CLOSE WINDOW

N3213: rdo rje lcags sgrog gi sgrub thabs
Wyliee-texts based on the ACIP/ALL Input

ན། །དེ་ཡི་མཎྜལ་བྲི་བར་བྱ། །རྒྱལ་སྲིད་ཡུལ་དང་དེ་བཞིན་གྲོང། །ལྷས་དང་སྐྱེས་མོས་ཚལ་དེ་བཞིན། །མི་མ་ཡིན་པ་བཞུགས་གྱུར་པའི། །འཆི་ནད་དང་ནི་མུ་གེ་རྣམས། །དེ་ཡི་ལས་ཀྱིས་བསྲུང་བར་བྱ། །ཤིང་རྣམས་ལ་ཡང་ལོ་འབྲས ་འབྱུང། །ལས་ཀྱི་སྡུག་བསྔལ་བསམ་མི་ཁྱབ། །བྱ་བ་གང་ཞིག་བསྒྲུབ་འདོད་ན། །དེ་ནས་བསྲུང་བའི་ཆོ་ག་ཡིས། །ངེས་པར་བསྲུང་བར་བྱེད་པར་འགྱུར། །རླུང་དང་མཁྲིས་པ་ལས་སྐྱེས་ནས། །བད་ཀན་འདུས་པ་ལས་གྱུར་པའི། །མ་ལུས་པ་ཡི་ནད་རྣམས ་ཀུན། །རྟག་ཏུ་བདེ་ལེགས་ཉིད་དུ་འགྱུར་ཀློག་དང་ཁ་ཏོན་སྦྱོར་བ་ཡིས། །ངེས་པར་བགེགས་རྣམས་མེད་པར་འགྱུར། །བསྲུང་བ་ལྔ་ཡི་ཆོ་ག་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲེ་ཤྲཱི་ཁ་ལ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ལྗང་གུའི་ཡི་གེ་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་པ་ཕྱག་དྲུག་པ། སྔོན་པོ་དང་དཀར་པོ་ནི་གཡས་དང་ཅིག ་ཤོས་ཀྱི་ཞལ་ལོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་རྡོ་རྗེ་དང། རྡོ་རྗེ་ལྕགས་སྒྲོག་དང། མདའ་རྣམས་གཡས་ཀྱི་ཕྱག་གསུམ་ནའོ། །སྡིགས་མཛུབ་དང། ཞགས་པ་དང། གཞུ་རྣམས་ནི་གཡོན་གྱི་ཕྱག་གསུམ་ནའོ། །སྐུ་མདོག་ལྗང་སེར ་ཞལ་ཅུང་ཟད་བཞད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདུག་པ་ཅན་གྱི་སེམས་ཅན་རྣམས་འདུལ་བའི་བདག་ཉིད་དུ་བསམས་ལ་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་ལག་པ་གཉིས་སོ་སོར་ཁུ་ཚུར་བཅིངས་ཏེ་མཐེབ་ཆུང་དང་སྡིགས་མཛུབ་གཉིས ་ལྕགས་སྒྲོག་གི་རྣམ་པ་ཅན་དུ་བཅིང་བར་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །ོཾ་བཛྲ་ཤྲཱི་ཁཱ་ལེ་ཧཱུཾ་ཕཊ་སྭཱཧཱ་ཞེས་པ་ནི་བཟླས་པའོ། །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཤྲཱི་ཁ་ལ་སཱ་དྷཱ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས ་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལྗང་སེར་ལས་སྐྱེས་པའི་སྐུ་མདོག་ལྗང་གུ་ཞལ་གསུམ་པ་ཕྱག་བརྒྱད ་པ་ཞལ་དང་པོ་ཅུང་ཟད་བཞད་པ། གཡས་སེར་སྐྱ་ལ་སྤྱན་སེར་སྐྱ་དང་ལྡན་པ། གཡོན་པ་དམར་ཞིང་ཁྲོ་གཉེར་ཅན་མཆེ་བ་གཙིགས་པ། གཡས་ཀྱི་ཕྱག་བཞི་རྣམས་སུ་མི་འཇིགས་པ་དང། རྡོ་རྗེ་དང། རྡོ་རྗེ་ལྕགས་སྒྲོགས་དང། མདའ་བསྣམས་པ། གཡོན་གྱི ་ཕྱག་བཞི་རྣམས་སུ་ཁྲག་གིས་གང་བའི་ཐོད་པ་དང། སྡིགས་མཛུབ་དང། ཞགས་པ་དང། གཞུ་བསྣམས་པའོ། །རོལ་བའི་སྟབས་ཀྱིས་བཞུགས་པ། བྱི་ལའི་པགས་པས་སྟོད་གཡོགས་བྱས་པ། དོན་ཡོད་གྲུབ་པས་དབུ་བརྒྱན་པ། དབུ་སྐྲ་སེར་སྐྱ་གྱེན་དུ་འཁྱིལ་བར་བསམས ་ལ། ཨོཾ་བཛྲ་ཤྲཱིཾ་ཁ་ལེ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའི་སྔགས་བཟླས་པར་བྱའོ། །འདི་ནི་མན་ངག་གི་རིམ་པའི་ནང་ནས་འབྱུང་བའི་རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཤྲཱི་ཁ་ལཱ་སཱ་དྷ་ནོ་པ་ཡི་ཀ་།བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ ་ཐབས་ཀྱི་ཆོ་ག་།འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་དེ་བཞིན་དུ་བརྗོད་ནས། གཞན་གང་ཞིག་རྣམས་ཀྱང་འདིས་ཆོས་རྣམས་སྟོང་པ་ཉིད་ཀྱི་མཐར? ་བལྟ་ཞིང་ཕུན་སུམ་ཚོགས་པར་བསྐྱེད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེ་ནས་ཇི་སྲིད་སེམས་ཅན་དང་སེམས་ཅན་གྱིས་བསྡུས་པ་རྣམས་ཡང་དག་པར་བླངས་ནས་བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པར་བྱའོ་ཞེས། ་དེ་ནས་སྙིང་གར་སྣ་ཚོགས་ཆུ་སྐྱེས། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། དེ་ནས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མའི་བདག་ཉིད་འཆིང་བ་ཐམས་ཅད་གཅོད་པ། གདུག་པའི་སེམས་ཅན་རྣམས་འདུལ་བ་སྐུ་མདོག་ལྗང་གུ་།ཞལ་གསུམ་པ། གཡས་པའི་ཞལ ་