| Wylie | e-texts based on the ACIP/ALL Input |
ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །དེ་ནས་གཤེགས་སུ་གསོལ་ནས་ལྡང་བར་བྱའོ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བིགྷྣན་ཏ་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། བཅོམ་ལྡན ་འདས་བགེགས་མཐར་བྱེད་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཨཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་རང་གི་སྙིང་གར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་བཀོད་ནས། ཧཱུཾ ་ཡིག་ལས་སྐྱེས་པའི་འོད་ཟེར་གྱིས་བགེགས་མཐར་བྱེད་དང། བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་བར་མཆོད་ནས་ཕྱག་འཚལ་ཏེ། གསུམ་ལ་སྐྱབས་སུ་འགྲོ་བ་ལ ་སོགས་པ་བྱས་ནས། སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨཀོ་ཧཾ་ཞེས་པས་སོ། །དེའི་རྗེས་ལ་ཨཱཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་།དེ་ཡོངས་སུ་གྱུར་པ ་ལས་རྡོ་རྗེ་ཧཱུཾ་ཡིག་བྱིན་གྱིས་བརླབ་པར་བསྒོམ་པར་བྱའོ། །ཧཱུཾ་ཡིག་གི་འོད་ཟེར་གྱིས་བསྐུལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གཞུག་པ་སྔོན་དུ་འགྲོ་བས། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད ་བསྒོམ་པར་བྱའོ། །ཞབས་གཡོན་བརྐྱང་གིས་བཞུགས་པའི་བདག་ཉིད་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང?་ག། ཕྱག་གཡོན་པས་སྡིགས་མཛུབ་དང། ཞགས་པ། ཕྱག་གཡས་པ་རྡོ་རྗེ་འཕྱར་བ། འཇིགས་པར་བྱེད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པའི་རྡོ་རྗེའོ། །དེ་ལས་བྱུང་བའི་བགེགས་མཐར་བྱེད་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་ཆུ་སྐྱེས་འདབ་མ་སྣ་ཚོགས་ཀྱི་སྟེང་དུ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ།། ་དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་སོ། །འདི་གཉིས་དང་གསུམ་དང་བཞིའི་ཐུན་མཚམས་སུ་བསྒོམ་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་དུ་ཏཱ་ཡ་བི་ཀུ་པ་རཱ་ཡ་ཀྲི། ཨི་ཤཱ་ནཱ་ཡ་ཏཱ། ཨཱགནཱ་ཡ་ཨ། ཡ་མཱ་ཡ་ན། ནཻ་ར་ཏི་ཡེ་ན། ཙནྡྲཱ་ཡ་ཧཱུཾ། ཨརཥཱ་ཡ་ཧཱུཾ། བྲཧམ་ནེ་ཕཊ། བ་སུ་དྷཱ་རླ་ཡེ་ཕཊ། བེ་མ་ཙི་ཏྲ་ཡེ་སྭཱཧཱ། སརྦ་བྷུཏེ་བྷཡོ་ཧཱ། ཧཱི་ཧཱི། ཧཱུཾ་ཧཱུཾ། ཕེཾ་ཕེཾ་སྭཱཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །གང་ཞིག ་བཀའ་བ་ཐམས་ཅད་ཀྱི། །དང་པོ་གཤིན་རྗེ་གཤེད་ལ་དབུལ་ལོ།། །།རྒྱ་གར་སྐད་དུ། བཛྲ་ཧཱུཾ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི ་