CLOSE WINDOW

N3058: ngag gi rgyal po'i sgrub thabs
Wyliee-texts based on the ACIP/ALL Input

པཎྜཱི་ཤ་ནེ་བྷཡ(རྒྱུད་འགྲེལ་བའི་སྔགས་སོ། །རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ་།།རྒྱ་གར་སྐད་དུ། བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་ནས། སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཐལྷཱི?་གི་ཡི་གེ་དམར་པོ་བལྟས་ནས། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཙམ་ཡང་དག ་པར་བཀུག་སྟེ། དེ་བཞིན་དུ་བཅུག་ནས་དེ་ཡོངས་སུ་གྱུར་པ་ལས་ཨུཏཔ་ལ། །དེའི་དབུས་སུ་ཟླ་བ་ལ་གནས་པའི་ས་བོན་དེ་ལས་འོད་ཟེར་འཕྲོས་ནས་འཇམ་དཔལ་ངག་གི་རྒྱལ་པོའི་སྐུར་འགྲོ་བ་རྣམས་བསྐྱེད་ནས། རང་གི་ས་བོན་ལ་དེ་བཞིན ་དུ་ཞུགས་ཏེ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་བསྐྱེད་པར་བྱའོ། །ཕྱག་གཉིས་པ། ཞལ་གཅིག་པ། སྐུ་མདོག་སེར་པོ་རོལ་པའི་ཕྱག་རྒྱས་སེང་གེའི་གདན་ལ་བཞུགས་པ། ཕྱག་གཉིས་བཤད ་པའི་ཕྱག་རྒྱས་བགྱིད་པ། རིན་པོ་ཆེའི་ཅོད་པན་ཅན་མཛེས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡོན་ན་ཨུཏཔ་ལ་བསྣམས་པ། དབུ་ལ་མི་བསྐྱོད་པའི་དབུ་རྒྱན་ཅན། དེ་བཞིན་དུ་དམ་ཚིག་སེམས་དཔའ་བསྐྱེད་ནས། སྙིང་གའི་ས་བོན་གྱིས ་ཡེ་ཤེས་སེམས་དཔའ་མདུན་དུ་གདན་དྲངས་ཏེ་བལྟས་ནས། ས་མ་ཡ་སྟཝཾ། དྲི་ཤྱ་ཧཾ(རྒྱུད་འགྲེལ་སྔགས་ནི་འདི་བཞིན་དུ། བར་ཎ་སཾ་ད་ཧཱ་རཱ་ཛ(རྒྱུད་འགྲེལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་དད་པ་སྙིང་གར་ཟླ་བའི་དབུས་སུ་ས་བོན་དྲུག་པའི་ལྔ་པ་ལྔའི་དབྱངས་ཀྱིས་ཡོངས་སུ་གང་བ་སྟོང་པ་ཉིད་གཉིས་ལྷས་མནན་པའོ། །དེའི་ས་བོན་གྱི་འོད་ཟེར་ལས་སྐྱེས་པའི་བླ་མ་དང། སངས་རྒྱས་དང། ་བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས། མཆོད་ཅིང་མངོན་པར་ཕྱག་འཚལ་ནས། སྔགས་འདི་ཡིས་ཏེ། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷུཥཔེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གྷནདྷེ་ཧཱུཾ། ཨོཾ་བཛྲ་ནཻ་པེ་ཏེ་ཧཱུཾ་ཞེས་བརྗོད་ནས། དེ་ནས་དཀོན་མཆོག་གསུམ ་པ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་ནས་སྨོན་ལམ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས། །དེ་ནས་ས་བོན་ལ་ཁམས་གསུམ་མ་ལུས་པ་སྒྱུ་མའི་དཔེའི་རྣམ་པའི ་སེམས?་ཏེ། བལྟས་ཤིང་རེག་ནས་ཐམས་ཅད་སྒྱུ་མ་ཇི་ལྟ་བ་བཞིན་དུའོ། །དམིགས་པ་མེད་པས་འགྲོ་བ་གནས་པ་ཐམས་ཅད་དགྲོལ་བར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་པའི?་དཔལ་ལྡན་འཇམ་པའི་རྡོ་རྗེ་ཟུར་ཕུང་ལྔས་དབུལ་བརྒྱན་པ། གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་གུར་ཀུམ་གྱི་མདོག་ལྟར་དམར་བ། ཕྱག་གཡོན་ན་ཨུཏཔ་ལ་བསྣམས་པ། གཡས་པ་ན་རོལ་བའི་སྟབས་ཀྱིས་གནས ་གསང་བའི?་གདན་ལ་བཞུགས་པའི་བདག་ཉིད་གཞོན་ནུའི་སྐུ་བསམས་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། ཕྱག་གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་དག་དང་མིང་མེད་དག་གི་སེན་མོས་ཨུཏཔ་ལ་ཁ་འབྱེད་པའི་ཚུལ་གྱིས་གནས་པའོ། ་