| Wylie | e-texts based on the ACIP/ALL Input |
ནས་མཛུབ་མོ་གཉིས་གུང་མོའི་དཀྱིལ་དུ་འཁྱིལ་བའི་རྣམ་པར་སྦྱར་ཏེ་མཐེབ་ཆེན་གཉིས་ལོགས་སུ་སྦྱར་བའོ། །སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནདེ་སྭཱཧཱ། ཞེས་སོ། །ཙུན་དེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཙུནདེ་སཱ་དྷ་ནཾ། ་བོད་སྐད་དུ། ཙུན་དེའི་སྒྲུབ་ཐབས། ཙུན་དེ་ལ་ཕྱག་འཚལ་ལོ། །དང་པོར་སྙིང་གར་ཟླ་བའི་དཀྱིལ་དུ་གནས་པའི་ཙུམ་ཡིག་གི་ས་བོན་ལས་བྱུང་བའི་འོད་ཟེར་སྣ་ཚོགས་པ་ཡོངས་སུ་རྫོགས་པ་ལས་མདུན་དུ་བླ་མ་དང ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟས་ལ་མཆོད་པ་ལ་སོགས་པ་བྱའོ། །ོཾ་བཛྲ་པུཥཔེ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཚིགས་བཅད་བརྗོད་པར ་བྱའོ། །དེ་ནས་སྟོང་པ་ཉིད་བསྒོམ་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་ཨོཾ་ཙུཾ་ལས་སྐྱེས་པའི་ཙུན་དེའི་སྟོན་ཀའི་ཟླ་བ་ལྟ་བུ་ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་པ་མཆོག ་སྦྱིན། །གཡོན་པ་པོ་ཏིས་མཚན་པའི་པདྨ་བསྣམས་པ། ཕྱག་ལྷག་མ་དག་གིས་ལྷུང་བཟེད་བསྣམས་པ། པདྨ་དང་ཟླ་བ་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ། །ཕྱི་ནས་ཕྱག་རྒྱས་སྙིང་ག་དང། མངོན་དུ ་དང། མགྲིན་པ་དང། སྤྱི་བོ་རྣམས་སུ་ཡང་དག་པར་རེག་ཅིང་བསྲུང་བ་བྱས་ནས་བཟླས་པར་བྱའོ། །ོཾ་ཙ་ལེ་ཙུཾ་ལེ་ཙུནདེ་སྭཱཧཱ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་དང། གུང་མོ་དག་གི་དཀྱིལ་དུ་འཁྱིལ ་བའི་རྣམ་པར་སྦྱར་ཏེ། མཐེ་བོང་དག་ལོགས་སུ་གནས་པའོ། །ཞེས་སོ། །ཙུན་དེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཀལ་པོ?་ཀྟ་ད་ཤ་བྷུ་ཛ་སི་ཏ་མཱ་རཱི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ ་