CLOSE WINDOW

N3249: rdo rje hum mdzad kyi sgrub thabs
Wyliee-texts based on the ACIP/ALL Input

སོགས་པ་བྱས་ནས། སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨཀོ་ཧཾ་ཞེས་པས་སོ། །དེའི་རྗེས་ལ་ཨཱཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་།དེ་ཡོངས་སུ་གྱུར་པ ་ལས་རྡོ་རྗེ་ཧཱུཾ་ཡིག་བྱིན་གྱིས་བརླབ་པར་བསྒོམ་པར་བྱའོ། །ཧཱུཾ་ཡིག་གི་འོད་ཟེར་གྱིས་བསྐུལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གཞུག་པ་སྔོན་དུ་འགྲོ་བས། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད ་བསྒོམ་པར་བྱའོ། །ཞབས་གཡོན་བརྐྱང་གིས་བཞུགས་པའི་བདག་ཉིད་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང?་ག། ཕྱག་གཡོན་པས་སྡིགས་མཛུབ་དང། ཞགས་པ། ཕྱག་གཡས་པ་རྡོ་རྗེ་འཕྱར་བ། འཇིགས་པར་བྱེད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པའི་རྡོ་རྗེའོ། །དེ་ལས་བྱུང་བའི་བགེགས་མཐར་བྱེད་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་ཆུ་སྐྱེས་འདབ་མ་སྣ་ཚོགས་ཀྱི་སྟེང་དུ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ།། ་དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་སོ། །འདི་གཉིས་དང་གསུམ་དང་བཞིའི་ཐུན་མཚམས་སུ་བསྒོམ་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་དུ་ཏཱ་ཡ་བི་ཀུ་པ་རཱ་ཡ་ཀྲི། ཨི་ཤཱ་ནཱ་ཡ་ཏཱ། ཨཱགནཱ་ཡ་ཨ། ཡ་མཱ་ཡ་ན། ནཻ་ར་ཏི་ཡེ་ན། ཙནྡྲཱ་ཡ་ཧཱུཾ། ཨརཥཱ་ཡ་ཧཱུཾ། བྲཧམ་ནེ་ཕཊ། བ་སུ་དྷཱ་རླ་ཡེ་ཕཊ། བེ་མ་ཙི་ཏྲ་ཡེ་སྭཱཧཱ། སརྦ་བྷུཏེ་བྷཡོ་ཧཱ། ཧཱི་ཧཱི། ཧཱུཾ་ཧཱུཾ། ཕེཾ་ཕེཾ་སྭཱཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །གང་ཞིག ་བཀའ་བ་ཐམས་ཅད་ཀྱི། །དང་པོ་གཤིན་རྗེ་གཤེད་ལ་དབུལ་ལོ།། །།རྒྱ་གར་སྐད་དུ། བཛྲ་ཧཱུཾ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི ་ཚོགས་ནམ་མཁའ་ཨི་ཁམས་སུ་རཾ་ཡིག་ལས་སྐྱེས་པའི་ཉི་མ་ལ་ཧཱུཾ་ཡིག་འབར་ཞིང་འབར་ལ་སྐལ་པ་ཐ་མའི་མེ་ལྟ་བུར་ཤིན་ཏུ་མཆོག་ཏུ་ཁ་དོག་གནག་པ་འོད་ཟེར་ཆེན་པོའོ། །དེ་ལས་སྐྱེས་པའི་དྲག་པོ་ཆེན་པོ་ཁམས་གསུམ་ཟད་པར་མཛད་པ། ཕྱག ་གཉིས་རྡོ་རྗེ་དང་དྲིལ་བུ་རབ་ཏུ་སྦྱོར་བའི་ཕྱག་རྒྱ་བཅིང་བར་བྱའོ། །གཡོན་བརྐྱང་གིས་ཞབས་ཀྱིས་དེ་བཞིན་དུ་འཇིགས་བྱེད་མནན་ཅིང་འཇིགས་པར་བྱེད་པ། སྙིང་ག་དང། མགྲིན་པ་དང། མགོ་བོ་རྣམས་སུ་ཨོཾ་ཨཱ(རྒྱུད་འགྲེལ་ཆོ་གས་ཐུགས་རྡོ་རྗེའི་ཕྱག་རྒྱ་བཅིང་བར་བྱའོ། །སྔགས་ནི་ཨོཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མཧཱ་བ་ལ་སཱ་དྷ་ནཾ། བོད་སྐད་དུ། སྟོབས་པོ་ཆེའི་སྒྲུབ་ཐབས། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལ་ཕྱག ་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་ཀྱི་མཐར་པདྨ་དཀར་པོ་དང་ཉི་མ་ལ་ཧཱུཾ་ཡིག་ལས་བྱུང་བའི་སྟོབས་པོ་ཆེ་ཞལ་གཅིག་པ་ཕྱག་བཞི་པ་སྐུ་མདོག་ཐམས་ཅད་དམར་པོ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། སྤྲུལ་གྱིས་བཅིངས་ལ། ཕྱག་བརྒྱ ་པ་གཉིས་ཀྱིས་དབྱུག་པ་དཀར་པོ་དང། རྔ་ཡབ་བསྣམས་པ། ཕྱག་གཡོན་པ་གཉིས་ཀྱིས་ཕྱག་འཚལ་བའི་ཚུལ་དང། ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་པ། །ཞལ་? ་པ་གཙིགས་པ། ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་ཕྲེང་བ་ཅན། འོད་དཔག་ཏུ་མེད་པས་དབུ་རྒྱན་པ་བསྒོམ་པར་བྱའོ། །སྔགས་བཟླས་པར་བྱ་སྟེ། ཞེས་པ་ནི་སྟོབས་པོ་ཆེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱུ་གར་སྐད་དུ། ཨཱརྱ་བཛྲ་ཀྲོ་དྷ་མཧཱ་བ་ལ་སཱ་བྷ ་མཾ?། བོད་སྐད་དུ། འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས། བཅོམ་ལྡན་འདས་ཁྲོ་བོ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །སྟོང་པ་བདག་མེད་པ་ལས་པཾ་ལས་པདྨ། ཨོཾ་ལས་ཉི་མ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སྨུག་ནག་པ་ལས་རྡོ་རྗེ་རྩེ་ལྔ་པ་ཡོངས ་