| Wylie | e-texts based on the ACIP/ALL Input |
པར་གཟུང་བར་བྱའོ། །ོཾ་མཱ་རཱི་ཙཡཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་མཱ་རཱི་ཙཡཻ་བི་ཙུ་བཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འོད་ཟེར་ཅན་པི་ཙུ་མའི་སྒྲུབ་ཐབས། འཕགས ་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རང་གི་རྟོག་ངན་ཆ་ཡིས་བསྐྱེད། །བར་དུ་གཅོད་པ་ཀུན་ཞི་དང། །ཀུན་མཁྱེན་ཤེས་རབ་ཐོབ་བྱའི་ཕྱིར། །འོད་ཟེར་ཅན་ཉིད་བསྒོམ་བར་བྱ། །ཕྱོགས་ཀུན་དུས་གསུམ་ནང་བཞུགས་པའི། །རྫོགས་སངས ་རྒྱས་དང་བླ་མའི་མདུན། །བདག་ཉིད་ཟླ་ལས་ཡང་དག་མཆོད། །ཆོ་ག་བཞིན་དུ་བཤགས་ལ་སོགས། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སངས་རྒྱས ་བྱང་ཆུབ་ཡིད་ཀྱིས་བཟུང། །བདེན་མེད་གཉིས་པའི་ངོ་བོ་ཉི། །སྟོང་ཉིད་མཚན་མེད་རྒྱུ་དང་བྲལ། །དེ་ཕྱིར་སྨོན་པ་མེད་པ་དང། །འགྲོ་རྣམས་རང་ཉིད་རྣམ་པར་གསུམ། །སྐུ་གདུང་མཆོད་རྟེན་ཆོས་དབྱིངས་གནས། །སྙིང་ག་སངས་རྒྱས་ལམ ་ནས་ནི། །མཁའ་ཁྱབ་སངས་རྒྱས་ཚོགས་འཕྲོ་བས། །གྲུ་བཞི་ལ་སོགས་ཡང་དག་ལྡན། །ཕྱི་ནང་ནང་དུ་ཟུར་བཞི་ལ། །རྩེ་གསུམ་གྱིས་མཚན་ཟླ་བའི་དཀྱིལ། །གདུག་པ་སེམས་ཅན་མཐིལ་དུ་མནན། །རི་ཡི་རྒྱལ་པོ་རབ་ཏུ་གནས། །དེ་ལ་མཾ ་ཡིག་བསྒོམ་པར་བྱ། །མྱ་ངན་མེད་པ་ཤིང་ལས་བྱུང་བའི། །སྒེག་ཅིང་དཔལ་དང་བདེན་པའི་ཆིར། །ཛམྦུ་ན་དའི་འོད་དང་མཚུངས། །གཡས་ཞལ་ཨིནྡྲ་ནི་ལའི་མདོག། མི་སྡུག་འཇིགས་ཤིང་དྲག་པོ་སྟེ། །ཅིག་ཤོས་ཞལ་ནི་ཟླ་འོད་འཕྲོ། །སྙིང་པོ་ལས ་བྱུང་ཞི་པ་སྟེ། །ཞལ་གསུམ་རྣམ་པར་ཐར་པ་གསུམ། །ཆོས་དང་ལོངས་སྤྱོད་སྤྲུལ་པར་གསུངས། །ཡི་གེ་སེར་པོ་གོས་བཟང་དང། །འོད་ཟེར་གྱིས་ནི་ཞལ་གནས་མ། །ཁ་མིག་ཁབ་ཀྱིས་འཚེམ་བྱེད་ཅིང། །ཁ་དང་མིག་དག་འཆིང་བར་བྱེད། །སྙིང ་མགྲིན་ལྕགས་ཀྱུ་ཞགས་པ་དང། མདའ་དང་གཞུ་ཡིས་འབུགས་པར་བྱེད། རྡོ་རྗེས་གདུང་པའི་སྙིང་འབུགས་ཤིང། །མྱ་ངན་མེད་པས་འབྲབ་པར་བྱེད། །རྣམ་ཐར་བརྒྱད་བརྒྱད་རྣམས་ཀྱིས་ནི། །གདུག་པ་འཇོམས་པར་རབ་ཏུ་བསྒོམ། །ཞབས་ནི་བརྐྱང་བསྐུམ ་དག་གིས་ནི། །དབང་ཕྱུག་དང་ནི་གཽ་རི་དག་།ཐབས་དང་ཤེས་རབ་ཞབས་ཀྱིས་མནན། །འོད་ཟེར་ཅན་བསྒོམ་བརྟུལ་ཞུགས་ཅན། །ཕྱོགས་ཀུན་དང་ནི་དུས་གསུམ་དུ། །བདག་ཉིད་སྤྲོ་བསྡུ་བྱས་ནས་ནི། །ཛ(རྒྱུད་འགྲེལ་དེ་ལ་སངས་རྒྱས་ཀུན་གཞུག་བྱ། །སངས་རྒྱས་སྐུ་བསྐྱེད་རིམ་པ་ཡིས། །བདུད་རྩིའི་བུམ་པ་རྣམས་བཟུང་ནས། །རིན་ཆེན་དབུ་བརྒྱན་ཅོད་པན་ཅན། །རྟག་ཏུ་དབང་བསྐུར་བལྟ་བར་བྱ། །ཕྱག་ན་མཆོད་པ་ཀུན་ཐོགས་ནས། །མེ་ཏོག ་ལ་སོགས་རྡོ་རྗེ་མས། །མཆོད་ཅིང་བསྟོད་པ་བྱས་ནས་ནི། །ཤིན་ཏུ་བཟའ་དང་ཆང་སོགས་ཀྱིས། །ལུས་ངག་ཡིད་ནི་རེངས་བྱེད་པ། །པཱི་ཙུའི་སྔགས་ནི་བཟླས་པར་བྱ། །སརྦ་དུཥྚ་པྲ་དུཥྚ་ནཾ། རང་མིང་བཞི་པའི་མཛའ་ཅན་གྱིས། །ཐུན ་མཚམས་བཞིའམ་ཐུན་མཚམས་གསུམ། །སྔ་བར་བརྒྱ་དང་རྩ་བརྒྱད་བཟླས། །རིག་པ་ཆེན་མོ་བསྒོམ་པ་ཡི། །དོན་ཆེན་ལ་ནི་སྟོང་ཕྲག་གཅིག་།བཟླས་ནས་མཆོད་ཅིང་བསྟོད་པར་བྱ། །དགེ་བའི་དོན་དུ་ཞུ་བར་བྱ། །བདག་ཉིད་གན ་ནས་རྫོགས་སངས་རྒྱས། །གང་ལའང་ཆགས་བ་སྤང་བར་བྱ། །གཤེགས་གསོལ་དང་ནི་ལྷ་གནས་ལ། སྦྱིར་ནི་ཡི་གེ་གསུམ་དྲན་བྱ། །རབ་གནས་སུ་ལ་རྒྱུད་ལ་ནི། །ལུས་ངག་ཡིད་ནི་བསྒྲུབ་པར་བྱ། །ཐུན་མཚམས་པར་ཡང་མཆོད ་པ་སོགས། །སྔོན་དུ་འགྲོ་བས་བཟླས་པར་བྱ། །དང་པོར་ཚོགས་སླར་ཡང་ནི། །སྔ་བར་ལྷ་མོ་ཀླུ་ཡིས་བསྐུལ། །རིག་པ་འདི་དང་དེ་བཞིན་བདག་།བསྒོམ་ཞིང་ཡང་དག་བཟླས་པར་བྱ། །རྒྱུད་ཀྱི་མན་ངག་ཉིད་ལས་ནི། །སྔགས་པས ་མངོན་འདོད་རྟག་ཏུ་བསྒྲུབ། །པཱི་ཅི་ཅུང་ཟད་ཡང་དག་བྲིས། །བསོད་ནམས་ཡང་དག་ཉེར་བསགས་པ། །དེ་ཡིས་འཇིག་རྟེན་ཐམས་ཅད་ནི། །འཇམ་པའི་རྒྱལ་པོ་ཉིད་དུ་ཤོག་།དཔལ་འོད་ཟེར་ཅན་པི་ཙུ་མའི་སྒྲུབ་ཐབས་རྫོགས་སོ།། ་