| Wylie | e-texts based on the ACIP/ALL Input |
?་ཤེས་རབ་དྲི་མ་མེད། །གཞན་ཡང་འདོད་པའི་དངོས་གྲུབ་རྣམས། །འཁོར་ལོ་འདི་ལས་རབ་ཏུ་འབྱུང། །ཞེས་པ་ནི་འཆི?་བ་སླུ་བའི་མན་ངག་གི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བི་ཤྭ་མཱ་ཏཱ་སཱ་དྷ་ནཾ། བོད་སྐད་དུ། སྣ་ཚོགས་ཡུམ ་གྱི་སྒྲུབ་ཐབས། སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོ། །ཉི་མ་ཟླ་བའི་དབུས་སུ་ཨཱ་ལི་ཀཱ་ལི་དང་བཅས་ཆུའི་ས་བོན་ཉིད་ལས་བསྒོམ། དེ་ཡིས་བསྐྱེད་པའི་ལྷ་མོ་ཞལ་གཅིག་ཕྱག་གི་ཆུ་སྐྱེས་གཉིས་བ་སྐུ་མདོག་ཟླ་བ་ལྟ་བུ་སྟེ། གདེངས་ཀ་དཀར་པོ་ལ་གནས་པའི ་ཆུ་སྐྱེས་དཀར་པོའི་ཕྱག་དང་མི་འཇིགས་པ་དང། ན་བཟའ་དཀར་པོ་མནབས་པ། རྒྱན་རྣམས་དཀར་པོ་དང་ལྡན་ཞལ་ནི་ཤིན་ཏུ་འཛུམ་ཞིང་བསྒྲུབ་བྱའི་ཁྱིམ་དུ་རབ་ཏུ་བསྲིངས་ནས་ནི། དེ་ནས་བསྒྲུབ་བྱ་བླངས་ནས་སླར་ཡང་གཙོ་བོའི་དཀྱིལ་འཁོར ་ལ་ནི་ཡང་དག་རབ་ཏུ་ཞུགས་གྱུར་ནས། །གཙོ་བོའི་བཀའ་ཡིས་རབ་ཏུ་ཐོབ་པའི་སླར་ཡང་བདུད་རྩི་བུམ་པས་སྤྱན་མ་ལ་སོགས་རབ་དགྱེས་པས། །བསྒྲུབ་བྱ་དེ་ལ་ཁྲུས་མཛད་རབ་མཆོག་ནུས་མ་རྣམ་པ་བཅུ་པོ་རྣམས་ཀྱི་ཡང་དག་མཆོད་པར་བྱེད།། ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་རྒྱས་བྱེད་རབ་མཆོག་སྟོབས་བཅུ་ལ་སོགས་བ་རྣམས་ཀྱིས་མཉེས་པར་བྱེད། །འབྱུང་པོར་བཤད་པས་མི་འཇིགས་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་བསྐྱོད། །ཀླུ་མོ་རྣམས ་ཀྱིས་འོ་ནི་ཡང་དག་བྱེད་ཅིང་མི་ཡི་བུ་མོ་ལོ་ནི་བཅུ་གཉིས་མ་པར་འཁྱུད། །གཏུམ་མོ་རྣམས་ཀྱིས་སྲུད་བར་བྱེད་ཅིང་ས་སྟེང་མཛའ་དག་རྣམས་སུ་རྒྱས་པར་བྱ་བའི་དོན་གྱི་ཕྱིར། །དེ་བཞིན་བསྒྲུབ་བྱའི་མ་ལུས་མཆོག་གི་བདེ་བ་བྱ་ཕྱིར་འདི་ནི་རྣལ་འབྱོར་པ་ཡིས ་བསྒོམ་པར་བྱ། །སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། སརྦ་ཨརྠ་སཱདྷ་ནཱ་ཨཱརྱ་པྲ་སནྣྟ་ར་སཱ་དྷ་ནཾ། བོད་སྐད་དུ། དོན་ཐམས་ཅད་གྲུབ་པ་རབ་ཏུ་སྦྱིན་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས ་