| Wylie | e-texts based on the ACIP/ALL Input |
བྱེ་བས་དུད་འགྲོ་དང་གནོད་སྦྱིན་ལ་སོགས་པ་དང། འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན་རྣམས་ཀྱང་ངོ། །ཀྱེའི་རྡོ་རྗེའི་རིམ་པའི་ཀུ་རུ་ཀུལླེའི་བསྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་ཡཱ། སཱ་དྷ་ནི་ཤྲི་ཧེ་བཛྲ་ཏ་ན་ཏོད་དྷི་ཏཾ། བོད་སྐད་དུ། རིགས་བྱེད་མའི ་སྒྲུབ་ཐབས། ཀྱེའི་རྡོ་རྗེའི་རྒྱུད་ལས་བཏོན་པ། །ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་རབ་སང་སྣུན་ཞིང་ཉི་མའི་འོད་ཟེར་མི་ཟད་དཔལ་གྱི་སྣང་བ་ཡང་དག་འཕྲོ་བ་ཅན། །འདོད་ཆགས་རྡོ་རྗེའི་འོད་ཟེར་ཆེན་པོ་འཕྲོ་ཞིང་ཀུན་ནས་ཆགས་པའི་དབུ་སྐྲ་དམར་སེར་གྱེན་བརྫེས ་པ། གང་གིས་རྩེ་གཅིག་རྣམ་པར་བསམས་ནས་སུམ་ཅུའི་གྲོང་ཁྱེར་ལྷ་མོའི་ལག་པས་ཡང་དག་འཁྱུད་ཐོབ་པ། །འགྲོ་བ་རྣམས་ནི་མཚུངས་པ་མེད་པར་དབང་དུ་མཛད་པ་སྨན་རྣམས་གྲུབ་པ་དེ་ལ་ཕྱག་འཚལ་ལོ། །དུད་ཕྲོད་དང་ནི་ཁྱིམ་དང་རི་བྲགས་ཕུག་རི་ལྗོངས ་ཤིང་དྲུང་དང་ནི་ཡང་ན་རང་ཁྱིམ་མམ། །ས་ཕྱོགས་བར་དུ་གཅོད་པ་བྲལ་བའི་གནས་ནི་འགའ་ཞིག་ཏུ་ཡང་བདེ་བའི་སྟན་ལ་ཉེ་བར་འདུག་།དཔལ་ལྡན་ཀྱེའི་རྡོ་རྗེའི་རིམ་པས་སྲིད་པ་གསུམ་པོ་ཡོངས་སུ་གྱུར་པ་ལས་འཛག་མེད་ཡེ་ཤེས་སྐུ་བསྒོམ་བྱ་ཨུད་པ་ལ ་དམར་པོའི་འོད་ཀྱིས་སྣང་མཛད་འགྲོ་རྣམས་སྲིད་དང་མྱང་འདས་སྒྱུ་མ་བཞིན་དུ་བསམ། །དང་པོར་སེམས་ཅན་རྣམས་ལ་བྱམས་ཤིང་ཕན་པ་བུ་བཞིན་ཤིན་ཏུ་མཉེས་ཤིན་གཟུགས་ནི་རྣམ་པར་བསམ། །སེམས་ཅན་ཐམས་ཅད་བུ་གཅིག་ན་བ་བཞིན་དུ་རྟོགས་པའི ་རྗེས་སུ་བརྩེ་བ་གང་ཞིག་བསྒོམ་པར་བྱ། །དེ་རྣམས་ཐར་བར་མཐོང་ཞིང་ཕུན་ཚོགས་ཀྱིས་གང་ཤིན་ཏུ་དགའ་བར་གྱུར་པ་གཞན་དོན་གཅིག་པུའི་གཟུགས། །ཕན་དང་མི་ཕན་བློ་གྲོས་དྲི་མ་སེམས་ཅན་ཀུན་ལ་སྟོང་པ་ཉིད་དུ་བཏང་སྙོམས་བསྒོམ་པར་བྱ།། ་དེ་རྣམས་ཐམས་ཅད་རྫོགས་ནས་རང་སྙིང་སྒྲ་ནི་རྟག་ཅིང་ཉི་མ་ལ་གནས་ཧྲཱི(རྒྱུད་འགྲེལ་ཀྱི་སྒྲིབ་པ་གང་ཞིག་བགྱིས་དང་བགྱིད་དུ་བསྩལ་བ་དང། རྗེས་སུ་ཡིད་རང་རྣམས་ནི་རབ་ཏུ་བཤགས་བགྱི་གཞན་ཡང་དགེ་བ་རྣམས་ལ་དེ་བཞིན་རྗེས་ཡིད་རང། དེ་རྗེས་རྣམ་པ་ཀུན་བྲལ་བཅོམ་ལྡན་འདས་མ་བླ་མ་དམ་པ ་བཀའ་ཡིས་དེ་བཞིན་ཤེས་གྱུར་ནས། །བསྒོམ་པར་བྱ་བ་དེ་ཡི་མདུན་དུ་དཔེ་མེད་ལྷན་ཅིག་སྐྱེས་པ་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །དེ་ནི་ཐམས་ཅད་མཁྱེན་པ་དེ་བཞིན་སྲིད་པ་གསུམ་པོ་རྣམས་ནི། མ་ལུས་སྣང་བར་མཛད་པའི་སྐུ། །ཕྱོགས་འཚམས་ཐམས་ཅད ་ཕ་རོལ་ཕྱིན་པ་མཆོག་རྣམས་ཡོངས་སུ་གྱུར་མི་ཤེས་དེ་ཉིད་དེ་ལ་དེ་བཞིན་དུ། ནུབ་པར་གྱུར་ཅིང་དེ་ལ་རྣལ་འབྱོར་པས་ནི་སྨོན་ལམ་ལས་འཁྲུངས་ཆོས་ཀྱི་སྐུ་ཉིད་གྱུར་པ་སྟེ། ངོ་བོ་ཉིད་ལས་སྐྱེས་ཤིང་ལོངས་སྤྱོད་རྫོགས་སྐུ་རང་གི་འོད་ཟེར་གཅིག ་འཕྲོ་ཉི་མའི་དཀྱིལ་འཁོར་ལ། །དེ་ལ་ཧཱུཾ་ཡིག་སྔོན་པོའི་འོད་ཟེར་དེ་ནས་ཤེས་ཤིང་སྣ་ཚོགས་རྡོ་རྗེའི་དེའི་བདག་ཉིད་ལ། རབ་ཏུ་གུར་རྣམས་མཆོག་གི་སྟོབས་ཅན་བདུད་ཀྱི་དཔའ་བོ་ཆེན་པོ་རྣམས་ཀྱིས་དབྱེ་བར་མི་ནུས་པ། །ཕྱི་ནས་ཆུ་སྐྱེས་དམར་པོའི་སྟེང ་དུ་ཉི་མའི་འོད་ཟེར་དང་ནི་མཚུངས་པའི་སྒྲའི་ཐིག་ལེ་དང། །ཧྲཱི(རྒྱུད་འགྲེལ་མདུན་དུ་ཤིན་ཏུ་འབར་བ་ཡི། །དཔལ་གྱི་མའི་བདུད་ཚོགས་སྲེག་མཛད་པ། །དང་པོའི་ཉི་བཞིན་ཤིན་དུ་གསལ་བ་ཡི། །པདྨ་ཆེན་པོ་རབ་གསལ་སྙིང་པོ་འབར། །དམར་སེར་སྐྲ་བརྫེས་ནུ་མ་སྐུ་སྨད་དག་།རྒྱས་ཤིང་ཕྱག་རྒྱས་རབ་སྒེག་ཉམས་ཅན་མ།། ་སྤྱན་གསུམ་དམར་ཞིང་གཡོན་དུ་གཟིགས་ལ་ཆགས། །ཞལ་ནི་མཆེ་བ་གཙིགས་ཤིང་འོད་ཀྱིས་རེག་།ཞལ་ནི་རབ་སྒྲོགས་ལྕགས་ཀྱི་རྩེ་མོ་ནི། གྱེན་དུ་བསྐྱོད་ཅིང་འོད་ཟེར་འབར་བ་ཅན། །སྣ་ཚོགས་མ་ནི་འཕྲོ་ཞིང་འོད་ཟེར་འབར་བའི་རོ་ནི་འགྲོ་བཞིན་བ་ལ་ཞབས ་ནི་རྩེ་མོ་ཆགས། །གཅིག་ཤོས་ཞབས་ནི་སྟེང་དུ་རྣམ་པར་བཀོད་ཅིང་འཕྲོ་བཞིན་པ་དང་གཡོན་པ་ཤེས་པའི་གཟུགས་ཅན་མ། རྣམ་པར་འཕྲོ་བའི་རྒྱ་ཆེན་འོད་ཟེར་ལུས་ཀྱིས་ཁྱབ་ཅིང་སྐུ་སྨད་ལྕགས་ཞིང་རྒྱས་པས་ངེས་པར་ཆགས། །ཆུ་སྐྱེས་དམར་པོ་རྣམ་པ ་བསྣམས་ཤིང་མགུལ་དུ་མི་མགོའི་དོ་ཤལ་ཕྲེང་བ་རབ་ཏུ་འཕྱང་བ་ཅན། །སྡོང་བུ་དང་བཅས་ཨུད་པ་ལ་དམར་པོ་རྒྱ་ཆེན་རབ་ཏུ་རྒྱས་ཤིང་འཕྲོ་བ་གཉིས་འཕང་བརྩེ་བར་བྱེད། །གཞུ་དང་མདའ་ནི་རབ་ཏུ་རྒྱས་པ་གསལ་བར་རྣ་བ་རྩ་བར་རྒྱུད་ནི་རབ་ཏུ་གང ་བར་བཀང། །ཡུམ་ཉིད་ས་གསུམ་མ་ལུས་རྣམས་ནི་མདུན་དུ་ལྕགས་ཀྱུས་འགུགས་ཤིང་ས་ལ་འགྱེལ་བ་བཞིན་དུ་བྱེད། །ཆུ་སྐྱེས་དམར་པོ་ཕྱག་གཡོན་བསྣམས་ཤིང་བླ་མེད་ལྷན་ཅིག་སྐྱེས་པའི་དགའ་བས་རྒྱལ་སྲིད་དེ་བཞིན་དུ། །རང་གི་འདོད་པས ་ཟླ་བ་རབ་ཏུ་གསལ་ཞིང་དཔལ་ནི་ཉེ་བར་དགོད་བཞིན་མི་མགོའོ་ཐོད་པ་ལྔ། །ཡན་ལག་ལྔ་ལ་ཕྱག་རྒྱ་ལྔ་ཡིས་བརྒྱན་ཞིང་ཡོངས་སུ་གྱུར་པ་ལས་ནི་སངས་རྒྱས་ལྔ་ནི་རིམ་པ་བཞིན། །འདོད་ཆགས་རྡོ་རྗེས་བཅོམ་ལྡན་འདས་མའི་དབུ་ལ་རྣམ་བརྒྱན་པའི་རང? ་བཞིན་དེའི་སྒྲུབ་བྱེད་དབང་པོ་ཡིས། །དེ་ནི་མ་ནིང་བཟླས་པས་རྒྱལ་བྱེད་ཇི་ལྟར་ལྷ་རྣམས་དེ་ཡི་ཞབས་ལ་ཕྱག་ནི་འཚལ་བར་བྱེད། །བཅོམ་ལྡན་འདས་མའི་སྒྲུབ་ཐབས་མཆོག་གྱུར་འདི་ནི་གང་ཞིག་རོལ་པས་བཞུགས་པས་བཀའ་ཡིས་ནི། སྙན་ངག་མཁན་པོ་བརྩེ ་བས་མངོན་སྤྱོད་ཅན་གྱིས་སྒྲུབ་ཐབས་བསོད་ནམས་གང་ཞིག་བསབས?་གྱུར་པ། །དེ་ཡིས་བློ་གྲོས་མུན་པའི་མཚན་མ་དང་བྲལ་དྲི་མེད་ཤེས་རབ་རྒྱས་ཤིང་འཕྲོ་བ་ཅན། །རང་གི་འདོད་པ་རབ་བརྐྱང་འོད་གསལ་བདེ་བ་ཆེན་པོས་འགྲོ་རྣམས་རབ་ཏུ་གནས་གྱུར ་ཅིག་ཀུ་རུ་ཀུལླེའི་སྒྲུབ་ཐབས་དཔལ་ཀྱེའི་རྡོ་རྗེའི་རྒྱུར་ལས་ཕྱུང་བ་རྫོགས་སོ།། །།སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་འདིས་ཚིགས་སུ་བཅད་པར་བསྡེབས་པའོ།། །།རྒྱ་གར་སྐད་དུ། ཥ་ན་བྷུ་ཛ་ཀུ་རུ་ཀུལླེ་བྷཱ་ཊ་ར་ཀ་ཡཱ། སཱ་དྷ་ནཾ། བོད ་