| Wylie | e-texts based on the ACIP/ALL Input |
གཟུགས་སྒྲ་དྲི་དང་རོ་དང་ནི། རེག་བྱ་ལ་སོགས་བཟུང་དང་ནི། །རྟོག་པས་ཡོངས་སུ་མ་གོས་པ། །བསམ་མི་ཁྱབ་པའི་རྐྱེན་ལས་བྱུང། །ཡང་དག་རྫོགས་པའི་བྱང་ཆུབ་གནས། །ཀུན་མཁྱེན་སེམས་ཀྱི་གོ་འཕང་ངོ། །དེ་ལ་བཟླས་པའི ་སྔགས་ནི་འདིའོ། །ོཾ་པྲཛྙE་མཱ་ཧཱ་པྲཛྙE་ཤྲུ་ཏི་སྨྲཾ་ཏི་བི་ཛཱ་ཡེ་དྷཱི(རྒྱུད་འགྲེལ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཀ་ན་ཀ་བརྞ་པྲཛྙཱ་པ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །དང་པོར་རེ ་ཞིག་སྒྲུབ་པ་པོས་སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དབུས་སུ་དྷཱི(རྒྱུད་འགྲེལ་བཅོམ་ལྡན་འདས་མ་རང་གི་སྙིང་གའི་ས་བོན་གྱི་ཆོས་གདན་དྲངས་ནས་རང་གི་མདུན་དུ་བཞུགས་ཏེ། ཡང་དག་པར་མཆོད་ནས་དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཚད་མེད་པའི་གནས་བཞི་བསྒོམ་པ་སྔོན ་དུ་འགྲོ་བས་སྐད་ཅིག་གིས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། སྔགས་འདིའོ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཨ་ཡིག་ལ་སོགས་པའི་དབྱངས་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་ནས་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་གཉིས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དྷཱི(རྒྱུད་འགྲེལ་མཚན་པ་བསྒོམ་པར་བྱའོ། །ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཞལ་གཅིག་པ། །ཕྱག་གཉིས་ཆོས་འཆད་བའི་ཕྱག་རྒྱ་མཛེས?་པ། ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན། གཡོན་ལོགས་སུ་པདྨའི་དབུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པར་བསྒོམ་པར་བྱའོ། །དཔྲལ་བར་ཨོཾ་ཡིག་སེར་པོ། མགྲིན་པར་ཨཱ(རྒྱུད་འགྲེལ་བར་ཧཱུཾ་ཡིག་ནག་པོའི་སྔགས་བཟླས་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་སྒྲུབ་ཐབས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་སྦྱར་བ་ཡིས། །གཞུང་ལམ་དག་ལ་དེའི་སྒྲ། །བྱང་ཆུབ་ས་བོན་བླ་ན་མེད ་ཤེས་རབ་ཕ་རོལ་ཕྱིན་བཏུད་ནས། །གཉིས་མེད་ཡེ་ཤེས་བསྒྲུབ་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དང་པོར་རེ་ཞིག་སྔགས་པས་མཉམ་པར་བཞག་པར་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པ་ཡིད་ལ་བྱས་ཏེ། ཙན ་དན་གྱི་མཎྜལ་བྱས་ནས་དེའི་ཡན་ལག་ངོ་བོ་ཉིད་མེད་པའི་རང་བཞིན་གྱིས་དེ་ལ་དབུས་སུ་མི་བསྐྱོད་པ་བལྟས་ནས་མེ་ཏོག་དབུལ་བར་བྱའོ། །སྔགས་འདིས་སོ། །ོཾ་ན་མོ་ཨཀྵོ་བྷཡ་ཡ་ཧཱུཾ་ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། །དེ་བཞིན་དུ་ཨཀྵོ་བྷཡ་ཡ་ཧཱུཾ ་ཞེས་པའི་ས་བོན་གྱི་ཡི་གེ་བརྗོད་པར་བྱའོ། །གཞན་རྣམས་ཀྱང་ངོ། །ོཾ་བཛྲ་དྷུ་པེ་ཧཱུཾ་སྭཱཧཱ། །ོཾ་བཛྲ་གནདྷེ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་དྷི་པེ་ཧཱུཾ་སྭཱཧཱ། །ོཾ་བཛྲ་ནཻ་པེ་དྱ་ཧཱུཾ་སྭཱཧཱ། ཞེས་པས་ཐམས་ཅད་དབུལ་བར་བྱའོ། །དེའི་མདུན་དུ་ཨོཾ་ན་མོ་བཻ་རོ་ཙ་ན་ཡ ་