CLOSE WINDOW

N3182: u rgyan nas byung ba'i rig byed ma'i sgrub thabs
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཨོཾ་དཱ་ཡ་ན་བི་ནིར་གས་ཏེ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཨུ་རྒྱན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས། །འཕགས་མ་རིག་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒོམ་པའི་སྔོན་དུ་དྲི་བཟངས་ལྔས་སའི་ཕྱོགས་གཅིག ་ཏུ་ཉེ་བར་བྱུག་སྟེ། །བརྟུལ་ཞུགས་དང་ལྡན་པས་དགའ་བའི་སེམས་ཀྱིས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ་མཉམ་པར་བཞག་ནས། དེ་ནས་ཕྱིས་རང་གི་སྙིང་ཁར་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབད་པའི་ཕྲེང་བ་རྣམ་པར ་འཁྲུགས་པའོ། །དེའི་ལྟེ་བར་ཧྲི(རྒྱུད་འགྲེལ་པར་བྱའོ། །སླར་ལོག་སྟེ་དེ་ཉིད་ལ་ཞུགས་ནས་དེ་བཞིན་དུ་འོད་ཟེར་གྱིས་དྲ་བ་བསྒོམ་པར་བྱའོ། །དེ་ནས་ཕྱིས་མདུན་གྱི་ནམ་མཁའ་ལ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན་དབུ་སྐྲ་འབར་བ་གྱེན་དུ་བརྫེས་པ་ཐོད་པ་ལྔས་དབུ་བརྒྱན་ཅིང་རོའི་སྟེང་ན ་བཞུགས་པ། །མགོ་བོའི་ཕྲེང་བས་དོ་ཤལ་བྱས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཞལ་བཅུང་ཟད་མཆེ་བ་གཙིགས་ཤིང་ལྗགས་བསྐྱེད་པ་འཁོར་ལོ་དང། རྣ་རྒྱན་དང། མགུལ་རྒྱན་དང། དབུང་རྒྱན་དང། སྐ་རགས་དང། རྐང ་གཏུབ་གྱིས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡོ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་ལྟ་བ། མགོན་པོ་འོད་དཔག་མེད་པའི་དབུ་བརྒྱན་ཅན། ཕྱག་བཞི་པ་རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག་དམར་པོའི་གཞུ་འཛིན ་ཅིང་ཨུད་པ་ལ་དམར་པོའི་མདེའུ?་ཅན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་མེ་ཏོག་དམར་པོས་བྱས་པའི་ལྕགས་ཀྱུ་དང། ཨུདྤ་ལ་དམར་པོ་བསྣམས་པར་བསམ་པར་བྱའོ། །འདི་ཉིད་མཆོད་པའི་ཕྱིར་རང་གི་སྙིང་ཁར ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲི(རྒྱུད་འགྲེལ་འབྱོར་བས་འདུད་ཅིང་ལུས་ལ་སོགས་པས་ཕྱག་འཚལ་ཏོ། །དེ་ན་བདག་གིས་སྡིག་པ་བགྱིས་པ་དང། གང་ཞིག་བགྱིད་དུ་སྩལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་རྣམས་བཅོམ་ལྡན་འདས་མའི་མདུན་དུ་མངོན་སུམ་དུ་བཤད ་པར་བགྱིའོ། །དེའི་རྗེས་སུ་འཁོར་བའི་རྒྱ་མཚོར་ལྟུང་བའི་སེམས་ཅན་ཁམས་རྣམས་བསྒྲལ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་གཟུང་བར་བྱའོ། །དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྟོང་པ་ཉིད་བསྒོམས ་ཏེ་དེ་ལ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་སེམས་བྱིན་གྱིས་བརླབས་ལ། དཱི་རྗེས་སུ་ནམ་མཁའ་ཨི་ཕྱོགས་སུ་རཾ(རྒྱུད་འགྲེལ་བའི་རམ་པར་བསྒོམ་བར་བྱའོ། །དེའི་སྟེང་དུ་ཧཱུ(རྒྱུད་འགྲེལ་འབྱུང་མཛེས་ཤིང་ཡེ་ཤེས་ཀྱི་རྣམ་པ་སྐུ་མདོག་དཀར་པོ་བསྒོམ་པར་བྱའོ། །དེའི་དབུས་སུ་ཧྲཱི(རྒྱུད་འགྲེལ་དེའི་སྟེང་ཟླ་བ་ཡོངས་སུ་གང་བ་དཀར་པོ་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དཱི་སྟེང་དུ་སླར་ཡང་ཉི་མའི་དཀྱིལ་འཁོར་ལ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་མདོག་དམར་བའོ། །དེའི་བུས་སུ་ཧྲི(རྒྱུད་འགྲེལ་ལ་དམར་པོའི་མདེའུ་ཅན་གྱི་མདའ་ལ་རང་གི་སེམས་ཉིད་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ། །ཕྱི་ནས་ཉི་མ་དང་ཟླ་བ་རོ་གཅོག་ཏུ་གྱུར་པ་ལས་བདག་ཉིད་སྔོན་མ་བཞིན་དུ་ཀུ་རུ་ཀུལླེའི་སྐུར་བསྒོམ་པར་བྱའོ། །རང་གི་སྙིང་ཁར་རཾ་ཡིག་ལས་ཉི་མའི་དཀྱིལ ་འཁོར་བསྒོམས་ལ་དེའི་ལྟེ་བ་ལ་སླར་ཡང་ཧྲཱི(རྒྱུད་འགྲེལ་བྱའོ། །དེ་ལ་འདིས་གསོལ་བ་གདབ་པར་བྱ་སྟེ། །མགོན་པོ་འོད་དཔག་ཏུ་མེད་པས་བདག་ལ་དབང་བསྐུར་དུ་གསོལ་ཞེས་སོ། །དེ་ནས་མགོན་པོ་འོད་དཔག་ཏུ་མེད་པས་ཉིད་ཀྱིས་ཐུགས་ཀ་ནས་བདུད་རྩི་ལྔས་གང་བའི་བུམ་པ་ལྔ་འཕྲོ་བར་རྣམ་པར་བསྒོམ ་པར་བྱའོ། །དེ་ན་བདུད་རྩི་རྣམ་པ་ལྔས་ཡོངས་སུ་གང་བའི་བུམ་པ་ལྔ་པོ་དེ་རྣམས་ཀྱིས་ཁྲུས་མཛད་ཅིང་བཀྲུས་ནས་རང་གི་སྙིང་ཁའི་བུམ་པ་རྣམས་ལ་རབ་ཏུ་གཞུག་པའོ། །དེ་ལ་རབ་ཏུ་ཞུགས་ནས་རྣལ་འབྱོར་པའི་སྤྱི་བོར་མགོན་པོ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །ཐུན ་འཚམས་གསུམ་དུ་རྣམ་པ་བསྒོམ་ཞིང་སྔགས་བཟླས་པར་བྱའོ། །དེ་ནས་སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱི(རྒྱུད་འགྲེལ་བུད་མེད་དབང་དུ་བྱ་བར་འདོད་ན་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་ཐུན་འཚམས་གསུམ་དུ་ཁྲི་ཕྲ་རེ་ཉིས་སོ་སོ་ལ་བཅོམ་ལྡན་འདས་མའི་སྐུ་ལ་གོས་དམར་པོའི་སྟོད་གཡོགས་བྱའོ། །དེའི་རྗེས་སུ་རང་གི་སྙིང་ཁར་ཉི་མ་ལ་གནས་པའི་ཧྲཱི(རྒྱུད་འགྲེལ་པོ་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པ་སྐྱེས་གནས་ཀྱི་བར་དུ་སོན་པའི་སྡོང་བུའི་རྣམ་པ་བསྒོམ་པར་བྱའོ། །དེའི་འདབ་མ་བརྒྱད་ལ་བུད་པ་བརྒྱད་དོ། །བར་བར་དུ་དབྱངས་ཡིག་ཡོངས་སུ་གྱུར་པ་ལས་ཤིན་ཏུ་དགའ་ཞིང་དགྱེས་པ་དང། ཁྲོ་ཞིང ་ཆགས་པའི་གོ་རིམས་བཞིན་དུ་རང་གི་སྣའི་རླུང་གིས་བསྐུལ་ཏེ་འཕུར་ནས་སྣ་བུག་གཡོན་པའི་བུ་ག་ནས་འཐོན་ཏེ་སྒྲུབ་བྱའི་སྣ་བུག་གཡས་པའི་བུ་གར་རབ་ཏུ་ཞུགས་ཏེ་དགའ་བས་དུམ་བུར་འཐུབ་ཅིང་ཉམས་བར་བྱས་ཏེ། །དབྱངས་ཡིག་དང་པོ་ལ་སོགས་པ་བརྒྱད ་ཅུང་ཞིག་དམར་བ་དང་ལྡན་པའི་མདབ་མ་གཞིག་པར་བྱའོ། །དེ་ལྟར་ལྟ་བར་བྱེད་པའི་རྣལ་འབྱོར་པས་ཕྱི་ནས་རྣ་བའི་བར་དུ་བཀང་བའི་ཨུད་པ་ལའི་མདེའུ་ཅན་གྱི་མདའ་དང་གཞུའི་ཆད་པ་ལ་ལྟ་ཞིང་སྔགས་ཟེའུ་འབྲུ་ལ་སོ་སོར་བརྟག་པར་བྱའོ། །དེ་ནས ་??་དེ་རྣམས་དམ་ཚིག་གིས་བསྐུལ་ནས་སྣ་བུག་གཡོན་པའི་བུ་ག་ནས་བྱུང་སྟེ་དབྱངས་རེ་རེ་བླངས་ཤིང་ཁྱེར་ནས་རྣལ་འབྱོར་པའི་སྣ་བུག་ནས་ཞུགས་ཏེ་རང་གི་སྙིང་ཁར་རང་དང་གཞན་གྱིས་ཤེས་པ་ངོ་བོ་གཅིག་ཏུ་བྱའོ། །ཕྱི་ནས་ཨུད་པ་ལས་སྐེ ་བཅིངས་ཏེ། སྐྱེ་གནས་ལྕགས་ཀྱུས་ཕུག་ཅིངས་མདའི་དྲ་བས་བསྣུན་ཅིང་དབང་དུ་བྱེད་པར་རྣམ་པར་བསམ་པར་བྱའོ། །འགལ་མའི་འཁོར་ལོ་ལ་སྒྲུབ་བྱས་གནས་པར་བསམ་པར་བྱའོ། །སྒྲུབ་པ་པོ་ནི་སྔགས་ཀྱི་གཟུགས་ཀྱི་ཉེ་བར་བསྟན་པ་དེས ་ཤིང་དགའ་བས་རྟག་ཏུ་སྔགས་བཟླས་པར་བྱའོ། །ོཾ་ཀུ་རུ་ཀུལླེ་ཧྲཱི(རྒྱུད་འགྲེལ་པ་འདོད་པར་ནོན་པ་དེ་ཐོབ་ནས་རང་གི་ཡིད་དམ་གྱི་རྣལ་འབྱོར་གྱིས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོད་པར་བྱའོ། །གཞོམ་པར་མི་ནུས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །ུ་རྒྱན་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །། ་