| Wylie | e-texts based on the ACIP/ALL Input |
གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཙཎྜ་མཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་མི་གཡོ་བ་ལ་ཕྱག་འཚལ་ལོ། །ཡིད་དང་འཐུན་པའི་ས་ཕྱོགས ་འགའ་ཞིག་ཏུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ནག་པོ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་ནམ་མཁའ་ཨི་ཕྱོགས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་དང་འཆད་པར་འགྱུར་བའི་གཏུམ་པོ་ཆེན་པོ་གདན་དྲངས་ནས་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་དང། མི་བྱེད་པར་སྡོམ་པ་དང། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། བསོད་ནམས་ལ་རྗེས་སུ་ཡི་རང ་བ་དང། བདག་ཉིད་འབུལ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཏེ། ཚད་མེད་པའི་གནས་བཞི་བསྒོམ་པར་བྱས་ནས། འགྲོ་བ་འདི་རྣམས་རང ་བཞིན་མེད་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པ་ལས་ངེས་པར་གྲོལ་བའི་རྨི་ལམ་དང་སྒྱུ་མ་དང་ཆུ་བུར་ལྟར་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་རྗེས་སུ་དྲི་མ་མེད་པའི་ནམ་མཁའ་ཨི་ཕྱོགས་སུ་པདྨ ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་རལ་གྲིའི་ཆད་པར་ཧཱུཾ་ཡིག་གོ་།དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཀྱི་ཚོགས་ཐམས་ཅད་གདན་དྲངས་ནས་ཧཱུཾ་ཡི་ཡི་ག་ལ་རབ་ཏུ་གཞུག ་པར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་བྱུང་བའི་མེ་བསྐལ་པའི་མེ་ལྟ་བུར་འབར་བའི་ཕྲེང་བ་འཁྲིགས་པས་གདུག་པ་ཅན་གྱི་བདུད་འཇོམས་པ། སྤྲིན་ནག་ཆེན་པོ་ལྟ་བུའི་སྐུ་མདོག་ཅན། སྣ་ཚོགས་པའི་རྒྱན་དང་རིན་པོ་ཆེས་བརྒྱན་པ། རིན་པོ་ཆེ ་ཅོད་པན་ཅན། གཞོན་ནུ་ཟུར་ཕུད་ལྔ་འཕྲོ་བ། ཀུན་ད་བཞིན་དུ་ཞལ་གཙིགས་ཤིང་ཡ་སོས་མ་མཆུ་བསྡམས་པ། གདུག་པ་ཅན་སྐྲག་པ་འཇིགས་སུ་རུང་བའི་སྐུ་ལ་བརྟེན་པ། ཁྲོ་གཉེར་བསྡུས་པ་རབ་ཏུ་གཟིགས་ཤིང་སྤྱན་གཉིས་ཟུར་མིག་དུ ་བལྟ་བ། ཞབས་ཀྱི་པུས་མོ་གཡས་པ་ཉི་མའི་དཀྱིལ་འཁོར་ལ་བཙུགས་པ། ཆུ་སྐྱེས་ལ་གནས་པའི་ཉི་མའི་སྟེང་དུ་ཞབས་གཡོན་པ་འདེགས་པར་འདོད་པ། ཕྱག་གཡས་ན་ཧཱུཾ་ཡིག་གི་ཆད་པ་ནས་འབར་བཞིན་པའི་རལ་གྲི ་ནག་པོ། གཡོན་པའི་ཁུ་ཚུར་སྡིགས་མཛུབ་ཀྱིས་དཔག་ཏུ་མེད་པར་འཁྲུགས་པའི་ཁྱབ་འཇུག་དང། དབང་ཕྱུག་དང། ཚངས་པ་ལ་སོགས་པ་རྣམས་ལ་སྡིགས་ཤིང་ཉོན་མོངས་པའི་དགྲའི་ཚོགས་འཆིད་བའི་རྡོ་རྗེས་མཚན་པའི་གསེར ་གྱི་ཞགས་པ་བསྣམས་པའོ། །འགྲོ་བ་རྣམས་ཀྱི་མངོན་པར་འདོད་པ་ཕུན་སུམ་ཚོགས་པའི་དགའ་བ་སྟེར་བས་གཅིག་ཏུ་འབར་བའི་དཔལ་ལྡན་གཏུམ་པོ་ཆེན་པོ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་མི་གཡོ ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་ཆད་པ་ཧཱུཾ་གིས་མཚན་པའི་རལ་གྲི་ཡོངས་སུ་གྱུར་བ་ལས་ཧཱུཾ་ཡིག་ལས་སྐྱེས་པའི་གཏུམ་པོ་ཆེན་པོ་གཉིས་པ་ཐུགས་ཀར་བཞུགས་པའི་བཅོམ་ལྡན་འདས་བསམ་པར་བྱའོ། ་དེའི་ཡང་ཐུགས་ཀའི་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་དྲང་པོར་རལ་གྲིའི་ཡུ་བ་ཧཱུཾ་ཡིག་གིས་མཚན་པ་དེའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང་འདྲ་བར ་བལྟས་ནས་ཛ(རྒྱུད་འགྲེལ་འོ་མ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་གྱུར་པའི་གཙོ་བོ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་སྤྱན་དག་དང། སྙན་ངག?་དང། ཤངས་ཀྱི་བུ་ག་དག་དང། ཞལ་དང། དབུ་དང། ཐུགས་རྣམས་སུ་ཇི་ལྟར་སྦྱོར་བའི་རིམ་པས་རྣམ་པར་སྣང ་མཛད་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་དང། བདག་མེད་མ་རྣམས་ཏེ། ཡན་ལག་དྲུག་རྣམས་ལ་དགོད་པར་བྱའོ། །ཐུགས་ཀར་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་འོད ་ཟེར་གྱིས་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོའི་ཚོགས་རྣམས་བཀུག་ནས་བདུད་རྩི་ལྔས་གང་བའི་བུམ་པས་ཁྲུས་བྱ་ཞིང་མི་བསྐྱོད་པས་དབུ་བརྒྱན་པའོ། །ལྷ་མོ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་གར་དང། མཆོད་པ་ལ་སོགས་པས ་མཉེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གཞན་དོན་ལ་བརྩོན་པས་སེམས་ཅན་ཐམས་ཅད་ལ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སོགས་པའི་ཁྱབ་འཇུག་དང། དབང་ཕྱུག་དང། ཚངས་པ་དང། འདོད་ལྷ་ལ་སོགས་པ་རྣམས ་ཀྱི་གཏི་མུག་ཆེན་པོའི་དྲ་བ་དང། ཞེ་སྡང་ཆེན་པོའི་དྲ་བ་དང། འདོད་ཆགས་ཆེན་པོའི་དྲ་བ་རྣམས་ཀྱི་མ་རིག་པའི་མུན་པས་སྲེད་པའི་འཁོར་ལོར་འཁྱམས་པ་དེ་རྣམས་བལྟ་བར་བྱའོ། །དེ་ནས་སྙིང་གའི་སྔགས་ལས་འཕྲོས་པའི་ཁྲོ་བོའི ་རྒྱལ་པོ་ཆེན་པོ་དཔག་ཏུ་མེད་པས་བདུད་ཀྱི་དཔུང་གི་ཚོགས་རྣམས་གཅེར་བུ་སྐྲ་གྲོལ་བ་དུ་བཞིན་པ་སྐྱབས་མེད་པ་རྣམས་ལ་རྡོ་རྗེའི་ཞགས་པས་བཅིངས་ཤིང་རལ་གྲི་རྣོན་པོས་དུམ་བུར་གཏུབས་ཤིང་བཅད་ནས་སླར་ཡང་བྱམས ་པའི་སེམས་ཀྱིས་དྲི་མེད་པའི་ཆོས་ལ་བཅུག་ནས་རང་གི་གོ་འཕང་ལ་དགོད་པར་བྱའོ། །བསམ་གཏན་གྱིས་སྐྱོ་ན་སྔགས་བཟླས་པར་བྱའོ། །ཐུགས་ཀ་དང་སྨིན་མའི་བར་དུ་མཉམ་དུ་གནས་པས་སྣ་ཚོགས་དེ་བཞིན་ཉིད་གཅིག་ཏུ་གྱུར་པའི་ཀླུ ་མགོན་པོ་གཏུམ་པོ་ཆེན་པོའི་སྔགས་བཟླས་པ་ཙམ་གྱིས་གདུལ་དཀའ་བ་རྣམས་འདུལ་བ་དང། དུལ་བ་རྣམས་དབང་དུ་བྱ་བ་དང། ཞི་བ་དང། སྲུང་བ་དང། སྦེད་པ་དང། མཉེས་པ་དང། རྒྱས་པའི་དང། དེ་བཞིན་དུ་བསྐྲད་པ་དང། དགུག ་པ་དང། བསད་པ་དང། སྐྲག་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཁ་དྷི་ར་བ་ནི་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སེང ་