| Wylie | e-texts based on the ACIP/ALL Input |
པར་བསམ། །དེ་ལས་དེ་ཡི་འོད་ཟེར་གྱིས། བདག་གི་ལུས་འདི་སྣང་བར་མཛད། །དེ་ནས་བ་སྤུའི་ཁུང་ནས་ནི། །མཐོན་གྱུར་སྲིད་པ་མ་ལུས་པའི། །མི་ཤེས་རབ་རིབ་བཅོམ་ནས་ནི། །སླར་ཡང་རང་ཉིད་ལ་ཞུགས་ཏེ། །ལྔ་པའི ་འོག་ནས་དྲུག་པའི། །དབྱངས་ལ་ཐིག་ལེ་གཉིས་ཀྱིས་བརྒྱན། ཨ་ཨའི་སྔོན་བཞིན་ཨུ་དང་ཨེ་ཨོཾ་དང་ཨ་ཨེས་ཉེ་བར་མཚོན། །སྙིང་ག་སྤྱི་བོའི་གཙུག་དང་ནི། །མགྲིན་པ་མིག་དང་ཕྲག་པ་ལ། །ཆོ་ག་འདི་ཡིས་བཀོད་ནས་ནི། །འདི་ཡིས ་ཚངས་པར་སྤྱད་པར་བྱ། །དེ་རྗེས་འཁོར་ལོ་འཁོར་བ་ཡིས་མུན་ཆེན་སྙིང་ལ་གནས་པ་ལ། །མི་གཡོ་རང་གི་ས་བོན་ལ་ཁྲོ་དང་ལྡན་པས་བརྟན་པར་བསྒོམས་དེ་ནས་འབུམ་དུ་ཟླས་པར་བྱ། །མདུན་གྱི་དྲངས་དང་ལྡན་པ་ཡིས། རྣམ་སྤྱོད་བར?་ཏུ ་དངས་པའི་ཨ?། །ཐུགས་ཀར་ལྷ་མོ་དབྱངས་ཅན་མ། །ཚིགས་བཅད་བརྒྱད་པ་མ་ལུས་པའི། །རང་བཞིན་གཉིས་པ་ངག་དབང་བཞིན། །སྔོན་མ་མཐོང་བ་ཤེས་པར་འགྱུར། །སྔགས་སོགས་ཀུན་གྱི་ངག་རང་བཞིན། །སྙན་ངག་རྒྱལ་པོ་འཁོར ་ལོའི། །དེ་བོན་ལོ་ཕྱེད་བསྟེན་པས?་འཕེལ?་?་?་བྱེད་རྟ་དབྱངས་དང་མཚུངས་པ། །ཡུན་མི་རིང་བས་སྟེར་བར་བྱེད། །རྡོ་རྗེ་པི་ཝང་མ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ་བཛྲ་སྭ་?་སྭ་སྟི་སཱ་དྷ་ནཾ། བོད་སྐད ་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །སྙིང་གར་ཨ་ཡིག་བལྟ་ཞིང་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་ལས་པདྨ་དེ་སྟེང་མཛེས་པའི་ཧྲཾ་ཡིག་དེ་དག་ལས་མི་ཕྱི་ནས་བ ་སྤུའི་ཁུང་ནས་ཡིན་པས་བདག་གི་འོད་ཟེར་ལྷ་མོ་སྟེ། །དེ་ལས་བྱུང་བའི་བློ་གྲོས་ཆེན་པོ་དཔལ་གྱི་ས་བོན་ལྕགས་ཀྱུ་ཡིས། །ཆུ་སྐྱེས་དབང་པོའི་སྟེང་ན་སྐུ་ནི་མཛེས་བཞུགས་པ། །སྤྱན་གསུམ་དབུ་རྒྱན་ཟླ་བ་བྱེད་པས་ཡང་དག་བརྒྱན། ་ཕྱག་གཡོན་པོ་ཏི་བསྣམས་ཤིང་ཕྱག་གཞན་ཆུ་སྐྱེས་ཏེ། །ཕྱི་ནས་རང་ལུས་མཚུངས་ཡིད་ཀྱིས་རབ་ཏུ་འབད། །དེ་ནས་བསམ་གཏན་ང་ལ་གྱུར་ན། །མཉམ་གཞག་ནས་ནི་བཟླས་པ་བྱ། བླ་མའི་བཀའ་ཡིས་དབང་ཐོབ་ནས། །ལུས་དང་སྤྱོད་པ ་གཙང་ལྡན་པས། །ཏ་མཛའ་ར་མཛའ་ཡང་དག་ལྡན། །ས་མཛའ་ཨའི་ཡི་དབྱངས་ཀྱིས་མཛེས། །ཟླ་ཕྱེད་ཐིག་ལེས་མནན་གྱུར་པ། །བླ་མ་ལས་བལྟ་བྲི་ཞིང་བཟླས། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ་བཛྲ་སཕ་ར་སྭ་སྟི་དྷ?་མཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བྱུ་རུ་ནོར་བུའི་འོད་ཅན་ཤིན་ཏུ་མཛེས། །དང་པོར་རྡོ་རྗེ་དབྱངས་ཅན་མ་ནི་ཞལ་གསུམ་མ། །པདྨ་རལ་གྲི་གྲི་གུག་འཁོར་ལོ་དང ་པོ་དང། པི་ཝང་རིན་ཆེན་ཚངས་པ་བསྣམས་ལ་མ་གོས་ཕྱག་འཚལ། །ཡིད་དང་མཐུན་ཞིང་དབེན་པའི་ས་ཕྱོགས་སུ་སྟན་པ་དེ་བའི་སྟེང་དུ་ཉེ་བར་འདུག་སྟེ། རང་གི་སྙིང་གར་རྭ་བའི་དཀྱིལ་འཁོར་ལ་དབྱངས་ཡིག་དང་པོ་ལས་བྱུང་བ ་བསྒོམ་པར་བྱའོ། །དེའི་སྟེང་དུ་དོ(རྒྱུད་འགྲེལ་གདན་གྲངས་ནས། དེ་ནས་རྡོ་རྗེ་མེ་ཏོག་མ་སོགས་པ་རྣམས་ཀྱི་སྔགས་ཀྱིས་ཡིད་ཀྱི་རང་བཞིན་ལས་བྱུང་བ་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། །དེ་ནས་ཨོཾ་སྭ?་བྷཱ་ཝ་ཤུ་དྡྷ་སརྦ་དྷརྨ: ་སྭ་བྷཱ་ཝ་ཤུདྡྷོ་ཧཾ་ཞེས་ལན་བདུན་བརྗོད་པར་བྱའོ། །ོཾ་ཤཱུ་ནྱ་ཧཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་མདུན་དུ་པདྨ་དམར་པོ་ཁྲུ་བདུན་གྱི་ཚང་རྣམ་པར་བསྒོམ་པར་བྱའོ། ་