| Wylie | e-texts based on the ACIP/ALL Input |
པའི་དབྱངས་ཀྱི་སྐུར་བདག་ཉིད་བསྒོམ་པར་བྱའོ། །སེང་གེའི་སྟེང་བཞུགས་པ་སྐུ་མདོག་སེར་པོ་གསེར་གྱི་མདོག་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཤད་པའི་ཕྱག་རྒྱ་མཛད་ཅིང་ཕྱག་གཡོན་ལོགས ་ན། ཨུཏཔ་ལ་བསྣམས་པ། མི་བསྐྱོད་པའི་དབུ་བརྒྱན་ཅན། གཡས་ན་ནོར་བཟངས་གཞོན་ནུ་དང་གཡོན་དུ་གཤིན་རྗེ་གཤེད་བལྟ་བར་བྱའོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ོཾ་བཱ་གཱི་ཤྭ་ར་མུ(རྒྱུད་འགྲེལ་པོའི་སྒྲུབ་ཐབས་རྫོགས་སོ།། (།།ཤེས་རབ་འཕེལ་བའི་གཏེར་གྱི་སྒྲུབ་ཐབས་ལ་སོགས་པ་བཞུགས།)་།རྒྱ་གར་སྐད་དུ། པྲཛྙཱ་བརྡྷཱ་ནི་ནི་དྷི་བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་འཕལ་བའི་གཏེར་གྱི་ངག་གི་རྒྱལ་པོའི ་སྒྲུབ་ཐབས། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་ཏུ་བཤད་པའི་མཆོད་པས་མཆོད་ནས་སྡིག་པ་བཤགས་པ་དང། དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དང། བྱམས་པ་ལ་སོགས་པའི་ཆོ་གས་ཆོས ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟླ་བ་གཉིས་ཀྱི་ནང་དུ་བཞུགས་ནས། །ཆུ་སྐྱེས་སེར་པོ་རྣམ་པར་གྱུར་པ་ལས་སེར་པོ་བི་ལས་མཾ་ཡིག་གི་ས་བོན། དེ་ལས་ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཡང་དག་པའི་ངག་གི་རྒྱལ་པོར ་རང་ཉིད་དོ། །དེ་ནས་ཤེས་རབ་བསྐྱེད་པས་ཏའི་མཛའ་དང། རའི་མཛའ་དང། སའི་མཛའ་རྣམས་ཀྱི་ཚོགས་པ་བའི་དང་ཟླ་བ་ཕྱེད་པ་དང་ཐིག་ལེ་དང་པོར་བཅས་པའི་སྔགས་བཟླས་པར་བྱའོ། །ཤེས་རབ་འཕེལ་བའི་གཏེར་ངག ་གི་རྒྱལ་པོའི་སྒྲུབ་ཐབས། དཔལ་ལྡན་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བཱ་ག་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག ་འཚལ་ལོ། །གཞོན་ནུའི་རྣམ་པར་མཛད་པ་ཡིས། །འཇིག་རྟེན་རྗེས་སུ་འཛིན་མཛད་པ། །དེ་བཞིན་ཉིད་ཀྱི་ལམ་སྟོན་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱི་རྟོག་པ་ལས་གསུངས་པའི་ཆོ་གས་ངག་གི་རྒྱལ་པོའི ་སྒྲུབ་ཐབས་བཤད་པར་བྱའོ། །དང་པོར་རེ་ཞིག་ཟུར་བཞི་སྒོ་བཞི་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་བླ་བྲེས་ཀྱིས་མཛེས་པར་བྱས་པ། མུ་ཏིག་གི་རང་བཞིན་གྱིས་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པའི་གཞལ? ་ཡས་ཁང་རྣམ་པར་བསམས་ནས། དེ་ལ་དབུས་སུ་དར་གྱི་གདན་ལ། དེའི་སྟེང་དུ་ཉེ་བར་འདུག་སྟེ། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་དང་སེམས་ཅན་གྱི་རྒྱུད་ཀྱིས་གཟུང་བ་ཇི་སྙེད་པ་དེ་རྣམས་ཐམས་ཅད ་འཇམ་དཔལ་གྱིས་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱའོ་ཞེས་སོ། །གང་ཡང་སྐད་ཅིག་གིས་མི་རྟག་པ་དང། བདག་མེད་པ་དང། སེམས་ཅན་གྱི་སྡུག་བསྔལ་རྣམས་རྨི་ལམ་དང། མིག་འཕྲལ་ལྟ་བུ་དང། གཟུགས་བརྙན་ཙམ་སྟེ། གདོད ་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་དག་པ། ངོ་བོ་ཉིད་མེད་པ་ལས་སྐྱེས་ཤིང་སྐྱེ་བ་མེད་པ་ཡང་དག་པའི་མཛའ་ཨི་དེ་བཞིན་དུ་གྱུར་བ་ཆོས་ཐམས་ཅད་སྟོང་པའོ་ཞེས་སྟོང་པ་ཉིད་དུ་ལྷག་པར་གསུངས་ཏེ། སེམས་ཅན་འདི་རྣམས་སྲེད་པའི ་དབང་གིས་མི་རིག་པས་ལྗོངས་ཤིང་ལས་ཀྱི་རྣམ་པར་སྨིན་པ་མི་མཐོང་ལ། དེ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ལས་ཀྱི་བྱ་བ་ལ་ཞུགས་ནས་བདག་གིས་ཆོས་བསྟན་པར་བྱའོ་ཞེས་སྙིང་རྗེའི་ཕྱིར་ཡང་ལྷག་པའི་ཚིག ་གོ་།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་པ་ལ་སོགས་པར་གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་བྱང་ཆུབ་ཀྱི་སེམས་ཤེས་པར་བྱ་སྟེ། འདིར་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་ལས་བསྐྱེད་པ་ནི་བྱང་ཆུབ་སེམས ་