| Wylie | e-texts based on the ACIP/ALL Input |
སེམས་དཔའ་ཨི་ཆུ་སྐྱེས་ལ། །དམར་འཛིན་དེའི་སྤྱི་བོར་བསམ། །ཞག་བདུན་ཐུན་འཚམས་གསུམ་བསྒོམས་ན། །དེའི་ལྟུང་བར་བྱེད་པར་འགྱུར། །ཀུ་རུ་ཀུ་ལླེའི་དབང་དུ་བྱེད་པའི་མན་ངག་གོ། །།རྒྱ་གར་སྐད་དུ། ཀུ་རུ ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིག་བྱེད་མའི་སྒྲུབ་ཐབས། རིག་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་སྟན་བདེ་བ་ལ་ཉེ་བར་འདུག་སྟེ་རིག་བྱེད་མའི་སྐུར་བསྒོམས་ནས་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་བརྩམ་པར་བྱའོ། །རང་གི་སྙིང ་ཁོར་ཉི་མའི་དཀྱིལ་འཁོར། །དེའི་སྟེང་དུ་ཏཱཾ་ཡིག་དམར་པོ། །དེ་ལས་འོད་ཟེར་ལྔ་བྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞེས་པ་ལ་སོགས་པའི་ཚིག་གིས་སྡིག་པ་བཤགས་པ ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ནས་ཕྱི་ནས་ཨུད་པ་ལ་དམར་པོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཏཱཾ་ཡིག་དམར་པོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར ་པོ་ཕྱག་བཞི་པ། ཕྱག་གཡས་པ་ན་མདའ་དང། མི་འཇིགས་མའི་ཕྱག། གཡོན་ན་གཞུ་དང། ཨུད་པ་ལ་བསྣམས་པ། རྡོ་རྗེ་དཀྱིལ་མོ་ཀྲུང་གིས་བཞུགས་པ། ཤ་འགག་དམར་པོའི་སྟོད་གཡོགས་ཅན་གྱི་བདག་ཉིད་དུ་བསྒོམ་པར་བྱའོ། ་འོག་ཏུ་འདོད་ལྷ་ཆུང་མ་དང་བཅས་པ་བསམ་པར་བྱའོ། །ཕྱི་ནས་བསྒོམ་པ་དང་ལྡན་པས་སྔགས་བཟླས་པར་བྱའོ། །ོཾ་ཀུ་རུ་ཀུལླེ་སྭཱཧཱ། རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མ་ཏཱི་ཀུ་རུ་ཀུལླེ་སཱ་དྷ ་ནཾ། བོད་སྐད་དུ། དཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས། །འཕགས་མ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱི(རྒྱུད་འགྲེལ་མཚན་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་རིག་བྱེད་མ་སྐུ་མདོག་དམར་མོ་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། ན་བཟའ་དམར་པོ་སྣ་ཚོགས་པའི་སྟོད་གཡོགས་ཅན ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་བཞི་པ་རྩ་བའི་ཕྱག་དག་གིས་ཨུད་པ་ལ་དམར་པོའི་མདེའུས་རྣམ་པར་མཛེས་པའི་མངའ་དང་བཅས་པའི་མེ་ཏོག་གིས་གཞུ་རྣ་པའི་རྩར་འགེངས་པ། གཡོན་སྡོང་བུ་དང་བཅས་པའི་ཨུད ་པ་ལ་དམར་པོ་ཁ་ཕྱེ་བ་བསྣམས་ཤིང། །གཡས་པ་མཆོག་སྦྱིན་མཛད་པའོ། །སྒེག་མའི་ཉམས་ཆེན་པོས་རོལ་པར་བལྟས་ཏེ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ནས་རང་གི་ལུས་ཀྱི་འོད་ཟེར་དམར་པོའི་ལྕགས་ཀྱུས་བཀུག་པའི་ལྷ་དང ་ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། གནོད་སྦྱིན་དང། སྐྱེས་པ་དང། བུད་མེད་བརྒྱ་སྟོང་ལ་སོགས་པའི་ཚོགས་ཤིན་ཏུ་གུས་པར་འདུད་ཅིང་མཆོག་ཏུ་དབང་དུ་གྱུར་པར་ཕྱོགས་བཅུ་རྣམས་སུ་ཡང་དག་པར ་བལྟའོ། །ོཾ་ཀུ་རུ་ཀུ་ལླེ་ཧྲཱི(རྒྱུད་འགྲེལ་བཟླས་པ་འབུམ་བྱས་ནས་གུས་ཤིང་འདུད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུས་སུ་འཇུག་ཅིང་རང་གི་ལུས་ཀྱིས་འོད་ཟེར་གྱིས་ལྕགས་ཀྱུས་སྒྲུབ་བྱ་བཀུག་ལ་མདུན་དུ་བཀོད་ནས། རང་གི་སྙིང་ཁར་ཨུད་པ་ལ་དམར་པོ ་འདབ་མ་བཅུ་དྲུག་པ་དེའི་སྙིང་ཁར་ཡང་བསམས་ནས་འཕགས་པ་ཡན་ལག་མེད་པའི་རྡོ་རྗེས་གསུངས་པའི་རིམ་པས་བུང་བའི་ལྕགས་ཀྱུ་བསྒོམས་ལ། །དེའི་མིང་གི་ཡི་གེ་རང་གི་སྙིང་ཁའི་སྔགས་ཀྱིས་ཤིན་ཏུ་མནན་ནས་དེ་བཞིན་དུ ་