| Wylie | e-texts based on the ACIP/ALL Input |
བརྒྱ་བྱིན་ཡང་དབང་དུ་བྱེད་དོ། །རིགས་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཥྚ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མའི་ཕྱག་བརྒྱད་མའི་སྒྲུབ་ཐབས། རིགས་བྱེད་མ་ལ་ཕྱག་འཚལ་ལོ། །སྔོན་དུ་སྟོང་པ་ཉིད ་ཀྱི་མཐར་ཐུག་པ་བསྒོམ་ནས་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མ་ལ་ཧྲི(རྒྱུད་འགྲེལ་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་གཞལ་ཡས་ཁང་གི་དབུས་སུ་གནས་ཤིང་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པའོ། །གཡས་ཀྱི་ཕྱག་ལྷག་མ་རྣམས་ཀྱིས་ལྕགས་ཀྱུ་དང་རྣ་བའི་རྩར་མདའའགེངས་པ ་དང། །མཆོག་སྦྱིན་གྱི་ཕྱག་རྒྱ་བསྣམས་པའོ། །གཡོན་གྱི་ཕྱག་ལྷག་མ་རྣམས་ཀྱིས་ཞགས་པ་དང། གཞུ་དང། ཨུད་པ་ལ་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམས་པར་བྱའོ། །ཤར་གྱིས་འདབ་མར་རབ་ཏུ་དངས་པའི་སྒྲོལ་མའོ། །ལྷོའི་འདབ་མར་རྫོགས ་པའི་སྒྲོལ་མའོ། །ནུབ་ཀྱི་འདབ་མར་རྒྱལ་བའི་སྒྲོལ་མའོ། །བྱང་གི་འདབ་མར་རྣ་བའི་སྒྲོལ་མའོ། །དབང་ལྡན་གྱི་འདབ་མ་ལ་ཙུན་དའོ། །མེའི་འདབ་མ་ལ་གཞན་གྱིས་མི་ཐུབ་མའོ། །བདེན་བྲལ་གྱི་འདབ་མ་ལ་མར་མེ་སྒྲོལ་མའོ། །རླུང་གི་འདབ་མ་ལ་གཽ་རཱིའི་སྒྲོལ ་མ་རྣམས་བསྒོམས་པར་བྱའོ། །དེ་རྣམས་ཐམས་ཅད་ཀྱང་སྐུ་མདོག་སེར་མོ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན་རྡོ་རྗེའི་སྐྱིལ་བཀྲུང་གིས་བཞུགས་པའོ། །ཕྱག་གཡས་པ་དག་གིས་མཆོག་སྦྱིན་གྱིས་ཕྱག་རྒྱ་དང། མདའ་སྙན་གྱིས་རྩར་འགེངས ་པའོ། །ཕྱག་གཡོན་པ་དག་གིས་ཨུད་པ་ལ་དང། གཞུ་བསྣམས་པའོ། །ཤར་གྱི་སྒོར་རྡོ་རྗེ་རོ་ལངས་མ་འཇིགས་ཤིང་ལྟོ་བ་འཕྱང་བ། སྐུ་མདོག་དམར་མོ་མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་སྡིགས་འཛུབ་དང། ལྕགས་ཀྱུ ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང། ཞགས་པ་བསྣམས་པའོ། །ལྷོའི་སྒོར་གཞན་གྱིས་མི་ཐུབ་མ་སྐུ་མདོག་སེར་མོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་དབྱུག་པ་དང། ལྕགས་ཀྱུ་བསྣམས? ་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང། ཞགས་པ་བསྣམས་པའོ། །ནུབ་ཀྱི་སྒོར་རལ་པ་གཅིག་མ་སྐུ་མདོག་ནག་མོ་སྐྲ་གྱེན་དུ་བརྫེས་ཤིང་ལྟོ་བ་འཕྱང?་བ། མཆེ་བ་གཙིགས་ཤིང་མཆུ་བསྡམས་པ། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག ་གཡས་པ་དག་གིས་རྡོ་རྗེ་དང། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང། ཞགས་པ་བསྣམས་པའོ། །བྱང་དུ་རྡོ་རྗེ་གཱན་དྷ་རི་སྐུ་མདོག་སེར་ལྗང་ཁུ་ལྟ་བུ་དོན་ཡོད་གྲུབ་པས་དབུ་བརྒྱན་པ། ཞལ་འཇིགས་ཤིང་ལྟོ་འཕྱང་བའོ།། ་ཕྱག་གཡས་པ་དག་གིས་ཁ་ཊཝཱཾ་ག་དང། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས། དྲིལ་བུ་དང་ཞགས་པ་བསྣམས་པ་བསམ་པར་བྱའོ། །བཞི་པོ་འདི་རྣམས་ཞབས་གཡོན་བརྐྱང་གིས་གནས་པའོ། །དེ་ལ་འདིར་འཇིག་རྟེན་གསུམ་ལས ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་ལག་པ་གཉིས་རྒྱབ་སྦྱར་ནས་མིང་མེད་གཉིས་མདུན་པ་བྱས་ཏེ་མཐེ་ཆུང་གུང་མོ་འཐེབ་ཀྱི་བསྔམས་ནས་འཛུབ་མོ་ལྕགས་ཀྱུའི་རྣམ་པས་འགྱིང་དཔྲལ་བའི་ཕྱོགས་སུ་གཟུང་བར་བྱའོ། །བསྒོམས་པས་དལ་ན་སྔགས ་བཟླས་པར་བྱའོ། །ོཾ་ཀུ་རུ་ཀུལླེ་ཧཱུཾ་ཧྲཱི(རྒྱུད་འགྲེལ་གནས་ཐོབ་པར་ཤོག་།དཔལ་གྱི་འབྲས་བུའི་ཤིང་གིས་མེ་རབ་ཏུ་སྦར་ཏེ་མར་དང་སྦྲད་ལ་སྒྲེས་ཤིང་དཔལ་གྱི་འབྲས་བུའི་སྦྱིན་བསྲེག་འབུམ་བྱས་པས་རྒྱལ་པོ་དང་བློན་པོ་རྣམས་དབང་དུ་འགྱུར་རོ། །ུད་པ་ལའི་སྦྱིན་བསྲེག་སྟོང་བྱས་ཏེ་མར ་མེ་སྟོང་ཕྲག་ཅིག་ལྷ་མོའི་མདུན་དུ་དབུལ་བར་བྱས་ནས་རྒྱལ་པོ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ཀུ་རུ་ཀུལླེ་ཕྱག་བརྒྱད་པའི་སྒྲུབ་ཐབས་རྒྱལ་པོ་ཨིནྡྲ་བྷུ?་ཏི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ ་