CLOSE WINDOW

N3233: dzam bha la'i sgrub thabs mdor bsdus pa
Wyliee-texts based on the ACIP/ALL Input

ཛམ་བྷ་ལའི་ཕྱག་རྒྱ་ཞེས་བྱའོ། །ོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡེ་སྭཱཧཱ། །སྔགས་འདིས་རྗེ་བཙུན་ལ་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཕྱི་ནས་མཆོད་པ་བྱས་ཏེ་སྔགས་བཟླས་པར་བྱའོ། །དེ་ནས་དངོས་གྲུབ་ནི་སྦྱིན ་བདག་ཆེན་པོར་གྱུར་ཏེ་ཐེ་ཚོམ་མེད་དོ། །དཔལ་ཛམ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཆེན་པོ་ཙན་དྲཱ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སཾ་ཀྵི་པ་ཏ་ཛམ་བྷ་ལ་སཱ་དྷ་ན། བོད་སྐད་དུ། ཛམ་བྷ་ལའི་སྒྲུབ ་ཐབས་མདོར་བསྡུས་པ། བཅོམ་ལྡན་འདས་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྙིང་ཁར་སྣ་ཚོགས་པདྨ་དང་ཟླ་བ་ལ་ཛཾ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ལ་སོགས་པ་ཡང་དག་པར་མཆོད་ནས་སྡིག་པ ་བཤགས་པ་ལ་སོགས་པ་བྱས་ནས་དུས་ཕྱིས་སྟོང་པ་ཉིད་མངོན་དུ་བྱས་ཏེ། དེ་ལ་དེ་བཞིན་དུ་གནས་པའི་སྣ་ཚོགས་པདྨ་དང་ཟླ་བ་ལ་ཛམ་ལས་བྱུང་བའི་ས་བོན་གྱིས་གང་བ་ས་བོན་གྱི་སེམས་ཅན་སྙིང་པོ་ཅན་དེའི་འོད་ཟེར་གྱིས་སེམས ་ཅན་དཔག་ཏུ་མེད་པའི་དོན་སྣ་ཚོགས་པ་མཛད་ནས། དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་གསེར་གྱི་མདོག་ལྟ་བུ་སངས་རྒྱས་ལྔའི་ཅོད་པན་ཅན། མཛེས་པའི་གོས་དང་རྒྱན་གྱིས་བརྒྱན་པ། །ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་གཡས་ན་བའི ་ཛ་པཱུ་ར་ཀ་བསྣམས་པ། ཕྱག་གཡོན་ན་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྒྱུགས་པའི་ནེའུ་ལེ་བསྣམས་པ། །ུད་པལ་སྔོན་པོའི་ཕྲེང་བ་བསྣམས་པ། ལོགས་གཉིས་ན་རིན་པོ་ཆེའི་སྙེ་མའི་ཆར་འབེབས་པའི་གནོད་སྦྱིན་གཉིས་གནས་པ། ཞབས ་ཀྱི་འོག་ན་གནས་པའི་རིན་པོ་ཆེའི་བུམ་པ་དཔག་ཏུ་མེད་པའི་འོད་ཟེར་གྱི་ཕྲེང་བ་འཁྲིགས་པའི་བདག་ཉིད་དུ་རབ་ཏུ་རྣམ་པར་བསམ་མོ། །ོཾ་ཛཾ་བྷ་ལ་ཛ་ལེན་ཏྲཱ་ཡེ་སྭཱཧཱ་ཞེས་པའི་སྔགས་བཟླས་པར་བྱའོ། །ལག་པ་གཉིས་ཁུ་ཚུར་བཅིངས ་ཏེ་གུང་མོའི་དབུས་སུ་ཚིགས་གསུམ་པ་བཅག་པའི་ཕྱག་རྒྱས་སྙིང་ཁ་དང། མགྲིན་པ་དང། སྤྱི་བོ་དང། མཛོད་སྤུ་རྣམས་སུ་སྦྱིན་པར་བྱའོ། །སྔ་བར་ཡང་དེ་བཞིན་དུ་སྐད་ཅིག་གིས་བསྒོམས་ནས་འདིས་ཆུ་སྙིམ་པ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ོཾ་ཛམ་བྷ ་ལ་ཛ་ལེན་ཏྲ་དྷ་ནཾ་མེ་དེ་ཧི་ད་ད་དཱ་པ་ཡ་སྭཱཧཱ། ཛམ་བྷ་ལའི་སྒྲུབས་ཐབས་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཛམ་བྷ་ལ་སཱ་དྷ་ནཾ་བི་སྟ་ར། བོད་སྐད་དུ། དཔལ་ཛམ་བྷ་ལའི་སྒྲུབ་ཐབས་རྒྱས་པ། དཔལ་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །དང་པོར ་རེ་ཤིག་གནས་ཀྱི་དོན་ཐམས་ཅད་རང་གི་ལུས་ཀྱང་སྟོང་པར་བསྒོམས་ཏེ། དེའི་རྗེས་ལ་ཅུང་ཟད་དམར་བའི་དཀྱིལ་འཁོར་ལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་ཉིད་གནོད་སྦྱིན་གྱི་ཤིང་རྟ་གྲུ་གསུམ་པད་མ་འདབ་མ་བརྒྱད་པའི་རྣམ་པའོ། །དེའི་དབུས་སུ ་བམ་ཡིག་ལས་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཕྱག་ན་འབྲས་ཀྱི་སྙིམ་དང་མཆོག་སྦྱིན་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །གནོད་སྦྱིན་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་འདི་ལྟ་སྟེ། བཟང་མོ་དང། རབ་ཏུ་བཟང་མོ་དང། སྤས་མ་དང། རབ་ཏུ་སྤས་པ་དང། ལྷ ་མོ་དང། དབྱངས་ཅན་མ་དང། འཕགས་མ་དང་ཆུ་ཤེལ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ཛམ་གི་བདག་ཉིད་སངས་རྒྱས་ལྔའི་ཅོད་པན་ཅན། ཕྱག་གཡས་ན་བཱི་ཛ་པཱུ་ར་ཀ་བསྣམས་པ། གཡོན་ན་ནེའུ་ལེ་བསྣམས་པ། དེ་བཞིན ་གཤེགས་པ་ལྔས་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབེབས་བཞིན་པ། དུང་ཅན་གྱི་མགོ་དང། པདྨ་ཆེན་པོས་མགོའི་གཏེར་ཆེན་པོ་ལ་ཞབས་གཉིས་བཞུགས་པ། རིན་པོ་ཆེ་ལ་སོགས་པའི་ཆར་འབབ་བཞིན་པ་རང་གི་ཁང་པའི་ཕྱོགས་གཅིག་ཏུ་བསམ་པར ་བྱའོ། །སྐུ་མདོག་སེར་པོ་ཨུད་པ་ལ་སྔོན་པོའི་ཕྲེང་བ་བསྣམས་པ། དཔལ་ལྡན་མགོན་པོ་ཛམ་བྷ་ལ་ནོར་རྒྱུན་མ་ལ་འཁྱུད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་སྐྱེས་པའི་རིན་པོ་ཆེའི་ཚོགས་ཀྱིས་ནམ་མཁའ་མ་ལུས་པ་རྣམ་པར་བསྒོམ་པར་བྱའོ། །འབབ ་