CLOSE WINDOW

N3167: 'phags ma rdo rje dbyangs can ma'i sgrub thabs
Wyliee-texts based on the ACIP/ALL Input

རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།དང་པོའི་དུམ་བུའོ།། །།རྒྱ་གར་སྐད་དུ། ཨཱརྱ་བཛྲ་སཱ་ར་སྭ་སྟི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྡོ་རྗེ་དབྱངས ་ཅན་མའི་སྒྲུབ་ཐབས། འཕགས་མ་རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་སངས་རྒྱས་གསུང་ལ་སྦྱིན་ཡོན་ཏན་རང་བཞིན་རྡོ་རྗེ་དབྱངས་ཅན་མ་བཏུད་ནས། །རང་ལ་ཕན་པ་ཡང་དག་སྒྲུབ་མཛད་མཛེས་པའི་ཉམས ་ལྡན་རྩོད་པས་ཐུབ་པར་དཀའ་མཛད་མ། །དེ་ཡི་སྒྲུབ་ཐབས་འདིར་ནི་ཀུན་ནས་ཡང་དག་མི་བཟད་མི་ཤེས་མུན་པ་འཇོམས་མཛད་པ། །བློ་ངན་རྣམས་ཀྱི་རྟོགས་ཕྱིར་སེམས་ཅན་ཕན་ཕྱིར་ལེགས་པར་གསུངས་པའི་ཆོ་གས ་།ཤད་པར་བྱ། །དང་པོར་སྔ་བར་ཁ་ལ་སོགས་བདག་པའི་རང་བཞིན་སྙིང་རྗེ་དང་ལྡན་བཟོད་ལྡན་པས། །སྔགས་པས་གཙང་བའི་སྟན་ལ་བྱམས་པའི་དགའ་བས་མྱོས་ཤིང་གང་ཞིག་དགའ་བ་དང་ལྡན་པས། །གནས་ཀྱང་ཡིད ་དུ་འོང་ཞིང་དབེན་པར་ཡང་ནི་རང་གི་སྙིང་གར་ཆུ་སྐྱེས་ལྟ་བར་བྱ། །དེ་ལས་སྤྲུལ་པ་ལས་བྱུང་རི་བོང་འཛིན་པ་ཡང་དག་བསྒོམ་བྱ་དེ་ལ་ཡང་ནི་ཧོ(རྒྱུད་འགྲེལ་བར་གྱུར། །དེ་ནས་སངས་རྒྱས་ཚོགས་རྣམས་མདུན་དུ་བལྟས་ནས་འདིར་ནི་མཆོད་པ་ལ་སོགས་བསྒོམ་པར་བྱ། །མེ་ཏོག་ལ་སོགས་དེ་ནས་ཕྱག་འཚལ་སླར་ཡང་འདིར་ནི་སྡིག་པ་རབ་ཏུ་བཤགས་པར་བྱ། །དེ་བཞིན་བསོད ་ནམས་རྗེས་སུ་ཡི་རང་སྔགས་རིག་པ་ཡིས་གསུམ་ལ་སྐྱབས་སུ་ཡང་དག་འགྲོ། །ཞེས་པ་ལ་སོགས་སྨོན་ལམ་ལེགས་བཏབ་དེ་ཡིས་བདག་ཉིད་ཀྱང་ནི་དམིགས་པ་རབ་ཏུ་བྱ། །གཅིག་དང་དུ་མ་དང་བྲལ་རང་བཞིན་ཡོངས་སུ་བརྗོད་པ་དྲི་མེད ་ཡང་དག་ཤེས་རྟོགས་པ། །དེ་ནས་སྣ་ཚོགས་རྣམ་རྟོག་དྲ་བ་མ་ལུས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱ། །ོཾ་ཤཱུ་ནྱ་ཏཱ་ཛྙ་ནི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། སྟོང་པ་ཉིད་ལས་བྱུང་བ་ཆུ་སྐྱེས་དང་ནི་ཟླ་བ་ལ་གནས་དོ་ཡིག་དམར་པོ ་སྟེ། །སླར་ཡང་སྣ་ཚོགས། འོད་ཟེར་ཚོགས་རྣམས་ཤིན་ཏུ་མཛེས་པར་གྱུར་པའི་པདྨ་འདབ་བརྒྱད་པ། །དེ་ལ་དམར་ཞིང་འོད་ཟེར་ཆེན་པོ་དང་ལྡན་བཅོམ་ལྡན་འདས་མ་མཛེས་པའི་རྒྱན་གྱིས་བརྒྱན། །གཡོན་བརྐྱང་བའི་ཞབས་ཀྱིས ་ཡང་དག་གནས་ཤིང་ཞལ་གསུམ་ཕྱག་དྲུག་གིས་ནི་རབ་བརྒྱན་པ། །གཡས་པའི་ཞལ་ནི་སྔོ་ཞིང་ཕྱག་ན་པདྨ་རལ་གྲི་གི་ཁུག་རབ་ཏུ་བསྣམས་པ་སྟེ། །གཡོན་ཞལ་དཀར་ཞིང་ཕྱག་ན་ལྷུང་བཟེད་དང་བཅས་རིན་ཆེན་བཟད་དང་འཁོར་ལོ ་དེ་བཞིན་ནོ། །སྙིང་གར་པདྨ་ལ་གནས་ཟླ་བའི་དབུས་སུ་གནས་པའི་དེར་ཡང་དོ(རྒྱུད་འགྲེལ་གི་སྙིང་གར་ཟླ་བ་ལ་གནས་ས་བོན་བལྟས་ལ་སླར་ཡང་སྤྲོ། །དེ་ཉིད་ཡང་དང་ཡང་དུ་རྟག་ཏུ་སྙོམས་ལས་མེད་པར་ཉི་མ་སོ་སོར་བསམ་པར་བྱ། །བསམ་གཏན་དེ་ལ་ན་ས་བོན་མཉམ་སྐྱེས་བསྡུས་ལ་སྔགས་འདི་ཡིས་ནི་བཟླས་པ་རབ་ཏུ་བྱ། ་དོ་ཤལ་གཡོ་ཞིང་ཉིན་བྱེད་རིམ་པས་འབྱུང་བའི་ཡིད་བཞིན་དུ་ནི་སྔགས་ཀྱིས་བཟླས་པར་བྱ། །ོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་མི་ཛ་ལ་ཛ་ལ། མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུརྡྷི་བརྡྷ་ནི་སྭཱཧཱ། །ཐུན་མཚམས་ཐམས་ཅད་དུ་ནི་ལྷ་མོའི་སྐུ་ལ་ཡང?་ནི་རྟག་ཏུ ་རབ་ཏུ་དགའ་བ་ཡིས། །ཡིད་དག་གསུངས་པའི་ཆོ་གས་སེམས་ཅན་རྣམས་ཀྱིས་དོན་འགྱུར་སྔགས་འདི་ཡོངས་སུ་བཟླས་པར་བྱ། །བསོད་ནམས་ཀྱང་ནི་ཡོངས་སུ་བསྔོ་བྱ་དགོས་པ་བྱེད་ན་བསམ་གཏན་རྩེ་གཅིག་གནས་པར་སྤྱོད། །ཇི ་སྲིད་འབུམ་ཕྲག་ཡོངས་སུ་མ་རྫོགས་པ་འམ། རྫོགས་ནས་ཀྱང་ནི་ལས་ཀྱི་རིམ་བཞིན་བྱ། །རྣམ་པ་ཐམས་ཅད་དུ་ནི་མི་མཐུན་ཕྱོགས་སུ་ཉེ་བར་ཡང་ཡང་དེ་ཉིད་བསམ་གཏན་བྱེད། །དཀར་པོའི་ཚེས་གཅིག་ནས་ནི་ཤིན་ཏུ ་དགེ་བའི་ཡིད་ཀྱིས་ཇི་སྲེད་ཟླ་བ་གནས་ཀྱི་བར། །དེ་སྲིད་ལེགས་སྤྱད་དེ་བཞིན་ནུབ་རེ་བཞིན་དུ་ཇི་སྲིད་ཟླ་བ་གང་བ་བཞིན་དུ་བྱ། །དེ་ཉིད་ཀྱི་ནི་མཚན་མོ་ཐུབ་པར་དཀའ་བའི་སྙན་ངག་མཁན་གྱི་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་དང་ལྡན ་གཤིན་རྗེ་གཤེད་རྒྱུད་གནས་ཤིང་དཔལ་ལྡན་ནག་པོའི་གཟི་བརྗིད་ཀྱིས། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་བཅོམ་ལྡན་འདས་མ་དེའི་ཡང་དག་སྒྲུབ་པའི་ཐབས་གྱུར་པ། སེམས་ཅན་རྣམས་ལ་ཕན་པའི་དོན་དུ་བདག་གིས་བརྩམས་པའི་བསོད ་ནམས་ཡང་དག་ཐོབ་གྱུར་པ། །དེ་ཡིས་འགྲོ་རྣམས་ནག་པོ་ལྟ་བུར་ཐུབ་པར་དཀའ་བའི་སྙན་ངག་མཁན་དུ་འགྲུབ་པར་ཤོག་།སངས་རྒྱས་རྣལ་འབྱོར་དཔལ་འཛིན་གྱིས། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་གྱི། །འཇོམས་བྱེད་མཐར་ནི་བྱེད་པ་ཡི། །སྒྲུབ་པ ་ཐབས་ནི་ལོགས?་བྱས་སོ། །འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མཧཱ་སྭ་ར་སྭ་སྟི་སྭ་དྷ་ནཾ། བོད་སྐད་དུ། དབྱངས་ཅན་མཚན་མོའི་སྒྲུབ་ཐབས་འཕགས ་