| Wylie | e-texts based on the ACIP/ALL Input |
པོ་བསམས་ནས་དེ་ལ་རབ་ཏུ་བཞུགས་ཤིང་དབང་བསྐུར་ནས་རྡོ་རྗེའི་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་བླུད་པར་བྱའོ། །ོཾ་ཛ་མ་བྷ་ལ་ཛ་ལེན་དྲཱ་ཡེ་སྭཱཧཱ། ཞེས་པ་ནི་སྔགས་སོ། །བར་གྱི་མན་ངག་ཛམ་བྷ་ལའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ་སཾ་ཀྵི་པ་ཏ་ཤྲཱི་ཛམ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཛམ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་ལ། དཔལ་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདི་སྙིང་ཁར་ཟླ་བའི་དབུས་སུ་ས་བོན་གསུམ་པའི་གསུམ་པ་ཁ་དོག ་སེར་པོ་སྟོང་པའི་ལྷས་མནན་པ་ཟླ་བ་ཕྱེད་པས་དབུ་བརྒྱན་པ། དེ་ཉིད་རྫོགས་པའི་ལས་དཔལ་ཛམ་བྷ་ལ་སྐུ་མདོག་སེར་པོ་ཕྱག་གཉིས་པ། ཕྱག་གཡས་ན་བི་ཛ་པཱུ་ར་བ་ཕྱག་གཡོན་ན་རིན་པོ་ཆེའི་ཚར་རབ་ཏུ་འབེབས་བཞིན་པའི་ནེའུ་ལེ་བསྣམས ་པ། །སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་དང་པདྨའི་མགོའི་གཏེར་ཆེན་པོ་དག་མནན་པ། ཨུད་པལ་སྔོན་པོའི་ཕྲེང་བ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཛམ་བྷ་ལའི་སྐུར་བདག་ཉིད་བསྒོམས་པར་བྱའོ།། ་རང་གི་ཁྱིམ་དུ་ཡང་རིན་པོ་ཆེ་ལ་སོགས་པ་ཆར་འབབ་བཞིན་པར་རབ་ཏུ་འཇུག་པའི་བདག་ཉིད་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིངས་པར་བྱ་སྟེ། ལག་པ་གཉིས་ཁུ་ཆུར་བཅིངས་ཏེ་གུང་མོ་དག་གིས་དབུས་མའི་ཚིགས་གསུམ་པ་བཀུག་པ་ནི ་ཛམ་བྷ་ལའི་ཕྱག་རྒྱ་ཞེས་བྱའོ། །ོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡེ་སྭཱཧཱ། །སྔགས་འདིས་རྗེ་བཙུན་ལ་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཕྱི་ནས་མཆོད་པ་བྱས་ཏེ་སྔགས་བཟླས་པར་བྱའོ། །དེ་ནས་དངོས་གྲུབ་ནི་སྦྱིན ་བདག་ཆེན་པོར་གྱུར་ཏེ་ཐེ་ཚོམ་མེད་དོ། །དཔལ་ཛམ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཆེན་པོ་ཙན་དྲཱ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སཾ་ཀྵི་པ་ཏ་ཛམ་བྷ་ལ་སཱ་དྷ་ན། བོད་སྐད་དུ། ཛམ་བྷ་ལའི་སྒྲུབ ་