CLOSE WINDOW

N3178: sgrol ma'irtog pa las byung ba'i tshig lhug pa'i rigs byed ma'i sgrub thabs
Wyliee-texts based on the ACIP/ALL Input

པས་རིམ་པར་གོམས་པ་ཡིས། །དངོས་གྲུབ་ཕྲ་མོ་འགྲུ་ཆེན་པོ་ཡང། །གྲུབ་པར་འགྱུར་བར་ཐེ་ཚོམ་མེད། །སྒྲོལ་མའི་རྟོགས་པ་ལས་འབྱུང་བའི། །ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མུཀྟ་ཀེ་ན་ཏཱ་རོང་བྷ་བ་ཀུ་རུ ་ཀུ་རུ་ལླེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་རྟོག་པ་ལས་འབྱུང་བའི་ཚིག་ལྷུག་པའི་རིག་བྱེད་མའི་སྒྲུབ་ཐབས། འཕགས་མ་རིག་བྱེད་མ་ལ་ཕྱག་འཚལ་ལོ། །གང་གིས་དྲན་པ་ཙམ་གྱིས་ནི། ལྷ་དང་ལྷ་མིན་མིར་བཅས་རྣམས། །ངེས་པར་མ་? ་མདག་ཞུགས་བྱེད་འགྱུར་པའོ། །སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་ཡིད་དང་འཐུན་པའི་གནས་སུ་བུད་མེད་ཀྱིས་ཚོགས་ལ་སོགས་པ་དང་བྲལ་བར་སྟན་པ་དེ་བ་ལ་འདུག་སྟེ། རང་གི་སྙིང་ཁར་དབྱངས་ཡིག ་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཟེར་དང་བཅས་པའི་ཧྲཱི(རྒྱུད་འགྲེལ་པའི་བཅོམ་ལྡན་འདས་མ་རིགས་བྱེད་མ་ཡང་དག་པར་བསྐུལ་ནས་སྤྱན་དྲངས་ཤིང་མདུན་གྱི་ནམ་མཁའ་ལ་ཡང་དག་པར་བསམ་ཏེ། སྙིང་ཁའི་ས་བོན་གྱི་འོད་ཟེར་ལས་སྤྲུལ་པའི་མེ་ཏོག་དང་བདུག་སྤོས་ལ་སོགས་པ་སྣ་ཚོགས ་པའི་མཆོད་པར་བྱའོ། །དེའི་རྗེས་ལ་ཕྱག་འཚལ་བ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ཡོངས་སུ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། དཀོན་མཆོག ་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་ཞིང་སྔགས ་འདིས་བྱིན་གྱིས་བརླབས་པ་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨད་མ་ཀ་ཧཾ། དེའི་རྗེས་ལ་འགྲོ་བ་སྡུག་བསྔལ་བ་མཛའ་དག་ལ་སྙིང་རྗེ་བས་རང་གི་སེམས་ཀྱི་ས་བོན་གྱི་གཟུགས་ལ་བལྟ་སྟེ། །དེ་ཡོངས་སུ་གྱུར་པ་ལས ་ཨུད་པ་ལ་དམར་པོའི་སྟེང་དུ་དབྱངས་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་པའི་ས་བོན་གྱིས་འོད་ཟེར་རྣམས་ཀྱི་སྔོན་བཞིན་དུ་འགྲོ་བ་རྣམས་གསལ་བར་མཛད་ནས། །དེ་བཞིན་གཤེགས་པ་བྱེ་བ་མཛའ་ཡས་པ་ཡང་དག་པར ་བསྐུལ་ཞིང་སྤྱན་དྲངས་?་ནས་ནང་དུ་བསྒོམ་པར་བྱའོ། །དེ་ལ་ཨུད་པ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་མོ་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། །དར་དམར་པོའི་སྟོད་གཡོགས་བྱས་པ་འོད་ཟེར་དམར་པོ ་དང་ལྡན་པ། །རིན་པོ་ཆེ་དམར་པོའི་རྣ་བརྒྱན་ཅན། །ཕྱག་བཞི་པ། གཡས་པས་མི་གཟིགས་པ་རབ་ཏུ་སྦྱིན་པ། གཉིས་པས་མདའ་ཡང་དག་པར་འགེངས་པ། གཡོན་ན་རིན་པོ་ཆེའི་གཞུ་བསམས་པ། གཉིས་པས་ཨུད་པ་ལ ་དམར་པོ་བསྣམས་པ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་དབུ་བརྒྱན་ཅན་ཀུ་རུ་ཀུལླེའི་?་བུ་ག་ན་བཞུགས་པ། སྒྲ་གཅན་གྱི་མགོ་ལ་གནས་པའི་འདོད་ལྷ་ཆུང་མ་དང་བཅས་པའི་སྟེང་དུ་བཞུགས་པ། ?་པའི་ཉམས ་ཀྱིས་རོལ་ཞིང་དང་པོའི་ལང་ཚོ་དང་ལྡན་པའི་རིག་བྱེད་མ་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་གསལ་བསྐྱེད་ནས་སྐད་ཅིག་གིས་ཡེ་ཤེས་སེམས་དཔའ་མདུན་དུ་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ནས་དམ་ཚིག ་གི་ཕྱག་རྒྱས་ཞལ་གྱིས་ནང་དུ་ཞུགས་པར་སྒོམ་པར་བྱའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མ་ཡང་དག་པར་སྦྱར་ནས་གུང་མོ་དག་རྩེ་མོར་བྱས་པའི་དབུས་སུ་མིང་མེད་དག་བཅུག་སྟེ། གྲང་མོའི་རྒྱབ་ཏུ་འཛུབ་མོ་གཉིས་གནས་ཤིང ་མཐབ་ཆེན་གཉིས་འོག་ཏུ་རབ་ཏུ་ཞུགས་པ་དེ་ལྟ་བུའི་རྣམ་པ་ནི་ཨུད་པ་ལའི་ཕྱག་རྒྱའོ། །དེའི་རྗེས་སུ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེད་བདག་གསོལ། །ཞེས ་གསོལ་བ་བཏབ་ལ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱི། །གནས་ལས་བྱུང་བ་བདག་གིས་སྦྱིན། །ཞེས་བརྗོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་སྤྱན་མ་ལ་སོགས་པ་རྣམས ་ཀྱིས་དབང་བསྐུར་བ་བསྟེར་བར་བསམ་པར་བྱ་ཞིང་འོད་དཔག་མེད་དབུ་རྒྱན་དུ་བཞུགས་པའོ། །དེ་ལྟར་བསྒོམས་ནས་བསླབས་པར་བྱ་སྟེ། ཧ་ཅང་སྐྱེན་མིན། །མི་གསལ་མ་ཡིན་རྟོག་པ་སྤངས། །ོཾ་ཀུ་རུ་ཀུ་ལུ་ཧྲཱི(རྒྱུད་འགྲེལ་གསུམ་གྱི་རིམས་པས་འཁུར་བ་དང་ཀར་བ་ལ་སོགས་པའི་གཏོར་མ་དབུལ་བ་སྔོན་དུ་འཕྲོ་བས་རྟག་ཏུ་རྒྱུན་མི་ཆད་པར་བརྟན་པར་འཇུག་པས་ཟླ་བ་དྲུག་ཏུ་སྒོམ་པར་བྱའོ། །གྲུབ་པའི་མཚན་མ་རྣམས་ནི་འབྱུང་བར་འགྱུར་རྡོ། །དེའི་རྗེས་ལ ་ཟླ་བ་དང་པོ་ལ་ནང་ལ་སོགས་པ་བར་དུ་གཅོད་པ་བརྒྱ་འབྱུང་བར་འགྱུར་རོ། །ཟླ་བ་གཉིས་པ་ལ་སྟོན་མོ་གྱི་ནོམ་པ་མ་བསླངས་པར་སྙེད་པར་འགྲུབ་བོ། །གསུམ་པ་ལ་གོས་སྣ་ཚོགས་པ་རྙེད་པར་འགྱུར་རོ། །བཞི་པ་ལ་སྣ་ཚོགས་པའི་སོ་རྩི ་རྒྱུན་མི་འཆད་པར་རྙེད་པར་འགྱུར་རོ། །ལྔ་པ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ལོ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི་བུད་མེད་གྱི་གྲོགས་རྙེད་པར་འགྱུར་རོ། །ཟླ་བ་དྲུག་པ་ལ་ལྷ་དང་ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། མིའམ་ཅི ་ལ་སོགས་པའི་བུད་མེད་ཡིད་དུ་འོང་བ་དང་ཕྲེང་བར་འགྱུར་རོ། །བཅོམ་ལྡན་འདས་མ་བསྒོམས་ན་ཕེལ་ཆེར་བུད་མེད་རྣམས་ཀྱིས་འཚེ་བར་འགྱུར་རོ། །དེ་ལ་བདུད་གྱི་ལས་འདི་རྣམས་སྤངས་སྟེ་བཅོམ་ལྡན་འདས་མ་སྒོམ་པར་བྱེད་པ་ལ་རྨི ་ལམ་མམ་དངོས་སུ་སྟོན་པར་འགྱུར་རོ། །རལ་གྲི་དང། མིག་སྨན་དང། རྐང་པའི་ཕྱུག་པ་དང་མི་སྣང་བ་དང་བཅུད་ལེན་དང། མཁའ་ལ་སྤྱོད་པ་དང། ས་ལ་སྤྱོད་པ་དང། ས་འོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །གལ ་ཏེ་སོ་སོར་བཀས་སྟོན་པར་མི་འགྱུར་ན་དེའི་ཚེ་སྦར་གསུངས་པའི་ཕྱག་རྒྱ་བཅིངས་ནས་མཆོད་པ་དང་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ཟླ་བ་དྲུག་གི་མཐར་ཟླ་བ་ཡོངས་སུ་གང་བའི་མཚན་མོ་རིལ་བོ་བཟླས་པར་བྱའོ། །དེ་ནས་ཕྱག་རྒྱ་འདས་ཏེ?་འགྲུབ ་པར་འགྱུར་རོ། །ཕྱག་རྒྱ་དེས་ཚངས་པ་དང། དབང་པོ་དང། ཉེ་བའི་དབང་པོ་དང། དྲག་པོ་དང། སྲིད་མེད་ཀྱི་བུ་ལ་སོགས་པ་ཡང་དག་པར་བཀུག་སྟེ། ཡང་དག་པར་འོངས་ནས་མངོན་པར་འདོད་པ་རྣམས་རྫོགས་པར་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་? ་བརྒྱུད?་སྟེ་བསྐྱེ་བ་དང། འཆི་བ་དང། བྲལ་ཞིང་གྲུབ་པའི་འཇིག་རྟེན་གྱི་ཁམས་སུ་སོང་ནས་དེ་བཞིན་གཤེགས་པ་རྣམས་བལྟ་ཞིང་ས་དང་གཟུངས་ལ་སོགས་པ་རྣམས་ཐོབ་པར་འགྱུར་རོ། །སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཚིག་ལྷུག་པའི་སྐུ་རུ་ཀུ་ལླའི ་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རང་ཉིད་ཀུ་རུ་ཀུ་ལླེར་བསྒོམ་སྒྲོལ་མ་ལས་བྱུང་མཚོ་སྐྱེས་ལས་བསྒྲུབ་བྱ་ནང་དུ་གཞུག་བྱས་ནས། །འདོད་པས་མྱོས་པ་བསྒོམ་པར་བྱ། སྐུ་ཡེ་ཤེས ་