| Wylie | e-texts based on the ACIP/ALL Input |
ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོར་ས་ཕྱོགས་གཙང་མ་ཡིད་དུ་འོང་བ ་སྐྱེ་བོས་དབེན་པའི་ཕྱོགས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་སེམས་ཅན་གྱི་ཁམས་མཛའ་ཡས་པ་ལ་བལྟས་ཏེ། སེམས་ཅན་གྱི་རང་བཞིན་དེ་རྣམས་འཇམ་པའི་དབྱངས ་ཀྱི་གོ་འཕང་ཐོབ་ཅིང་དེའི་གོ་འཕང་དང་དེ་བཞིན་དུ་ཁྱད་པར་མེད་པར་རབ་ཏུ་དགོད་པར་བྱའོ་ཞེས་པའི་སྙིང་རྗེ་ལ་ཉེ་བར་གནས་པས་བླ་ན་མེད་པའི་སེམས་ཀྱི་ཁྱད་པར་བཞི་རང་བཞིས་ཉེ་བར་མཛེས་པ་ཟླ་བ་དང་རིན་པོ་ཆེ་ལས་བྱས་པའི ་??་ཁང་གི་མཐིལ་ལ་བ་དན་སྣ་ཚོགས་བརྐྱང་ཞིང་འཕྱང་བ་དང་ལྡན་པ། སྤོས་ཀྱི་ཕྱེ་མའི་ཕུར་མ་དྲིས་ཡོངས་སུ་ཁྱབ་པས་བར་གང་བ། འདོད་པའི་དྲི་བསུང་འབྱུང་ཞིང་སྦྲང་མ་དགའ་བས་གཤོག་པས་བསྐྱོད་པས་མེ་ཏོག་ཁ་བྱེ་བ ་སྦྲུལ་པའི་རིན་པོ་ཆེ་ལས་གྲུབ་པའི་སེང་གེའི་གདན་ལ་གཞུགས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་དམིགས་ཏེ་ཉེ་བར་སྤྱད་པ་ལྔ་དང། གར་དང་གླུ་དང་རོལ་མོ་ལ་སོགས་པའི ་རང་བཞིན་གྱིས་མཆོད་པས་ཡང་དག་པར་མཆོད་ནས། བདག་ནི་དབུལ་ཏེ་ཅི་ཡང་མ་མཆིས་པས་དེའི་ཕྱིར་བདག་གི་ལུས་འབུལ་ཞིང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཚིག་གིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ ་བ་དང་ལྡན་པས་སྡིག་པ་བཤགས་པར་བྱའོ། །སླར་ཡང་མི་བྱེད་པར་སྡོམ་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ནས་སྐད་ཅིག་གིས་ཐམས་ཅད་སྟོང་བར་བལྟའོ། །དེ་ནས་ངེས་པ་དེ་བཞིན་དུ་དོན་བལྟ་ཞིང་རང་བཞིན་དག ་བའི་སྔགས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ་ཡང་དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཚིག་གིས་སྔགས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སྐད་ཅིག་གི་འཇིག་རྟེན་གསུམ་པོ་འོད་ཀྱི་རང་བཞིན་གྱིས་སྣང་བར་བྱས་ནས། དེའི ་རྗེས་སུ་རང་གི་སྙིང་གའི་མཆོག་གི་ཡི་གེ་ཡོངས་སུ་གྱུར་པ་ལས་བདུད་རྩིའི་འོད་ཟེར་གྱི་གཟུགས་དག་ཅིང་གསལ་བའི་དྷི(རྒྱུད་འགྲེལ་ཡི་གེ་ལས་སྐྱེས་པའི་ཡིད་ཀྱིས་འོད་ཟེར་གྱི་རལ་གྲིའི་ས་བོན་ལ་བལྟའོ། །བདག་ཉིད་དང་ལྷན་ཅིག་ཁ་དོག་ལྔ་པོ་ཡོངས་སུ་གྱུར་པ་ལས་ཕྱག་གཡོན་ན་པོ་ཏི་བསྣམས་ཤིང་དེའི་གཡས་ན་ཤེས་རབ་ཀྱི་རལ་གྲི་བསྣམས་པ། རིན་པོ་ཆེ ་ལྔའི་རྒྱན་གྱིས་ཅོད་པན་བྱས་པ། རོལ་པའི་ལྕང་ལོ་ལྔ་དང་ལྡན་པ། བན་དྷུ་ཀའི་མདོག་ལྟ་བུའི་ན་བཟའ་ཟུང་དང་ལྡན་པ། ཇི་ལྟར་རིག་པའི་གནས་ཀྱི་ཚུལ་འཛིན་པས་མཛེས་ཤིང་སྒེག་པ། རྒྱན་གྱིས་བརྒྱན་པ་འཛུམ་འཕྲོ་བས་འགྲམ ་པའི་གནས་ལ་སྟོན་ཀའི་ཟླ་བ་ཚོགས་པ་ལྟ་བུའོ། །གཅིག་ཏུ་བྱས་པའི་གནས་ལ་མུན་པ་སངས་པ་ལྟ་བུའི་ཚིགས་སུ་བྱས་པ་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ཡི་གེའི་ཚོགས་པ་ཐམས་ཅད་ཡོངས་སུ་གྱུར་པ་ལས་འཁོར་ལོའི ་རྩིབས་བརྒྱད་པ་འཁོར་བཞིན་པ་སོར་གཅིག་ཙམ་གྱིས་མ་རེག་པ་དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེ་ལས་ཡང་དེ་ལས་སྐྱེས་པའི་རལ་གྲིའོ། །དེ་ནས་བརྒྱད་པོ་ཡང་དེ་བཞིན་ཉིད་དུ་གྱུར་པའི་ཚོགས་ལ་རང་གི་ལུས་འོད་ཟེར་རབ ་ཏུ་འབར་བཞིན་པ་ལས། རྒྱལ་བ་བཞིན་དུ་རྒྱུན་མི་འཆད་པར་ཕྱོགས་ཀྱི་མཐར་ཐུག་པ་འོད་ཟེར་དཀར་པོས་སྣང་བར་མཛད་ནས་སྣ་ཚོགས་པདྨའི་འདབ་མའི་སྟེང་དུ་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་གྱིས་སྤྲས་ཤིང་བརྟན་པ་ལ་རྡོ ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་འཇམ་དཔལ་དུ་བདག་ཉིད་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ཡི་གེའི་ཚིགས་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་འཁོར་བཞིན་པ་སོར་གཅིག་ཙམ་གྱིས་མ་རེག་པ་དེ་ལས་བྱུང ་བའི་ཟླ་བའི་དཀྱིལ་འཁོར་དེ་ལ་ཡང་དེ་ལས་སྐྱེས་པའི་རལ་གྲིའོ། །དེའི་ཆེད་པ་ལ་ཡང་དེ་བཞིན་ཉིད་དུ་གྱུར་པའི་ཟླ་བའོ། །དེ་ལ་ཡང་དེ་བཞིན་དུ་སྲོག་ཆེན་པོའི་ཡི་གེ་བལྟའོ། །རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དང་པོར ་གསུངས་པའི་སྐུ་མདོག་?་མཚན་མོ་ལ་སོགས་པ་དང་ལྡན་པའི་འཇམ་པའི་དབྱངས་བསྒོམ་པར་བྱའོ། །དེའི་མདུན་དང་རྒྱབ་ཏུ་རང་རང་གི་ས་བོན་ལས་སྐྱེས་པའི་རལ་གྲི་བསྐྱེད་ནས་ཟླ་བའི་དཀྱིལ་འཁོར་ལ་བདག་ཉིད་ཀྱི་རྒྱུས་ཉི་མའི་འོད ་དང། ཟླ་བའི་འོད་གཙོ་བོ་བཞིན་དུ་བསམ་པར་བྱའོ། །འདིས་ཆོ་ག་བཞིན་དུ་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་བདག་ཉིད་ཇི་ལྟ་བའི་རྒྱན་གྱིས་བརྒྱན་པའི་སྒྲ་ཅན་མ་དང། ཉེ་བའི་སྒྲ་ཅན་མ་དག་གཡས་དང ་གཡོན་དག་ཏུ་བསྒོམ་པར་བྱའོ། །ལྔ་པོ་རྣམས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྷ་རྣམས་ཀྱི་རྣམ་པ་དེ་བཞིན་དུ་རང་གི་སྙིང་གར་ཟླ་བ་ལ་རང་རང་གི་ས་བོན་ལས་ན་བུན་བྱེད་པ་དཀར་པོ་རལ་པ་དང་ལྡན་པར་བལྟའོ། །དེ་ནས་གཙོ་བོའི་ཡིད ་ཀྱི་མཐར་གནས་པའི་ས་བོན་གྱི་འོད་ཟེར་གྱི་སྦུབས་ལས་རྩེ་མོ་ལ་འཁྱོག་པོ་སྤྱི་བོ་ལས་བྱུང་སྟེ་ཁམས་གསུམ་མཛའ་དག་སྣང་བར་བྱས་ནས་པདྨའི་གདན་ལ་གནས་ནས་དམ་ཚིག་སེམས་དཔའ་དང་ཡེ་ཤེས ་སེམས་དཔའ་ཨི་རང་བཞིན་དབྱེར་མེད་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་གནས་ནས་ཡིད་ཀྱིས་ཕྱིའི་མཆོད་པ་སྣ་ཚོགས་པས་མཆོད་དེ། ཛ(རྒྱུད་འགྲེལ་བརྟན་པ་ལ་གཡས་ཕྱོགས་སུ་མྱུར་དུ་འཁོར་བཞིན་བའི་འཁོར་ལོ་རྩིབས་བརྒྱད་པའོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ལྷ་ལྔ་པོ་རྣམས་མི་གཡོ་བར་བལྟའོ། །དེ་ནས་བ་སྤུའི་ཁུང་བུ་ནས་ཞུགས་ཤིང་འཐོར་ཏེ་འཇིག་རྟེན ་ཐམས་ཅད་སྣང་བར་བྱས་ནས་ཟླ་བའི་གདན་ལ་རབ་ཏུ་ཞུགས་ཏེ། འོད་ཟེར་གྱི་ཚོགས་ཀྱིས་ཇི་སྲིད་མི་ངལ་གྱི་བར་དུ་ཡང་ཡང་བསམ་པར་བྱའོ། །བསམ་གཏན་གྱི་ངལ་ན་ཡང་རིམ་པ་ཡོངས་སུ་གྱུར་པ་ལས་སྟོན་ཀའི་ཟླ་བ་ལྟར ་དཀར་བའི་ཞལ་ནས་ཡི་གེ་རྣམས་འཐོན་པར་བསམ་ཞིང་ཡི་གེ་དྲུག་པའི་སྔགས་ཀྱི་རྒྱལ་པོ་བཟླས་པར་བྱའོ། །འདི་ལ?་ཡང་ང་ཞིང་ལྡང་བར་འདོད་ན་ཇི་ལྟར་བདེ་བར་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །ཕྱག་ན་རལ་གྲི་བསྣམས ་ཤིང་གསུང་མཆོག་ཤིན་ཏུ་མོ། །ངག་གི་དབང་ཕྱུག་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས། ལེགས་བྲིས་བདག་གི་ཡང་དག་གང་ཐོབ་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག་། ར་པ་ཙ་ནའི་སྒྲུབ ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བཱག་སཱ་དྷ་ནཾ། བོད་སྐད་དུ། ངག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཉེས་པའི་དྲི་འཇོམས་དཔལ་ལྡན་རྡོ་རྗེ་ཆོས། །ངག་གི་དཀྱིལ་འཁོར་འོད་ཟེར ་