CLOSE WINDOW

N3115: 'phags ma sgrol ma dug ser ma'i sgrub thabs
Wyliee-texts based on the ACIP/ALL Input

ཏུ་བཟླས་པས་ཞི་བ་ལ་སོགས་པར་འགྱུར་རོ། །སྒྲོལ་མ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་ཏཱ་ར་སཱ་དྷ་ནི། བོད་སྐད་དུ། འཕགས་མ་སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས། །སྒྲོལ་མ་དུག ་སེལ་མ་ལ་ཕྱག་འཚལ་ལོ། །ཛི་གུ་ལི་ཡི་གཟུགས་འཛིན་པའི། །བཅོམ་ལྡན་སྒྲོལ་མ་ལ་ཕྱག་འཚལ། །སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། །དེ་ཡ་སྒྲུབ་ཐབས་མཆོག་གྱུར་བྲི། །དང་པོར་རོ་ཞིག་སྔགས་པས་གཙང་ཞིང་ཁྲུས་བྱས་ནས ་ཕྲེང་བ་དང་གོས་དཀར་པོ་དགོས་ཏེ། སྐྱེ་བོས་དབེན་པའི་ས་ཕྱོགས་སུ་བྱུགས་པ་བྱས་ལ་དྲི་བཟང་དཀར་པོས་ཆག་ཆག་བཏབ་ནས་མེ་ཏོག་དཀར་པོ་བཅལ་དུ་བཀྲམས་ཏེ། སྟན་བདེ་བ་ལ་འདུག་ནས་འགྲོ་བ་རྣམས་ལ་བྱམས་པ་དང་སྙིང ་རྗེ་བསྒོམ་པར་བྱའོ། །ོཾ་སྭབྷཱ་བ་ཤུདྡྷ(རྒྱུད་འགྲེལ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱི(རྒྱུད་འགྲེལ་ན་བཟའ་དཀར་པོའི་སྟོད་གཡོགས་ཅན། རིན་པོ་ཆེ་དཀར་པོའི་རྒྱན་དང་ལྡན་པ། སྤྲུལ་དཀར་པོས་བརྒྱན་པ། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བའི་ཕྱག་གཉིས་ཀྱིས་པི་ཝཾ་སྦྲེང་བ། གཉིས་པའི་གཡས་དང་གཡོན ་པས་སྤྲུལ་དཀར་པོ་དང། མི་འཇིགས་པའི་ཕྱག་རྒྱ་མཛད་པ། ཟླ་བའི་འོད་ཟེར་གྱིས་ཕྲེང་བ་ཅན་བསྒོམ་པར་བྱའོ། །སྤྱི་བོ་དང་མགྲིན་པ་དང་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱ(རྒྱུད་འགྲེལ་ཇི་སྲིད་མི་ངལ་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཧྲཱི(རྒྱུད་འགྲེལ་བྱའོ། །དེ་ནས་བྱ་ཁྱུང་གི་དབང་ཕྱུག་གི་མཐུས་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པའི་མཁས་པར་འགྱུར་རོ། །ཞེས་སོ། །འཕགས་མ་སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། དྷ ་