| Wylie | e-texts based on the ACIP/ALL Input |
ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མ(རྒྱུད་འགྲེལ་ཤིན་ཏུ་ཡིད་འོང་བདེ་མི་འགྱུར། །བསྟན་བཅོས་ལོངས་སྤྱོད་སྐུར་གྱུར་ལ། །ཕྱག་འཚལ་ཕུང་བ་ལུས་མེད་ཀྱི། །སྒྲུབ་ཐབས་བསྡུས་པ་བདག་གིས་བཤད། །དང་པོར་རེ་ཞིག་ཆུ་སྐྱེས་དམར་པོའི་ཟེ་འབྲུའི་གཟུགས་བརྙན ་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསྐྱེད་ནས་རྣམ་པར་རྟོག་པ་ཙམ་གྱིས་ཁམས་གསུམ་པོ་ཀུན་ནས་བརྟག་པར་བྱའོ། །རང་གི་སྙིང་གར་ཤིན་ཏུ་དམར་བའི་ཨུདྤ་ལ་ཆེན་པོ་འདབ་མ་བརྒྱད་པའི་ཟེ་འབྲུ་ལ་ཨཱ་ལི? ་ཀཱ་ལཾ་བསྡུས་པའི་གཟུགས་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཆགས་པའི་ཨཱ(རྒྱུད་འགྲེལ་མཛེས་པའི་འོད་ཟེར་གྱི་ཚོགས་འཕྲོས་ཏེ་དེ་བཞིན་དུ་ཡང་གུར་ཀུམ་རློན་པ་ལས་སྐྱེས་པའི་འོད་ཟེར་གྱིས་གཟུགས་ཀྱི་ཆོ་གས་ཀྱིས་སྣོད་ཀྱི་འཇིག་རྟེན་རྣམ་པར་སྦྱངས་ཏེ། དེ་རྣམས་ཀྱི་ལུས་ངག་ཡིད་རྣམས་ལྷན་ཅིག་ཏུ་བྱས་ནས ་བཀུག་སྟེ། དེ་དག་ལ་དེ་བཞིན་དུ་ཨཱ(རྒྱུད་འགྲེལ་བས་མྱོས་ཤིང་རྒྱུན་མི་འཆད་པར་གྲོལ་བ་ཧཱུཾ་ཞེས་རིང་དུ་སྒྲོགས་ཤིང་མཛེས་པའི་སྐུ་བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་དེ་བཞིན་དུ་སྙིང་གར་ལེ་བརྒན་དམར་པས་ཁ་བསྒྱུར་བའི་ཆུའི་ཐིགས ་པ་ལྟ་བུ་ཡུངས་ཀར་ཙམ་ཤིན་ཏུ་ཕྲ་བའི་ཨཱ(རྒྱུད་འགྲེལ་དང་ཡིད་རྣམ་པར་སྦྱངས་ཏེ་བཟུང་ནས་སླར་ཡང་དབུགས་རླུང་ལ་ཞོན་ཏེ། ཇི་ལྟ་བ་དེ་བཞིན་དུ་རང་གི་སྙིང་གའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་གཞུག་པར་བྱའོ། །གཞུག་པར་བྱ་བ་ལས་ཡང་བླངས་ནས་ལུས་དང་ངག་དང་ཡིད་རྣམས་ཀྱི ་རང་གི་ལུས་ངག་དང་ཡིད་ཀྱིས་མཉམ་པ་ཉིད་དུ་གྲོལ་བར་བྱའོ། །དེ་བཞིན་དུ་ཡང་དང་ཡང་བསྒོམ་པར་བྱའོ། །ཇི་སྲིད་སྐད་ཅིག་གིས་རབ་ཏུ་གསལ་བའི་ངེས་པ་སྐྱེ་བར་འགྱུར་རོ། །ཕྱི་ནས་བསྒྲུབ་བྱ་འམ་བསྒྲུབ་བྱ་མོའི ་སྙིང་གར་སྐད་ཅིག་གིས་ཆུ་སྐྱེས་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །བདག་ཉིད་ཀྱི་སྙིང་གའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལས་དེར་བུད?་བ་འཁྲིགས་ཤིང་དབུགས་རླུང་ལ་ཞོན་ཏེ་སྣའི་བུ་ག་ནས་འཐོན་ནས་བསྒྲུབ་བྱའི་སྣ་བུག་གང་ནས་རང་གི་ལུས་དང་ངག་དང། ་ཡིད་ཀྱི་རང་བཞིན་སྙིང་གའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཞུགས་ཏེ་གཞུག་པར་བྱ་བ་དེའི་སྙིང་གའི་པདྨའི་སྐུའི་རང་བཞིན་ཟེ་འབྲུའི་བདག་ཉིད་གེ་སར་འགྲོ་བར་བྱེད་པ། གསུང་གི་རང་བཞིན་སྦྲང་རྩི་འཐུང་བར་བྱེད་པ། ཐུགས་ཀྱི་རང་བཞིན་ཆུ་སྐྱེས་ཟ་བར་བྱེད་པའི།། ་དེའི་རྗེས་སུ་སྒྲུབ་པ་པོའི་རང?་གི་?་བཀུག་ནས་བསྒྲུབ་བྱའི་སྣ་བུག་གཡས་ནས་འཐོན་ཏེ་བདག་གི་སྣ་བུག་ནས། སྙིང་གའི་ཨུདྤ་ལ་ཆེན་པོའི་ཟེ་འབྲུ་ལ་ཞུགས་ནས་འདར་ཞིང་ལྷུང་ནས་སྐུའི་རང་བཞིན་གྱི་ཟེ་འབྲུ་སྤངས་ཏེ། གསུང་གི་རང་བཞིན་གྱི་སྦྲང ་རྩི་ཐུགས་ཀྱི་རང་བཞིན་གྱི་པདྨ་ནས་སྐྱུག་པར་བསམ་པར་བྱའོ། །སླར་ཡང་དེ་བཞིན་དུ་གྱུར་ཅིང་དེ་བཞིན་དུ་ཞུགས་ནས་དེ་བཞིན་ཉིད་དུ་བླངས་ཤིང་དེ་ཉིད་དུ་འོངས་ནས་ཤིན་ཏུ་སྐྱུག་པར་བསམ་པར་བྱའོ། །དེ་བཞིན་དུ་ཡང ་དང་ཡང་དུ་ཇི་སྲིད་རྗེས་སུ་ཆགས་པར་མི་གྱུར་གྱི་བར་དུ་བལྟ་བར་བྱའོ། །རྗེས་སུ་ཆགས་པར་མཐོང་ནས་བརྗོད་པར་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཁོང་དུ་ཆུད་པ་ལས་ཡང་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ། འདིར་ཡང་འདི་བསྒོམས ་ན་བུད་མེད་རྩེ་ཞིང་དགའ་བས་ཡིད་མྱོས་ཤིང་ལུས་གཡོ་བ་ཅན་སྒྲུབ་པ་པོའི་མིང་གིས་མཚན་པའི་ཚིག་རབ་ཏུ་སྦྱར་བས་དགའ་ཞིང་སྤྲོ་བར་བྱེད་པར་འགྱུར་རོ། །གལ་ཏེ་སྐྱོ་ན་མཐོང་བ་ལས་མི་དགའ་ཞིང་དེའི་ཚེ་སྡུག་བསྔལ་ཆེན་པོ ་ཕྱིར་དུ་ལྟུང་བར་འགྱུར་བས་དེའི་ཕྱིར་དད་པར་དེ་བཞིན་དུ་དམ་པ་མ་ཡིན་པ་དང། ཕྱིན་ཅི་ལོག་གི་ཡུལ་སྤང་བར་བྱའོ། །སྤངས་ནས་ཡང་བསྒོམ་པ་ཞེས་བརྗོད་དོ། །བུད?་བ་མྱོས་པའི་སྒྲུབ་ཐབས་ཀྱི། །ཆོ་ག་བསྒྲུབ་པའི་བསོད་ནམས་ནི། ་གང་བསགས་དེ་ཡིས་སྐྱེ་བོ་རྣམས། །དཔལ་ལྡན་སྙིང་རྗེའི་སྟོབས་ལྡན་ཤོག་།གང་ཞིག་བུད་མེད་སྒེག་མའི་སྙིང་ག་ཡི། །ཆང་གིས་དགའ་བས་མྱོས་པར་བྱེད་པ་ལྟར། །རིན་ཆེན་མྱུ་གུས་ལེགས་པར་སྦྱར་བ་ཡིས།། ་བུད?་བ་མྱོས་བྱེད་སྒྲུབ་ཐབས་དེ་ཡིས་སོ། །བུད?་བ་མྱོས་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བ་ཤྱ་དྷི་ཀཱ་ར་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ ་