| Wylie | e-texts based on the ACIP/ALL Input |
བྱའོ། ཨོཾ་ཛཱཾ་གུ་ལི་སརྦ་བི་ཥ་པྲ་ཤ་མ་ནི་ཕུ(རྒྱུད་འགྲེལ་པ་འབུམ་བྱས་ཏེ། དེ་བས་ན་གསུངས་པ་ཐོག་མར་སྙེན་ཏོ། །དེ་ལ་ཚིག་འབུམ་ཚང་བར་བྱའོ། །དེ་བས་ན་ཟླ་བ་གཉིས་པོ་ལ་མེ་ཏོག་སྤོས་ལ་སོགས་པ་གསོལ་ཞེས་པ་ནི། སྔགས་འབུམ་གཅིག་གྲངས་སུ་བཟླས་ལ། དེ ་ནས་ཟླ་བ་གཉིས་དང། སྔ་དྲོ་དང་ཕྱི་དྲོ་ལ་མེལ་ཆེ་ཐུན་རེ་རེ། ཉི་མ་གུང་ལ་མེལ་ཚེ་ཐུན་ཕྱེད་བཟླས་པའི་སྦྱོར་བར་དུས་ཆད་པ་སྟེ། སྡར་ཚིག་འབུམ་གྲངས་ཟློས་པ་དང། ཟླ་བ་གཉིས་དུས་སུ་བཟློས་པ་ལས། ཟླ་བ་ཕྱི་མ་གཅིག་ལ་ནི་དྲི་དང་མེ་ཏོག་ལ ་སོགས་པའི་མཆོད་པ་མི་བྱ་བར་?་ཏེ། དང་པོ་སེམས་གོམས་པ་ལ་ཕྱིའི་མཆོད་པ་ལ་སོགས་པས་སེམས་གཡེངས་སུ་དོགས་པའི་ཕྱིར་རོ། །ཟླ་བ་ཕྱི་མ་གཉིས་པོ་ལ་ནི་གོམས་ཤིང་བརྟན་པར་གྱུར་པས་ཕྱིའི་མཆོད་པ་ལ་སོགས་པས ་མིག་ཡངས་པར་འགྱུར་བའི་ཕྱིར་རོ། །གན?་པར་བསྒྲུབ་པར་བྱ་བ་ནི། སེམས་ཅན་ལ་ནི་རྣམ་པ་མང་དུ་ཞེས་པ་ནི། ད་ནི་དཔའ་བོ་ཆེན་པོའི་སྙིང་པོའི་སྙིང་པོ་འབྲུ་རྣམ་པ་ལྔ་པ་རྣམས་ནི་སྒྲུབ་པ་དང་ས་རྣམས་བཤད་དེ། དེ་ལ་སྤྱིར་དེ་བཞིན་གཤེགས ་པའི་རྒྱུ་དང་འབྲས་བུའི་ཡོན་ཏན་མོས་པ་སྤྱོད་པའི་ས་ནས་བརྩམས་ཏེ་ཀུན་ཏུ་སངས་རྒྱས་པར་གྱུར་གྱི་བར་དུ་ཅི་བསགས་པ་རྣམས་སྡུད་པའི་སྒོར་གྱུར་བ་ནི། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང། ཕུང་པོ་ལྷག་མ་མེད ་པའི་མྱ་ངན་ལས་འདས་པའི་སྟེ། དེ་ལ་ཕུང་པོ་ལྷག་མ་མེད་པ་མ་ལུས་པའི་མྱ་ངན་ལས་འདས་པ་ནི། དེ་བཞིན་གཤེགས་པའི་མཚན་ཉིད་དུ་འདུ་ཤེས་པ་ཡང་སྤངས་པ་འོག་མིན་ཕྲ་མོའི་གནས་སུ་མངོན་པར་བྱང་ཆུབ་པའོ། །ཕུང་པོའི ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི། ཀུན་ཏུ་སངས་རྒྱས་པའི་མཚན་ཉིད་ཆོས་རྣམས་སྒྱུ་མའི་རང། དེའི་ཆོས་རྣམས་སྟོང་པའོ། །སྙམ་པའི་འདུ་ཤེས་ཙམ་པའི་བག་ཆགས་ཕྲ་མོ་ལྷག་མར་ལུས་པར་འདོད་པའི་ཁམས་སུ། བྱང ་ཆུབ་ཀྱི་ཤིང་དྲུང་དུ། མངོན་པར་བྱང་ཆུབ་ནས་བདུད་རྣམ་བཞི་འདུལ་བའོ། །དེ་ལ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་སྙིང་པོ་ནི། ཨ་རྣམ་པ་བཞི་སྟེ། དེ་རྣམས་ཀྱི་སྒྲུབ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདིར་ནི་ཕུང་པོའི་ལྷག་མ་དང ་བཅས་པའི་མྱ་ངན་ལས་འདས་པའི་སྙིང་པོ་བདུད་བཞི་འཇོམས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་སྒྲུབ་པ་དང། ལས་རྣམས་འཆད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས། ཕྱག་ན ་རྡོ་རྗེ་གསང་བའི་བདག་པོ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིད་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཡི་གེ་ལ་སོགས་པའི་ཏིང་ནེ་འཛིན་གྱི་སྒོ་ནས་བདུད་བཞི་བཅོམ་པ་དང། ཏིང་ངེ་འཛིན་དེ་རྣམས་ཉིད ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བཞིན་བྱིན་གྱིས་བརླབས་པའི་རིམ་པ་ཡང་འདི་ལྷ་སྟེ། ཡི་གེ་ཨ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་ཆུད་པའི་ཏིང་ངེ་འཛིན་གྱི་སྒོ་མོ་སྟོན་པ་སྟེ། དེའི་སྒོ་ནས་ཕུང་པོ་དང། ཁམས་དང། ་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་མ་སྐྱེས་པར་ཆུད་དེ། དམིགས་སུ་མེད་ན་ཕུང་པོའི་བདུད་བཅོམ་པའོ། །ཡི་གེ་པ་ནི་ཆོས་ཐམས་ཅད་ངག་གི་ལམ་དང་བྲལ་བ་སྟོང་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ། ངག་གི་ལམ་ནི་རྣམ་པར་རྟོག་པ་སྟེ། རྣམ ་པར་རྟོག་པ་མེད་པར་ཆུད་དེ། རྣམ་པར་མི་རྟོག་ལྷའི་བུའི་བདུད་བཅོམ་མོ། །དུས་རྟོག་པ་མེད་པས་ལྷའི་བུའི་བདུད་བཅོམ་པའོ། །དེ་ལྟར་ཕུང་པོ་ལ་སོགས་པའི་ཆོས་རྣམས་དང། དེ་ལ་དམིགས་པའི་རྣམ་པར་རྟོག་པ་མེད་ན། དེ་དག་ལ་ཆགས ་པར་འགྱུར་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མེད་པར། ཡི་གེ་རའི་སྒོ་ནས་མཚོན་ཏེ། ཆོས་ཐམས་ཅད་རྡུལ་དང་འདྲ་བར་ཆུད་དེ། རྡུལ་ཆེ་བྱ་བ་ནི་ཉོན་མོངས་པ་ལ་བྱ་སྟེ། དོན་ཉོན་མོངས་པའི་བདུད་བཅོམ་པའོ། །ཡི་གེ་ཧ ་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། ཀུན་དགའ་བོ་དང། དགེ་སློང་དང་བཅས་པའི་འཁོར་རྣམས་དང། ལྷ་དང་མི་དང་ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། དྲི་ཟ་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། གནོད ་སྦྱིན་དང་ཀླུ་དང་བཅས་པའི་འཁོར་དེ་དག་ཐམས་ཅད་ཡི་རངས་ཏེ་མངོན་པར་དགའ་ཨོ། །འཕགས་མ་དུག་སེལ་མའི་རིགས་སྔགས་ཆེན་མོ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལྱཱ་བྷ་ག་བ་ཏྱ(རྒྱུད་འགྲེལ་