འདབ་མ་བརྒྱད་པ་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་དེ་བཞིན་དུ་ཧཱུཾ་ཡིག་འབར་ཞིང་འཁྲིགས་པ་རྣམ་པར་བསྒོམས་ནས། ཁྲོ་བོ་འབེབས་པའི་ཕྱག་རྒྱ་དང་སྔགས་ཀྱིས་གདབ་པར ་བྱའོ། །ཕན་ཚུན་དུ་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་གཉིས་འཁྱུད་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་པར་བྱའོ། །དེ་ལ་བསོད་ནམས་དང་ཡེ་ཤེས་ལས་མངོན་པར་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འབར་བཞིན་པའི་རྡོ་རྗེ་ནག་པོ་ལས་འོད་ཟེར་འཕྲོ་ཞིང་འབར་བའི་ཕྲེང་བ་འཁྲིགས་པ་བསྒོམ་པར་བྱ། །རྡོ་རྗེ་དེ་ལས་དབང་ཏུ་མེད་པའི་ཁྲོ་བོ་ལ་སོགས ་པ་ཕྱོགས་བཅུར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫུ་འཕྲུལ་ལ་སོགས་པ་མཛད་པར་བལྟ་བར་བྱའོ། །དེ་ལ་ཕྱག་རྒྱ་དེ་བཞིན་དུ། མངོན་དུ་ཕྱོགས་པས་དགུག་པར་བྱ། །སྔགས་ནི་བརྗོད་པས་དེ་ཉིད་ལ། །རྡོ་རྗེ་དང་ནི་ཞགས་པ་བསམ། ་ཨོཾ་བཛྲ་བེ་ཤ་པ་ཏ་ཡ་ཧཱུཾ། དེ་ནས་ཁྲོ་བོ་ཆེན་པོའི་སྐུར་བདག་ཉིད་བསྒོམ་པར་བྱ་སྟེ། དྲག་པོ་འབར་བའི་ཕྲེང་བ་འཁྲིག་པའི་འོད་ཅན། ཕྱག་བཞི་པ། ཁྲོ་པོ་ཆེན་པོ་མིག་སྨན་ཕྱིས་པའི་འོད་ལྟ་བུ་ཕྱག་གཡས་པས་རྡོ་རྗེ་གསོར་པ། གཡོན་པས ་སྡིགས་མཛུབ་མཛད་པ། ཞལ་མཆེ་བ་གཙིགས་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། མཛའ་ཡས་ཀྱིས་ཚངས་སྐུད་བྱས་པ། ནོར་རྒྱས་ཀྱིས་སྐ་རགས་བྱས་པ། དུང་སྐྱོང་གིས་ལག་གདུབ་བྱས་པ། །གཞན་ཡང་འདི་རྣམས་དཀར་བའོ། །ཕྱག་གཡོན་པ་ལ་རིགས ་ལྡན་གྱི་ལག་གདུབ་བྱས་པ་སྟེ། དངུལ་ཆུའི་ཁ་དོག་ལྟ་བུའོ། །དགའ་བོ་དང་ཉེ་དགའ་བོས་རྣ་རྒྱན་བྱས་པ། འཇོག་པོས་མགུལ་རྒྱན་བྱས་པ། དཔུང་རྒྱན་ནི་གཞན་ཏེ་འདི་རྣམས་ནི་སེར་པོའོ། །པདྨ་དང་པདྨ་ཆེན་པོ་དམར་པོས་ཀྲང་གདུབ་བྱས་པ། སྟོབས་ཀྱི་རྒྱུན་ག ་པོས་དབུ་སྐྲ་བཅིངས་པའོ། །ཐོད་པའི་ཕྲེང་བ་དབུ་རྒྱན་ཅིང། །འཇིག་རྟེན་གསུམ་ཡང་འཇོམས་བྱེད་པའི། །ཊཊཱཊཊ་ཡི་གར་ཆེན་སྒྲོགས། །ཁྱབ་བདག་འཇིག་རྟེན་གསུམ་ན་གནས། །གཡོན་བརྐྱང་ཞབས་ཀྱིས་ལེགས་བཞུགས་པ། །ཉི་མ་བྱེ་བའི་འོད་དང་མཚུངས? ་གཞན་གྱིས་མི་ཐུབ་ཞབས་ཀྱིས་གནོན། །ཕྱག་རྒྱ་སྔགས་ཀྱིས་རབ་ཏུ་གནས། །མིང་མེད་གཉིས་པོ་འཁྱུད་བྱ་ཞིང། །མཛུབ་མོ་གཉིས་པོ་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོ་འང་དེ་བཞིན་དུ། །མཐེབ་ཆེན་གྱིས་ནི་མནན་པར་བྱ། །མཆོག་གི་ཕྱག་རྒྱ ་འདི་ཡིས་ནི། །དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་སྒྲུབ། །དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི་ཕྱག་རྒྱ་དང། སྔགས་ཀྱི་ཡན་ལག་དྲུག་ལ་དགོད་པར་བྱའོ། །ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་གུང་མོ་དག་རབ་ཏུ་བརྐྱང་བར་བྱའོ། །སྤྱི་བོར་ཕྱག་རྒྱའི་སྔར་བཞིན ་ཨོཾ་ཧ་ན་བཛྲ་ཧཱུཾ། ཕྱག་རྒྱ་འདིས་དེ་བཞིན་དུ་གུང་མོ་དག་ནང་དུ་བཅུག་སྟེ། མཛུབ་མོ་དག་རྩེ་མོར་བྱས་པ་ནི་ཐོར་ཚུགས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ད་ར་བཛྲ་ཧཱུཾ། དེ་བཞིན་དུ་ཕྱག་རྒྱ་འདིས་མཐེབ་ཆེན་དག་ལོགས་སུ་བྱས་ཏེ། མཐེར་ཆེན་གཡས་པ ་མི་མིག་གཡས་ལ་མཐེབ་ཆེན། གཡོན་པ་ནི་མིག་གཡོན་པ་ལ་ཨོཾ་དཱཔཏི་བཛྲ་ཧཱུཾ། ཕན་ཚུན་ཁུ་ཚུར་བཅིངས་ནས། མཐེ་འུ་ཆུང་གཉིས་འཁྱུད་པར་བྱའོ། །མཛུབ་མོ་དག་རབ་ཏུ་བརྐྱང་བར་བྱའོ། །སྙིང་གའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་བཛྲ་རོ་ཥ་ཧཱུཾ། ་དེ་བཞིན་དུ་ཕྱག་རྒྱ་འདིས་མཛུབ་མོ་དག་རྣ་རྒྱན་དུ་བྱའོ། །གོ་ཆའི་ཕྱག་རྒྱའི་སྔགས་ནི། ཨོཾ་ཌི་ཌཧ་བཛྲ་ཧཱུཾ། མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཧ་ན་ད་ཧ་བ་ཙ་ཀྲོ་དྷ་བཛྲ་སརྦ་དུཥྚ་ན་མ་ར་ཡ ་ཧཱུཾ། དེ་ནས་རྡོ་རྗེ་ཁྲོ་བོ་དབབ་པར་བྱའོ། །ཕན་ཚུན་བར་དུ་བྱས་ནས་མཛུབ་མོ་གཉིས་བསྐུམ་པར་བྱའོ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་མ་ནུ་པཱ་ལ་ཡ་ཤཱིགྷྲ་མ་གཙྪ་ཧྲི(རྒྱུད་འགྲེལ་གཉིས་ལོགས་སུ་སྦྱར་བར་བྱའོ། །ོཾ་སརྦ་དེ་བ་ཏིཔཏ་སཱི་ད་བྷ་ག་བཱན་མཧཱ་ཀྲོ་དྷ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཨ(རྒྱུད་འགྲེལ་ཆེན་བཟུང་བར་བྱའོ། །གཡས་པའི་མཐེབ་ཆེན་བསྒྲེང་བར་བྱའོ། །ོཾ་ཛ་ཡ་ཛ་ཡ་མ་ཧཱ་ཀྲོ་དྷ་ཏི་ཀྲོ་དྷ་རཱ་ཛ་ཨི་དཾ་བྷུ་ཏ་སེ་ནཾ་དང་ཤཱ་ཡ་རཀྵ་རཀྵ་པྲ་ཏི་གྲིཧྞ་སྭཱཧཱ། ཐལ་མོ་སྦྱར་བར་བྱས་ནས་སོར་མོ་ཐམས་ཅད་མ་འབྱར་བར་བྱས་པ་ནི་པདྨའི་ཕྱག་རྒྱ་ཞེས ་བརྗོད་པར་བྱའོ། །གདན་གྱི་ཕྱག་རྒྱའི་སྔགས་ནི་ཨོཾ་པད་མོད་བྷ་བ་ནི་ཥན་ཎཱ་ཡ་སརྦ་དེ་བཏྟ་སྭཱཧཱ། དེ་ནས་འཕང་བར་བྱ་སྟེ། ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་མཐེབ་ཆེན་རབ་ཏུ་བརྐྱང་ཏེ། ཁུ་ཚུར་གཡོན་པ་སྙིང་གར་བཞག་སྟེ། ཁུ་ཚུར་གཡས་པ ་མཚོན་ཆ་འཕེན་པའི་ཚུལ་དུ་བྱའོ། །ོཾ་ནཱ་ཤ་ཡ་སརྦ་དུཥྚན་བ་ཧ་བ་ཙམ། དུཥྚན་པས་མི་ཀུ་རུ་ཧཱུཾ་ཕཊ། དེ་ནས་སྔགས་འདས་ཕྱོགས་བཅིང་བར་བྱ་སྟེ། ཕན་ཚུན་ཁུ་ཚུར་སོ་སོར་བཅིངས་ཏེ། ལག་པ་གཡོན་པའི་སྡིགས་མཛུབ་རབ་ཏུ་བརྐྱང་སྟེ་གཡས ་པའི་དཔུང་བའི་རྩ་བར་བཞག་པར་བྱའོ། །གཡས་པའི་མཐེབ་ཆེན་གྱིས་མཐེའུ་ཆུང་གི་སེན་མོ་མནན་ཏེ་སོར་མོ་ལྷག་མ་རྣམས་རབ་ཏུ་བརྐྱང་ནས་ཕྱོགས་བཅུར་བསྐོར་བར་བྱའོ། །ོཾ་བཛྲ་ཀྲོ་དྷ་མཧཱ་ཙཎྜ། བྷནདྷ་བྷནདྷ། ཤ་བི་ཤཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས ་འདིའི་བརྗོད་ནས་རྡོ་རྗེ་གསོར་བར་བྱ་སྟེ། ཁྲོ་བོའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་རྒྱ་ཆེན་དམ་ཚིག་བསྟན། །ལྷ་རྣམས་ཀུན་གྱི་དངོས་གྲུབ་དང། །བླ་མེད་དངོས་གྲུབ་བདག་མྱུར་མཛོད། །ཁྲོ་བོའི་རྒྱལ་པོའི་རྩ་བའི་ཕྱག་རྒྱ་བཅིངས་ནས་ཧཱུཾ་བཛྲ་ཕཊ། བལྟ་ཞིང་དམ ་ཚིག་སྦྱིན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པར་བྱས་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་ཁྲོ་བོ་རང་གི་ལུས་ལ་རབ་ཏུ་གཞུག་པར་བྱའོ། །ོཾ་པྲ་བྷི་ཤ་ཀོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་ཨཱ(རྒྱུད་འགྲེལ་དུ་བསྒོམས་ཏེ་གོ་ཆ་ལ་སོགས་པ་བྱས་ནས་ཐམས་ཅད་འདིར་རྫོགས་པར་བྱ་བའི་དོན་དུ་སྙིམ་པས་ཐལ་མོ་སྦྱར་ནས་རྫོགས་པར་བྱ་བའི་སྔགས་བརྗོད་པར་བྱའོ། །ོཾ་སིདྡྷ་བཛྲ་ཨཱ་པཱུ་ར་ཡ་ཨ་པཱུ་ར་ཡ་ཧཱུཾ་ཕཊ། འདིས་ལྷག་ཆད་ཐམས་ཅད ་ཡོངས་སུ་བསྐོང་བར་འགྱུར་རོ། །དེ་ནས་ཁྲོ་བོའི་ང་རྒྱལ་བསྐྱེད་པས་དངོས་གྲུབ་ཐམས་ཅད་འགུགས་པར་བྱེད་དོ། །སྔགས་འདིས་ཕན་ཚུན་དུ་ཁུ་ཚུར་བཅིངས་ཏེ་མཐེའུ་ཆུད་གཉིས་པོ་འཁྱུད་པར་བྱའོ། །མཛུབ་མོ་རབ་ཏུ་བརྐྱང་སྟེ་བཀུག་ནས་ཅུང་ཟད་བསྐྱོད་པར ་བྱའོ། །ོཾ་བཛྲ་རོ་ཥ་མཧཱ་ཀྲོ་དྷ་སིདྡྷ་ཀ་ཥ་ཡ་ཧཱུཾ་ཛ(རྒྱུད་འགྲེལ་བསམ་པར་བྱའོ། །དེའི་ཡིད་ཡི་གེ་དང་སེམས་རྩེ་གཅིག་ཏུ་གྱུར་པས་སོ། །བཟླས་པས་ངལ་ན་ཁྲོ་བོའི་རང་གི་སྙིང་གའི་ནང་དུ་བསྒོམས་ཏེ། ཐལ་མོ་སྦྱར་ནས་དངོས་གྲུབ་ཐམས་ཅད་ཞུ་བར་བྱའོ། །སིདྡྷི་བཛྲ་ཨ་སུ་ར་ཡ་སརྦ་སཏྭཱ་ནི། ཨཱ་བཾ་སརྦ་སིདྡྷི་མཾ་པྲ་ཡཙྪ་ཧཱུཾ ་ཛ(རྒྱུད་འགྲེལ་ལ་ཆོ་ག་བྱས་ཏེ། ཁྲོ་བོའི་ང་རྒྱལ་གྱི་ཡིད་ཀྱིས་སྤྱོད་ལམ་ཅི་བདེ་བར་བྱའོ། །རིམ་པ་འདིས་སྟགས་འབུམ་ཕྲག་གཅིག་བཟླས་པས་མྱུར་དུ་འགྲུབ་བོ། །དེ་ནས་སྔགས་པས་དབང་བསྐུར་པ་རྗེས་སུ་གནང་བར་བྱས་ཏེ། སྔོན་དུ་བསྙེན ་པས་རྡོ་རྗེ་འཛིན་པ་བསྒྲུབ་པར་འདོད་པས་ཟླ་བ་གཅིག་ཏུ་ཐུན་མཚམས་གསུམ་དུ་སྟོང་ཕྲག་རེ་བཟླས་པར་བྱའོ། །དེ་ནས་བཅོ་ལྔ་ལ་ཇི་ལྟར་འབྱོར་བའི་མཆོད་པ་བྱས་ནས། ཏིང་ངེ་འཛིན་ལ་ལེགས་པར་གནས་ཏེ། ཁྲོ་བོའི་ཕྱག་རྒྱ་བཅིངས་ནས ་མཚན་མོ་རིལ་པོ་བཟླས་པར་བྱའོ། །དེ་ནས་ནང་བར་སྔ་བར་ས་གཡོ་བའི་ཕྱག་རྒྱ་འབར་ཏེ། འབར་བ་ཙམ་གྱིས་རྡོ་རྗེ་འཛིན་པ་དང་མཚུངས་པར་འགྱུར་ཏེ། རྒས་པ་དང། འཆི་བ་མེད་པར་ལྷའི་ལུས་སུ་འགྱུར་བར་བཅོམ་ལྡན་འདས་རྡོ་རྗེ ་འཛིན་པས་གསུངས་སོ། །མདོར་བསྡུས་པ་ཡོངས་སུ་རྫོགས་ཤིང་རྒྱས་པའི་རིམ་པར་གྱུར་པ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་མ ་