| Wylie | e-texts based on the ACIP/ALL Input |
བསམ་ལྗོན་པ་ལྟ་བུ་འགྲོ་ཀུན་ཐོབ་གྱུར་ཅིག་།དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། །པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་བཱ་དཱི་རཱ་ཛ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། ་འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ་དཔལ་མགོན་ལ་ཕྱག་འཚལ་ལོ། །གུར་ཀུམ་བཟང་པོ་ལྟར་དམར་གཞོན་ནུའི་སྐུ་ལ་དཔལ་གྱི་མཚན། །རྫོགས་པའི་སངས་རྒྱས་འོད་ཀྱིས་རྨོངས་པའི་དྲ་བ་བཅོམ ་པ་བཞིན། །དབང་ཕྱུག་ཡོངས་བཅིངས་ཕྱག་གིས་དམ་ཆོས་འཆད་པའི་ཚུལ་མཛད་པ། །རོལ་པའི་སྟོབས་བཞུགས་འདོད་སྦྱིན་དག་གི་རྒྱལ་པོ་ལ་ཕྱག་འཚལ། །སྔ་བར་ལངས་ཏེ་དང་པོར་ནི། །པཾ་ལས་སྙིང་གར་སྣ་ཚོགས ་བར། ཨི་ལས་ཟླ་བའི་དཀྱིལ་འཁོར་སྟེང། །ཧྲཱི་ཡིག་གུར་ཀུམ་ལྟ་བུར་དམར། །བལྟས་ནས་ཞལ་བསང་ལ་སོགས་བྱ། །བསམ་གཏན་ཁང་པ་གཙང་མ་རུ། །བདེ་བའི་སྟན་ལ་ཡང་དག་གནས། །སྔགས་དང་སངས་རྒྱས་ཡོན ་ཏན་གནས། །བྱམས་པས་འགྲོ་ལ་བུ་སྡུག་བཞིན། །དགའ་བས་ཡོན་ཏན་སྟོང་ལྡན་ལྟར། །སྡུག་བསྔལ་རྒྱུར་གྱུར་སྡུག་བསྔལ་ལས། །གདོན་པར་འདོད་པའི་སྙིང་རྗེ་ཡིས། །རྟག་ཏུ་རབ་དགའ་དེ་བཞིན་དུ། །ཡོན་ཏན་དམ་པ ་རབ་འབྱོར་འདོད། །རང་གི་དོན་ལ་མི་ལྟ་བར། །བཏང་སྙོམས་གཞན་གྱི་དོན་བྱེད་པ། སྔགས་པས་བསྒོམ་བྱ་འོད་ཟེར་ཚོགས། །སྤྲོས་ནས་རྒྱལ་རྣམས་གདན་དྲངས་ཏེ། །དེ་ཡིས་ནམ་མཁའ་གང་བར་བལྟ། །ཡིད་ཀྱིས ་རང་བཞིན་ལས་འབྱུང་ཆོད། །བྱུག་པ་དྲིལ་ཕྱིས་ཁྲུས་རྣམས་དང། །སྣ་ཚོགས་རྒྱན་གྱིས་བརྒྱན་པར་བྱ། །མཆོད་པའི་སྤྲིན་ཚོགས་འཕྲོ་བ་ཡི། །ཁམས་གསུམ་ཡང་དག་ལྷ་རུ་སྤྲོ། །སོ་སོ་སོ་སོ་གྲངས་མེད་པའི། །ལུས་སྦྲུལ་ནས་ནི ་ཕྱག་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང། །རྣམ་གསུམ་ལུས་ངག་ཡིད་དབང་གིས། །བྱས་པའི་སྡིག་དང་བྱེད་པ་ལ། །རྗེས་སུ་ཡི་རང་དེ་རྣམས་བཤགས། །སེམས་ཅན་དོན་བྱེད་དང་བཅས་པའི། །སྡོམ་པ་ཡང་ནས་ཡང་དུ་གཟུང།། ་རྫོགས་པའི་སངས་རྒྱས་འཇམ་དབྱངས་སོགས། །སྦྱིན་པ་ལ་སོགས་དགེ་ལས་སྐྱེས། །ཡང་དག་རྫོགས་ལ་གསོལ་འདེབས་ཤིང། །ཡུན་རིང་དམ་ཆོས་གསུང་རབ་བསྐུལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང། །བྱང་ཆུབ་སེམས ་ཀྱི་ལམ་མཆོག་བརྟེན། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་སྣ་ཚོགས་པདྨ་གནས། །ོཾ་ཡིག་ལས་སྐྱེས་ཟླ་སྟེང་གནས་།ཡི་གེའི་ཚོགས་འཕྲོ་བལྟ་བྱས་ནས། །འགྲོ་བ་རྣམས་ལ་འཇམ་དབྱངས་མཆོག། དགུག་གཞུག་བྱས ་ནས་སྔགས་པ་ཡིས། །དག་གི་རྒྱལ་པོ་བསྒོམ་པར་བྱ། །གུར་ཀུམ་ལྟར་དམར་མཛེས་པའི་སྐུ། །སྒྱུ་མ་འདོད་ལྷ་ལས་རྒྱལ་བ། །ཧ་རི་ཧ་རིའི་གདན་ལ་བཞུགས། །འཁྲུལ་པ་མེད་པ་རོལ་པའི་སྟབས། །ཕྱག་གཡོན་སྡོང་བུ་དང་བཅས་བའི། ། ་ཨུཏཔལ་སྔོན་པོ་ཡོངས་སུ་བསྣམས། །རྫོགས་པའི་སངས་རྒྱས་ཡོན་ཏན་ཚོགས། །རིན་ཆེན་རྒྱན་གྱིས་རབ་མཛེས་པ། །འོད་ཟེར་འཕྲོ་ཞིང་འཐོན་གྱུར་ནས། །སངས་རྒྱས་ཚོགས་ཀྱི་ཕྲེང་བ་བལྟ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེ། །ཕྱག་རྒྱ་པདྨ ་ངེས་བར་སྦྱར། །དེ་བཞིན་ཨུཏཔལ་དང་འདྲ་བའི། །ཧྲཱི་ཡིག་འོད་ཟེར་སྣ་ཚོགས་ཀྱིས། །གཞན་གྱི་མགོན་བྱེད་གདན་དྲངས་ཏེ། །གཞལ་ཡས་ཁང་པ་དང་མཚུངས་པར། །དེ་དག་མཚུངས་ཉིད་གདན་དྲངས་ཏེ། །དམ་ཚིག་རྣམ་གསུམ་བརྟན་བར་བྱ ་དེ་ནས་ཡང་དག་རྫོགས་སངས་རྒྱས། །དགུག་གཞུག་དབང་དུ་བྱ་བ་རྣམས། །ོཾ་བཛྲ་སཏྭ་ས་མ་ཡ། དྲི་ཤྱ་ཧོ། ས་མ་སྟཝཾ། ས་མ་ཡོ་ཧཾ། ས་མ་ཡསྟཝཾ། ཨ་ཧཾ་ཛ(རྒྱུད་འགྲེལ་བརླབ། ཧཱུཾ་གིས་ཐུགས་བྱིན་གྱིས་བརླབས་ནས། ཨུཏཔ་ལའི་ཕྱག་རྒྱ་དང། ཡི་གེའི་ཚོགས་ཀྱིས་ཡེ་ཤེས་བྱིན་གྱིས་བརླབས་ཏེ། འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས། རྫོགས་པའི་སངས་རྒྱས་ཀྱི་སྐུ་ལས་འཐོན་ཏེ་ལྷའི་རྣམ་པར ་བཀུག་ནས་བུམ་པའི་ཡེ་ཤེས་ཀྱི་ཆུ་དང། རྡོ་རྗེ་སྤྱི་བོར་སྦྱིན་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མཆོད། །སངས་རྒྱས་མཆོད་པའི་དཔུང་གཉེན་གྱིས། །སླར་ཡང་སྲིད་པར་འབྱུང་བ་ཡི། །སྲིད་པ་གྲུབ་ཅིང་དག་པར་འགྱུར ་སླར་ཡང་བསྒོམ་བྱ་ལས་ཐོབ་བས། །ལུས་དང་སེམས་ནི་ཤིན་ཏུ་སྦྱང། །དོ་ཤལ་ཕྲེང་བའི་རིམ་པ་ཡིས། །དེ་ནས་སྔགས་བཟླས་ཡང་དག་བརྩམ། །ཁམས་གསུམ་མ་ལུས་པ་ཡོན་ཏན་གྱི་རྒྱ་མཚོར་བྱས་ནས་གཞུག་པ་ལ་སོགས ་པ་བྱས་ཏེ། རྣམ་པར་བསྒོམས་ལ་ཨོཾ་ཨཱ(རྒྱུད་འགྲེལ་ལ་དེ་བཞིན་དགོད། །དཀོན་མཆོག་གསུམ་ལ་རབ་དང་བའི། །སློབ་མ་རྣམས་ཀྱིས་ཤེས་བྱས་ལ། །འཇིག་རྟེན་དངོས་གྲུབ་དེས་པ་ནི། །དག་གི་རྒྱལ་པོའི་སྒྲུབ་ཐབས་ཡིན། །བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། ་ཡི་དམ་གྱི་ལྷ་ཐམས་ཅད་ནང་དུ་བསྒོམས་ནས། དེའི་མཎྜལ་མདོར་བསྡུས་པ་བརྩམ་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་བྷུ་མི་ཧཱུཾ། ས་ཡོངས་སུ་གཟུང་བའི་སྔགས་སོ། །ོཾ་སརྦ་བིགྷཱ་ནུད་སར་ཡ་ཧཱུཾ་སྭཱཧཱ། བའི་ལྕི་བ་ལ་སོགས་པ་ལེན་པའི་སྔགས་སོ། །དེ་ནས་ལེགས་པར་བྱུགས་ནས། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཞེས་པ་ནི་རེ་ཁེ་བྱིན་གྱིས་བརླབ་པའི་སྔགས་སོ། །ཡང་མེ་ཏོག ་མཎྜལ་ཕུལ་ནས། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛནྟུ་སྭཱཧཱ། །ཞེས་བརྗོད་ནས་ལག་བཀྲུ་བར་བྱའོ། །དེའི་རྗེས་སུ་མེ་ཏོག་གཅིག་བཟླས་ནས། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་རང་གི་སྤྱི་བོར་མེ་ཏོག་བཞག ་ནས་བདག་ཉིད་བསྲུང་བར་བྱའོ། །ཡང་ཨོཾ་ཨཱ(རྒྱུད་འགྲེལ་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་བཅོམ་ལྡན་འདས་རབ་ཏུ་འབར་བ་གདན་དྲངས་ཏེ། རིམ་པ་བཞིན་དུ་བྱོན་ནས་དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ཤིང་བཅོམ་ལྡན་འདས་བསྐྱེད་ནས། ཨོཾ་མཉྫུ་གྷོ་ཥ་ཡ་བཛྲ་པུཥཔེ་ཧཱུཾ། ཨོཾ་ཨཀྵོ་བྷཡ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ ་བཻ་རོ་ཙ་ན་ཡ་བཛྲ་པུཥཔེ་ཧཱུཾ། རཏན་སཾ་བྷཱ་བ་དང། ཨ་མི་ཏཱ་བྷཱ་བ་དང། ཨ་མོ་གྷ་སིདྷི་དང། ལོ་ཙ་ན་དང། མཱ་མ་ཀཱི་དང། བཎྜ་རཱ་དང། ཏཱ་རཱ་རྣམས་སྔོན་མ་བཞིན་དུ་མེ་ཏོག་དང། སྤོས་དང། མར་མེ་དང། ཞལ་ཟས་དང། དྲི་བཟངས་དང། གོས་འཕྱང ་བ་ལ་སོགས་པ་བྱིན་གྱིས་བརླབས་ནས་དབུལ་བར་བྱའོ། །ཕྱག་འཚལ་བ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་རྣམས་བྱས་ནས་སྔགས་བཟླས་པར་བྱའོ། །དེ་ནས་གཤེགས་པ་ནི་ཨོཾ་བཛྲ་མུ(རྒྱུད་འགྲེལ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུད་པན་ན་ཏྭཏ། ཨོཾ་ཨཱ(རྒྱུད་འགྲེལ་པཎྜཱི་ཤ་ནེ་བྷཡ(རྒྱུད་འགྲེལ་བའི་སྔགས་སོ། །རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ་།།རྒྱ་གར་སྐད་དུ། བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ ་