| Wylie | e-texts based on the ACIP/ALL Input |
ལྟར་བདེ་བར་གནས་པར་བྱའོ། །སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པ་ཨོ་ཌི་མཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་དོ།། །།རྒྱ་གར་སྐད་དུ། སྭཱ་དྷཱཥྛི་ན་ཀྲ་མ ་མཱ་རཱི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་རང་གི་སྙིང་གར་ཉི་མའི་གདན་ལ་ཧཱུཾ་ཡིག་གི་འོད་ཟེར་གྱིས་བཅོམ ་ལྡན་འདས་མ་གདན་དྲངས་ཏེ། དཔག་ཏུ་མེད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྟོང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་རྡོ་རྗེ་རྣམས་སེམས་ཀྱིས་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས ་གཞི་དང་རྡོ་རྗེ་ར་བ་ལ་སོགས་པ་བསམས་ལ། དེའི་དབུས་སུ་དཔལ་ཨོ་ཌི་ཡཱ་ནའི་གནས་གྲུ་གསུམ་དམར་པ། དེའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་ཡིག་ལྷག་པར་གནས་པ། དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་བསྐལ ་པ་ཆེན་པོའི་མེ་ལྟ་བུ་མ་སྟག་གྱེན་དུ་འབར་བ་ཟིལ་གྱིས་གནོན་པའི་གང་རྒྱངས་ཅན། ཞབས་གཡོན་བརྐྱང་གིས་བདུད་བཞི་ཟིལ་གྱིས་ཡང་དག་པར་མནན་པ། ཕྱག་བཅུ་གཉིས་པ། ཞལ་དྲུག་པ། སྤྱན་གསུམ་པ། སྐུ་མདོག་དམར་མོའོ། །གཡས་ཀྱི་ཕྱག ་དྲུག་རྣམས་སུ་རལ་གྲི་དང། སྣ་ཚོགས་རྡོ་རྗེ་དང། རྡོ་རྗེ་རྩེ་གཅིག་དང། དགྲ་སྟ་དང། མདའ་དང། གཏུན་ཤིང་རྣམས་བསྣམས་པའོ། །ཕྱག་གཡོན་པ་རྣམས་སུ་སྡིགས་མཛུབ་དང་བཅས་པའི་ཁབ་དང། རྩེ་གསུམ་དང། མྱ་ངན་མེད་པའི་ཡལ་ག ་དང་གཞུ་དང། ཞགས་པ་དང། ཚངས་པའི་མགོ་བོ་རྣམས་བསྣམས་པའོ། །མི་མགོའི་ཕྲེང་བ་འཕྱང་བས་ཡན་ལག་དང་ཉིད་ལག་ཐམས་ཅད་བརྒྱན་པ་སྟག་གི་པགས་པའི་སྟོད་གཡོགས་ཅན། རྩ་བའི་ཞལ་དམར་པོ། དཀར་པོ་དང། ནག་པོ་ནི་གཡོན ་པའི་ཞལ་གཉིས་སོ། །སེར་པོ་དང། ནག་པོ་ནི་གཡས་པའི་ཞལ་གཉིས་སོ། །སྟེང་དུ་ནི་ཕག་ཞལ་ནག་པོའོ། །ལྗགས་སྒྲིལ་ཞིང་སྐྲ་ཁམ་པ་གྱེན་དུ་འབར་བ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ། ལག་འགྲོ་དང་རུས་པའི་རྒྱན་གྱིས་བརྒྱན་པ། རང་གི ་འོད་ཟེར་གྱིས་བདུད་ཐམས་ཅད་འཇོམས་པ། ཕྱོགས་བཅུད་གནས་པའི་མཁའ་འགྲོ་མ་དང། འབྱུང་པོ་དང། རོ་ལངས་དག་ཕེཾ་ཀཱ་ར་དང། ཧ་ཧ་ཞེས་འཇིགས་པའི་སྒྲ་སྒྲོགས་པས་ཡོངས་སུ་བསྐོར་བའི་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ། དཔལ་ལྡན ་ཨོ་ཌི་ཡཱ་ཊའི་འོད་ཟེར་ཅན་གྱིས་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ལ་མགོ་བོ་དང་མགྲིན་པ་དང། སྙིང་ག་རྣམས་སུ། ཨོཾ་ཨཱ(རྒྱུད་འགྲེལ་སྐྱེས་ལ་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བའི་དབུས་སུ་ཧཱུཾ་ཡིག་ལས་པདྨའི་རྩ་བའི་རང་བཞིན་གྱི་ཚོགས་ཀྱི་ཡི་གེ་བསམ་པར་བྱའོ། །ོཾ་བཛྲ་སཏྭེ་ཤྭ་རི་སརྦ་དུཥྣ་ཎ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱཾ་རཱི་ཙཡཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྙིང་པོའི ་སྔགས་སོ། །ོཾ་ཨཱ(རྒྱུད་འགྲེལ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཕཊ་སྭཱཧཱ། ཟླས་ལ་སོགས་པ་ལ་ཡང་ཧྲཱི་ཡིག་གམ་ཧཱུཾ་ཡིག་ལ་སོགས་པས་ཡང་དག་པར་སྦྱངས་ལ་སྤྱད་པར་བྱའོ། །སྐུ་མདོག་དམར་མོ་ཕྱག་བཅུ་པའི་ཨོ་ཌི་ཡཱ་ནའི་རང་བཞིན་གྱིས་བརླབ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །། ་