| Wylie | e-texts based on the ACIP/ALL Input |
རྒྱལ་བ་སྐུ་མདོག་མཐིང་ནག་ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་ཁྲོ་ཞིང་སྒེག་པ། གཡས་པ་དྲག་པོ། །གཡོན་པ་རྣམ་པར་འཇིགས་པ། རྒྱབ་ཞལ་དཔའ་བོའི་ཉམས་ཅན། །ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དང་བཅས ་ཤིང། ཐུགས་ཀར་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བསྣམས་པ། གཡས་ཀྱི་ཕྱག་རྣམས་ཀྱིས་རལ་གྲི་དང། ལྕགས་ཀྱུ་དང། མངའ་བསྣམས་པ། གཡོན་གྱི་ཕྱག་གསུམ་གྱིས་གཞུ་དང། ཞགས་པ་དང་རྡོ་རྗེ་བསྣམས་པ། ཞབས་གཡོན་བརྐྱང་བས་དབང ་ཕྱུག་ཆེན་པོའི་མགོ་མནན་པ། ཞབས་གཡས་ཀྱིས་གཽ་རའི་ནུ་མ་བཟུང་མནན་པ། སངས་རྒྱས་མེ་ཏོག་ཕྲེང་བ་ལ་སོགས་པ་སྣ་ཚོགས་པའི་རྒྱན་དང། ན་བཟའ་བསྣམས་པར་བདག་ཉིད། བསྒོམས་ནས། ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལ་ཁུ ་ཚུར་གཉིས་རྒྱབ་སྦྱར་ནས། མཐེའུ་ཆུང་ལྕགས་སྒྲོག་གི་རྣམ་པར་བྱའོ། །སྔགས་ནི། ཨོཾ་གྲིཧྞ་གྲིཧྞ། གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྫོགས་སོ།། ་རྒྱ་གར་སྐད་དུ། བཛྲ་ཛཝ་ལཱ་ན་ལརྐ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བ་ལ་ཕྱག་འཚལ་ལོ། །དེ་ཉིད་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ལ་ཉི་མ་ལ་ཧཱུཾ་ཡིག་མཐིང་ག་ཡོངས་སུ་གྱུར་པ་ལས། རྡོ ་རྗེ་མེ་དང་ཉི་མ་འབར་བ་སྐུ་མདོག་མཐིང་ག་འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཅན་ཞལ་བཞི་པ་ཕྱག་བརྒྱད་པ། སྒེག་པ་དང། དཔའ་བ་དང། འཇིགས་པ་དང། སྙིང་རྗེའི་ཉམས་དང་ལྡན་པའི་ཞབས་བཞི་པ། གཡས་ཀྱི ་ཕྱག་བཞིས་རྡོ་རྗེ་དང། །རལ་གྲི་དང། འཁོར་ལོ་དང། མངའ་བསྣམས་པ། གཡོན་གྱི་ཕྱག་བཞིས་དྲིལ་བུ་དང། གཞུ་དང། ཞགས་པ་དང། ཁ་ཊཝཱཾ་ག་བན་སྣ་ཚོགས་དང་བཅས་པ་བསྣམས་པ། དབུ་སྐྲ་སྐྱ་བོའི་ཚོགས་མེ་འབར ་བ་ཅན། ཤིན་ཏུ་འཇིགས་པ་སྤྲུལ་ཆེན་པོ་འཁྱིལ་བས་ལག་གདུབ་དང། རྐེང་རྒྱན་དང། རྐང་གདུབ་དང། མགུལ་རྒྱན་དང། རྣ་བརྒྱན་དང། ཅོད་པན་དུ་བརྒྱན་པ། སྒྱུ་མ་ཆེན་མོའི་འཁོར་ལོར་བྱས་པ་བཞི་ལ་ཆུང་མ་དང་བཅས་པའི་ཁྱབ་འདུག་གཡས་བརྐྱང་པའི ་ཞབས་ཀྱིས་མནན་པ་དབང་དུ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་མཐིལ་རྡོ་རྗེ་བཅིངས་པའི་སོར་མོ་འབར་བའི་སྙིང་པོའི་དབུས་སུ་མཐེ་བོང་གཉིས་བླང་བར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཛཝ་ལཱ་ན་ལརྐ་ཧཱུཾ་ཞེས་སོ། །རྡོ་རྗེ ་མེ་དང། ཉི་མ་འབར་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བར་མཱ་ཤྭ་སཱ་དྷ་ནཾ། བོད་སྐད་དུ། རྟ་མཆོག་གི་སྒྲུབ་ཐབས། རྟ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ཉི་མ་ལ་ཧཱུཾ་ཡིག་མཐིང་ག་ལས་སྐྱེས་པའི་རྟ་མཆོག་དམར་པོ་ཞལ་བཞི་པ། ཕྱག ་བརྒྱད་པ། ཞབས་བཞི་པ། ཞལ་དང་པོ་ཁྲོ་ཞིང་སྒེག་པ། སྤྱན་གསུམ་པ། གཡས་ཞལ་དྲག་པོ། གཡོན་ཞལ་འཇིགས་སུ་རུང་བ། སྟེང་ཞལ་མཆུ་རོལ་ཞིང་རྟའི་ཞལ་ལྗང་གུ། ཕྱག་གཡས་ཀྱི་གཅིག་གིས་སྣ་ཚོགས་རྡོ་རྗེ་དང་བཅས་ཤིང་བཞེངས་པའི་ཚུལ ་དུ་བྱས་པ། ཕྱག་གཡོན་གྱི་གཅིག་གིས་རལ་གྲི་དང་བཅས་པའི་སྣ་ཚོགས་པདྨ་བསྣམས་པའོ། །སླར་གཡས་ཀྱི་བ་དན་གསུམ་ཕྱག་གིས་བླངས་པའི་ཚུལ་མཛད་པ། སླར་ཡང་ཕྱག་གཡོན་གྱིས་མདུང་བསྣམས་པ། སླར་ཡང་གཡས་ཀྱི་ཕྱག་གིས་རལ ་གྲི་དང། མངའ་བསྣམས་པ། གཡོན་གྱི་ཕྱག་ལྷག་མས་དབྱུག་པ་དང་གཞུ་བསྣམས་པ། ཞབས་གཡོན་བརྐྱང་དང། གཡས་ཀྱི་གཅིག་གིས་དབང་མོ་དང། དཔལ་མོ་མནན་པ། གཡས་ཀྱི་ཞབས་གཉིས་པས་འདོད་ལྷ་དང། འདོད་ལྷའི་ཆུང་མ་མནན་པ། ་གཡོན་པའི་ཞབས་གཅིག་གིས་དབང་པོ་དང། སྦྲང་རྩིར་བྱེད་པ་མནན་པ། གཡོན་གྱི་ཞབས་གཉིས་པས་རྒྱལ་བར་བྱེད་པ་དང། དཔྱིད་ཀྱི་ལྷ་མནན་པ། བདག་ཉིད་དེ་ལྟ་བུར་བསྒོམ་པར་བྱའོ། །སྣ་ཚོགས་རྡོ་རྗེ་དང་བ་དན་གསུམ་པ་བསྒྲེང་བ་ནི། རྟ་མཆོག ་