| Wylie | e-texts based on the ACIP/ALL Input |
པར་བྱའོ། །ོཾ་མཉྫུ་བཛྲ་ཧཱུཾ། བཅོམ་ལྡན་འདས་ཀྱི་ཆོ་ག་འདིས་མཁས་པས་སྤྱོད་ལམ་གཙང་མ་ཕུན་སུམ་ཚོགས་པས་འབུམ་ཕྲག་བདུན་བཟླས་པར་བྱའོ། །དག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐ ་དུ། ཨ་ར་པ་ཅ་ན་སཱ་དཏ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་པ། །མཆོག་གི་བློ་གྲོས་རབ་མཛེས་ཞི་བའི་གཞོན་ནུ ་ཟུར་ཕུད་ལྔ། །ཐར་མཆོག་དགའ་བ་རྒྱ་ཆེན་པདྨའི་འདབ་འདྲའི་སྤྱན་ཡངས་པ། །བློ་གྲོས་ངན་པ་བསྲེག་མཁས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་ལོ་ཕྱེད་རྒྱུན་མི་འཆད་པར་མངོན་བསྒོམས་པས། །སྐྱེ་བོས་ཨ་ར་པ་ཙ ་ན་ནི་ངེས་བསྒྲུབ་ཕྱིར། །དངོས་པོ་མ་ལུས་རྟོགས་པའི་བྱང་ཆུབ་ཐོབ་པ་ཡིས། །རིན་ཆེན་འཁོར་ལོའི་མན་ངག་ཤིན་ཏུ་བསྡུ་བར་བྱ། །མཉམ་གཙང་སྔགས་པས་ཡིད་དུ་འོང་བའི་ས་ཡི་ཆར། །དྲི་ཞིམ་མེ་ཏོག་གཅལ་བཀྲམ་སྤོས་ཆུས་བྱུགས ་གྱུར་ནས། །གང་ཞིག་འཇམ་ཞིང་ཡིད་འོང་སྟན་ལ་ཉེར་གནས་ཏེ། །བདེ་བ་ཤིན་ཏུ་ཚད་མེད་བྱང་ཆུབ་སེམས་བསྒོམ་བྱ། །རང་བཞིན་དག་པའི་སྔགས་ནི་ཡང་དག་བརྗོད། །ཀུན་ནས་མ་ལུས་སྟོང་པར་རབ་བསྒོམས་ཏེ། །གཞན་དོན ་བཅས་པ་བདག་གིས་ལུས་འདི་ཡང། །དེ་ནི་འོད་གསལ་མཛའ་རུ་ལན་ཅིག་པས་མ། །དེ་ནས་བར་སྣང་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཡིག་དང་པོ་འོད་དང་ལྡན་པར་བསྒོམ། །དེ་ནས་འདིར་ནི་ཤིན་ཏུ་དཀར་བའི་དྷཱི། །དེ་ལས ་འཇམ་པའི་དབྱངས་དྲི་མ་མེད་པ་བསྒོམ། །རི་བོང་གིས་མཚན་བྱ་བའི་འོད་མཚུངས་པ། །རྒྱ་རྣམས་ཀུན་གྱིས་བརྒྱན་གྱུར་རབ་ཏུ་འབར། །བསམ་གཏན་མཐར་ཕྱིན་ཆུ་སྐྱེས་སྟེང་ན་ཞུགས། །ཆགས་བཅས་ཅུང་ཟད་འཛུམ་ཞིང་ཡིད་དུ ་འོང། །རང་གི་སྙིང་གར་ཨ་ཡིག་མཆོག་ནི་རྣམ་འགྲོ་ལེགས་བལྟས་ལ། །མཉམ་མེད་འོད་ཟེར་དྲ་བ་དང་ལྡན་འཁོར་ལོ་རྩིབས་བརྒྱད་བཞུགས། །དེ་ཡི་སྟེང་དུ་སྔགས་པས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ། །དེ་ཡིས ་རི་བོང་འཛིན་ལྟར་འཇམ་དབྱངས་ཉིད་དང་དེ་བཞིན་དུ། །གཡས་ཕྱོགས་ཡིད་འོང་གཟུགས་ཅན་འཛུམ་ཞིང་ལྟ་བྱེད་པ། །ནུ་མ་ཟུང་དག་རབ་རྒྱས་སྐྲ་ལྡན་མ་དེ་ལྟ་བྱེད་པ། །གཡོན་ཕྱོགས་རབ་མཛེས ་སྒེག་པའི་གཟུགས་ལྡན་ཉེ་བའི་སྒྲ་ཅན་མ། །ཡོན་ཏན་མ་ལུས་གཏེར་གྱུར་ཙ་ན་དག་ལས་བསྒོམ་པར་བྱ། །མདུན་དུ་ངེས་དགོད་དྲ་བ་ཅན་གྱི་འོད། །དྲི་མེད་རབ་དཀར་ར་ཡིག་ལས་བྱུང་ཉིད། །པ་ཡིག་ལས་བྱུང་འོད་ཟེར་དང་བཞི ་ཅན། །ཡིད་འོང་ཟླ་འོད་རྒྱབ་ཏུ་དགོང་པར་བྱ། །ཡང་ན་ཡི་གེ་འོད་ཟེར་རབ་འབར་བའི། །མཐུ་ལྡན་རྒྱ་ཆེན་རྣམ་པར་བསྒོམ་བྱ་སྟེ། །དེ་རྣམས་མི་ཤེས་རི་བོང་རབ་འཇོམས་ཤིང། །ཡེ་ཤེས་དམ་པ་རྙོག་པ་མེད་པར་མཛད། །འོག་ཏུ ་འཁོར་ལོ་མྱང་དུ་འཁོར་བསམས་ནས། གཏི་མུག་མུན་པ་མཛའ་དག་འཇོམས་པར་མཛད། །ཡི་དམ་ལྷ་སྐུ་མི་འགྱུར་ཉིད་བལྟས་ནས། །འོད་ཟེར་དྲ་ཆེན་ཟླ་བའི་དཀྱིལ་འཁོར་བཞིན། །ཟླ་ལྟར་འོད་ཟེར་སྤྲིན་ཚོགས་རྒྱ་ཆེན་ནམས།། ་དེས་འཐོན་ཕྱོགས་བཅུ་རྣམས་སུ་འགྲོ་བར་བལྟ། །བདག་ལུས་དེ་བཞིན་སེམས་ཅན་རྣམས་བརྒྱན་ཏེ། །མཛའ་ནས་སླར་འོངས་ཟླ་བ་ལ་ཞུགས་ཏེ། །མཆོག་གི་སྔགས་པས་བློ་གྲོས་བརྟན་ཞིང་མན་ངག་ཇི་བཞིན་དུ། ། ར ་པ་ཙ་ན་མཆོག་སྔགས་བཟླས་བསྒོམས་ལ་འབད་བྱས་ནས་མྱུར་དུ་ས་མཆོག་རྣམས་དང་དྲི་མེད་ཡིད་འོང་ཕན་ཕྱིར་རྣམས། །བློ་གྲོས་དན་པའི་ཉེས་པ་ཀུན་བཅོམ་རྒྱལ་རྣམས་ཐོབ་པར་འགྱུར། །བླ་མ་དམ་པ་དགའ་རབ་རྡོ་རྗེ་དམ ་ཆོས་མཛོད་གྱུར་པས། །བདེ་གཤེགས་ཆོགས་ཀྱི་སྤྱན་སྔར་ཆོ་གས་དབང་བསྐུར་བའི། །བློ་གྲོས་བཟང་པོ་མི་ཕམ་བཤེས་གཉེན་སྐྱེ་བའི་བློ་གྲོས་རྣམས། །བསྒྲུབ་ཕྱིར་ཨ་ར་པ་ཙ་ན་མཆོག་འཁོར་ལོ་གཞུང་བཞིན་སྦྱར། །འཁོར ་ལོའི་ཆོ་གའི་མཆོག་ནི་ལེགས་སྦྱར་ནས། །བདག་གིས་བསོད་ནམས་རྒྱ་ཆེན་ཐོབ་བསྡུས་པ། །གང་དེས་འགྲོ་ཀུན་སྡིག་ལས་རྣམ་རྒྱལ་ཞིང། །བདེ་བའི་མཛའ་གཅིག་འཇམ་དབྱངས་མཆོག་རྒྱུར་ཅིག། ། ར་པ་ཙ་ན་? ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མུཀྟ་ཀེ་ནཱ་ར་པ་ཙ་ན་སཱ་དྷ་ནི། བོད་སྐད་དུ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག ་