CLOSE WINDOW

N3256: dpal 'byung po 'dul byed kyi sgrub thabs mdor bsdus pa
Wyliee-texts based on the ACIP/ALL Input

ནས་སྔགས་བཟླས་པར་བྱའོ། །ོཾ་ཨ་ཨཱ་ཨི་ཨའི་ཨུ་ཨའུ་རི་རཱི་ལི་ལཱི་ཨེ་ཨི་ཨོ་ཨཽ་ཨཾ་སྭཱ་ཧཱ། ཞེས་སྔགས་བཟླས་པར་བྱའོ། །བདག་མེད་མའི་སྒྲུབ་ཐབས་རྫོགས་སོ། །།རྒྱ་གར་སྐད་དུ། ཤྲཱི་བྷུ་ཏ་ཌ་མ་ར་སཾ་ཀྵིཔཏ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང་པོ ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལུས་ངན་སོགས། །མྱོས་རྣམས་འཇོམས་པར་མཁས་པ་ཡི། །དཔལ་ལྡན་འབྱུང་འདུལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །མདོར་བསྡུས ་མན་ངག་རྣམ་དག་པས། །མདོར་བསྡུས་འདོད་ཕྱིར་སྦྱར་བར་བྱ། །གནོད་སྦྱིན་གནོད་སྦྱིན་མོ་སོགས་འགྲུབ། །བདག་སྙིད་ཡ་མཚན་སྐྱེས་ནས་བྲིས། །དང་པོར་དེ་ཞིག་སྔགས་པས་ཐུགས་ཀར་ཟླ་བ་ལ་ཁམས་གསུམ་རྣམ་པར་གསལ་བའི་འོད་ཟེར་ཡང་དག ་པར་འཁྲིགས་པ། ལུས་ལ་རཾ་ཡིག་དམར་པོའི་ས་བོན་རྣམ་པར་བསམ་པར་བྱའོ། །དེ་ནས་དག་པའི་ལྕགས་ཀྱུའི་རྣམ་པས་མདུན་དུ་འབྱུང་པོ་འདུལ་བྱེད་གདན་དྲངས་ནས་བླ་ན་མེད་པའི་ཆོད་པ་རྣམ་པ་བདུན་གྱིས་མངོན ་པར་མཆོད་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་ཀུན་ད་དང་མཚུངས་དྲི་མེད་རྣམ་རྒྱས་མཚན་མོར་བྱེད་པ་ཡི། །སྟེང་དུ་དུང་འདྲ་ཧཱུཾ་ཡིག་བཀོད་པའི་གནས་དབུས་ཟླ་བའི་དཀྱིལ། །ཤིན་ཏུ་འབར་བྱེད་མ་ལུས་ཡོངས་གྱུར་ཡང་དག་ལས། །སྣ་ཚོགས ་ཆུ་སྐྱེས་འདབ་མ་འཇམ་པོ་བལྟ་བར་བྱ། །དེ་ནས་དེའི་དབུས་སུ་ཨཾ་ཡིག་ཡོངས་གྱུར་སྨན་གྱི་དབང་པོ་སྟེ། །ཧཱུཾ་ཡིག་སྙིང་པོ་ཧཱུཾ་ཡིག་ཡོངས་གྱུར་ལས། །མཐིང་ནག་འབར་བའི་རྡོ་རྗེ་རྣམ་པར་བསྒོམ། །དེ་དག་ཡོངས་གྱུར་སྐད་ཅིག་གིས་བལྟ་ཞིང། །ཚེ ་གཙིགས་སྐུ་མདོག་མཐིང་ནག་འབྱུང་པོ་རྣམས། །སྐྲག་མཛད་རང་བཞིན་འགྲོ་ལ་ཉེར་ཕན་མཛད། །ཁྱབ་བྱ་གཅིག་ཆགས་རུང་ཡིད་འཕྲོག་བྱེད་དང། །དབང་ཕྱུག་གཞོན་སོགས་བདུད་དྲག་ལས་གཅིག་པ། ཞལ་ནི་ཅུང་ཟད་མཆེ་གཙིགས་ཤིང། །ཁྲོ ་བོ་འབར་བཞིན་རྣམ་པར་འཕྲོ། །དབུ་སྐྲ་དམར་སེར་གྱེན་བརྫེས་མཐིང། །ན་བཟའ་སྔོན་པོས་སྐུ་ལ་བརྒྱན། །ཕྱག་གཡས་ན་རྡོ་རྗེ་བསྣམས་པ། གཡོན་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཐོད་པ་ལྔའི་དབུ་བརྒྱན་ཅན། ཕྱག ་གཡོན་ན་རྩེ་གསུམ་དང་ཐོང་པ་བསྣམས་པ། གཡས་ན་ཌཱ་མ་རུ་བསྣམས་པ། རལ་པ་དམར་སེར་གྱིས་དབུ་བརྒྱན་པ། སྤྱན་གསུམ་པ། སྟག་གི་པགས་པའི་?་བསྣམས་པ། འབྱུང་པོའི་དབང་པོ་གཞན་ལས་རྒྱལ་བ་ཞབས་གཡོན ་བརྐྱང་གིས་བཞུགས་པ། ཕྱག་གཉིས་དཔལ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བཅིངས་པ་བསྒོམ་པར་བྱའོ། །དེ་ལ་ཕྱག་རྒྱ་འདིའོ། །མིང་མེད་གཉིས་པོ་བཅིངས་བྱ་སྟེ། མཛུབ་མོ་གཉིས་པ་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོ་དེ་བཞིན་དུ་མཐེབ ་ཆེན་གྱིས་ནི་གནོན་པར་བྱ། །ཀླུ་བརྒྱད་ཀྱིས་ཉེ་བར་མཛེས་པ་སྟེ། །དེ་ལ་སྟོབས་ཀྱི་རྒྱུ་སྔོན་པོས་དབུ་སྐྲ་བཅིངས་པ། །འཇོག་པོ་དམར་པོས་མགུལ་བརྒྱན་བྱས་པ། །དགའ་བོ་དང་ཉེ་དགའ་བོས་རྣ་རྒྱན་བྱས་པ། འདི་དག་ནི་སེར་པོར་གཅིག་པའོ། །མཛའ་ཡས་དཀར་བས ་ཚངས་སྐུད་བྱས་པ། །ནོར་རྒྱས་དཀར་པོས་རྐེད་རྒྱན་བྱས་པ། །ཕྱག་རྒྱའི་ཕྱག་དག་ལ་རིགས་ལྡན་དངུལ་ཆུའི་ཁ་དོག་ལྟ་བུའོ། །ཕྱག་གཞན་དག་ལ་དེ་བཞིན་དུ་དུང་སྐྱོད་དཀར་པོའོ། །ཞབས་གདུབ་ལ་པདྨ་དང་པདྨ་ཆེན་པོ་དག་གོ་།འདི་དག་ནི་དམར་པོར་གཅིག་པའོ ་དེ་བཞིན་དུ་སྤྱན་གཉིས་དམར་པོར་གྱུར་པའི་དཔལ་འབྱུང་པོ་འདུལ་བྱེད་བསྒོམ་པར་བྱའོ། །ཞེས་སོ། །ཁྲོ་བོ་དང་བཅས་ཤིང་གཅིག་ཏུ་འགྲོ་བའི་དོན་མཛད་པ། །སྙིང་ག་དང། མགྲིན་པ་དང། མཛོད་སྤུ་དང། མགོ་རྣམས་སུ་བསྲུང་བའི་དོན་དུ་ཕྱག་རྒྱས་རེག་པར ་བྱའོ། །བསམ་གཏན་གྱིས་ངལ་ན་སྔགས་བཟླས་པར་བྱའོ། །རྡོ་རྗེའི་བཟླས་པ་དང། ཁྲོ་བོའི་བཟླས་པས་སོ། །སྔགས་ནི། ཧཱུཾ་བཛྲ་ཕཊ་ཅེས་སོ། །སྐྱེས་བུ་དམ་པ་ངེས་པར་ཡོན་ཏན་དོན་གཉེར་རྣམས་ཀྱི་ཕྱིར། །གང་ཞིག་གིས་ཀྱང་དེ་བྲིས་ཅིས་ཀྱང་བུ?་?་གིས་གསལ ་བྱས་པ། །དགེ་བ་གང་དེས་རྣམ་པར་སྣང་མཛད་ཐོབ་གྱུར་ནས། །འཇིག་རྟེན་གསུམ་པོའི་སྡིག་པ་མཛའ་དག་འཇོམས་པར་ཤོག། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བྷུ་ཏ་ཌཱ་མ་རཱ་སཱ་དྷ་ནོ་པ་ཡིས། བོད ་