| Wylie | e-texts based on the ACIP/ALL Input |
རྡོ་རྗེ་ལྕགས་སྒྲོག་མ་བསྒོམ་པར་བྱའོ། །སྐད་ཅིག་གིས་བྱང་ཆུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་སྨོས་ཅི་དགོས། ཨོཾ་བཛྲ་ཤྲཱིཾ་ཁེ་ལེ་ཧཱུཾ་ཕཊ་སྭཱཧཱ་ཞེས་སོ། །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ཀྱི་ཆོ་ག་རྫོགས་སོ།། །།རྒྱ་གར་སྐད་དུ། དྷཝ་ཛཝ་གྲ་ཀཻ་ཡཱུ་ར་སཱ་དྷ་ནཾ། བོད་སྐད ་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་ཕྱག་འཚལ་ལོ། །ངན་སོང་འཇིགས་པ་ཀུན་འཇོམས་པའི། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདུད། །དེ་ཡི་སྒྲུབ་ཐབས་དངོས་གྲུབ་ཕྱིར། །བདག་གིས་དད་པས་བྲི་བར་བྱ། །དང་པོར་རེ་ཞིག ་སྔགས་པས་ཞལ་བསང་བ་ལ་སོགས་པ་བྱས་ནས། ཡིད་དང་འཐུན་པའི་གནས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། མཁས་པས་བྱམས་པ་ལ་སོགས་པའི་ཡིད་དག་པས་སྦྱིན་པའི་ཕ་རོལ་ཕྱིན་པའི་མཆོག་བདུད་རྣམས་འཇོམས་ཤིང་གཡུལ་ལས་སྒྲོལ་བར་བྱེད་པ་བསྒོམ ་པར་བྱའོ། །ོཾ་ཙནྟྲརྐ་བི་མཱ་ལེ་སྭཱཧཱ་ཞེས་པའི་སྔགས་བརྗོད་ནས་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བའི་སྟེང་དུ་དྷཝཾ་ཡིག་སེར་པོའི་འོད་ཟེར་གྱིས་ནམ་མཁའ་ཨི་ཕྱོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་བལྟས་ནས་ཡིད་ཀྱི་རང་བཞིན་གྱི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེའི་རྗེས་ལ་ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་ང་རྒྱལ་བསྐྱེད་ནས་སེམས་ཅན་རྣམས་གདོན་པའི་བསམ་པས་གཟུགས་བརྙན་བཞིན་དུ་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བའི་སྟེང་དུ་དྷཝཾ་ཡིག་སེར་པོའི་འོད་ཟེར་གྱིས་མཛའ་ཡས ་པའི་སེམས་ཅན་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུས་བརྒྱན་ཅིང་དེའི་རྣམ་པར་རབ་ཏུ་ཞུགས་ནས་སླར་ལོག་སྟེ་འོད་ཟེར་གྱི་ཚོགས་པས་ས་བོན་ལ་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་གཡུལ་ལས་སྒྲོལ་བ་བྱེད ་པའི་ལྷ་མོ་སྐུ་མདོག་སེར་མོ་ཡིད་དུ་འོང་བ་ཞལ་བཞི་པ་ཕྱག་བཞི་པ། ཁྲོ་ཞིང་ཞབས་གཡོན་བརྐྱང་བ་ལྟོ་བ་འཕྱང་བ། སྤྱན་གསུམ་པ། དམར་ལ་ཟླུམ་ཞིང་མཛེས་པ། ན་བཟའ་སྔོན་པོ་མནབས་པ། རལ་གྲི་དང། འཁོར་ལོ་ཕྱག་གཡས་ན་བསྣམས་པ་གཡོན་པ་དག་གིས་སྡིགས ་མཛུབ་དང་བཅས་པའི་ཞགས་པ་ནག་པོ་དང། རྡོ་རྗེས་མཚན་པའི་གཏུན་ཤིང་དཀར་པོ་བསྣམས་པ། སྐུའི་ཕྱོགས་གཡོན་དུ་རྩེ་གསུམ་ལ་འཁྱུད་པའོ། །ཞལ་དང་པོ་ནི་སེར་པོའོ། །གཡོན་པ་ནི་དམར་པོའོ། །ཅིག་ཤོས་ནི་དཀར་པོའོ། །སྟེང་དུ་འཇིགས་ཤིང་བུ་བའི་མདོག ་ལྟ་བུའོ། །རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་བཅིངས་པ་ཐོད་པ་ལྔས་རྒྱན་པ། པདྨ་དང་ཉི་མའི་དབུས་སུ་བཞུགས་ཤིང་བརྟན་པ་བསྒོམ་པར་བྱའོ། །དེ་བཞིན་དུ་དམ་ཚིག་སེམས་དཔའ་བསྐྱེད་ནས་ཉི་མ་ལ་གནས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས ་དཔའ་གདན་དྲངས་ཏེ་ཡང་དག་པར་མཆོད་པར་བྱའོ། །ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཅད་ཀྱིས་བདག་ལ་དབང་སྐུར་དུ་གསོལ་ཞེས་སོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རང་གི་ཐུགས་ནས་རྣམ་པར་འཕྲོས་ནས་བདུད་རྩི་ལྔས་ཡོངས་སུ་གང་བའི་གསེར་གྱི་བུམ་པས་ཕྱག་ནས་དབང་བསྐུར་བཞིན་བའི་བདག་ཉིད་དུ ་བསྒོམ་པར་བྱའོ། །དེ་ལ་དབང་བསྐུར་བའི་ཚིགས་སུ་བཅད་པ་འདིའོ། །དབང་བསྐུར་པ་ནི་རྡོ་རྗེ་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ ་ས་མ་ཡ་ཤྲཱི་ཡེ་ཨཱ་ཧཱུཾ་སྭཱཧཱ། དེ་ནས་རབ་ཏུ་གང་ཞིང་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསྐྱེད་ལ། སྔགས་བཟླས་ནས་རྟག་ཏུ་བདེ་བའི་ཚིག་གིས་མཆོག་སྟེར་བར་འགྱུར་རོ། །ོཾ་བྷ་ག་བ་ཏཱི་དྷཝ་ཛ་གྲ་ཀཻ་ཡཱུ་རེ་པ་ར་སཻ་ནྱ་བི་དྷཝཾ་ས་ན་ཀ་རི་སྭ ་སེ་སེ་ནྱ་པ་རི་པ་ལ་ནི་ཨུལ་ཀཱ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི་པ་ར་སཻ་ནྱ་ཨ་ནནྟ་མུ་ཁ་ན་ཨ་ནནྟ་བྷུ་ཛེ་ན་པྲ་ཧ་ར་པྲ་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་སྙིང་པོའི་སྔགས་སོ། །ོཾ་སརྦ་གྲ་ཧ་ནཀྵེ་ཏྲ་དྷཡ་མི་ཀ་ར་ཎི་སྭཱཧཱ་ཉེ་བའི་སྙིང་པོའོ། །ཕྲེང་སྔགས་ནི་གཟུངས་ལས་བལྟ ་བར་བྱའོ། །ལངས་པའི་དུས་སུ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་འཇུག་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འདིར་ནི་འབྱོན་པར་ཞུ། །ཞེས་པའི་སྔགས་འདིས་གཤེགས་ནས་གནས་པར་བྱའོ་ཞེས ་སོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པའོ།། །།རྒྱ་གར་སྐད་དུ། ཨཱརྱ་ཨུཥྞཱི་ཥ་བི་ཛ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གཙུག་ཏོར་རྣམ ་