| Wylie | e-texts based on the ACIP/ALL Input |
སོ། །།རྒྱ་གར་སྐད་དུ། ཨ་མོ་གྷ་པཱ་ཤ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས། བཅོམ་ལྡན་འདས་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ཞི་ཞིང ་དཀར། །ཡོན་ཏན་རྒྱ་མཚོ་དོན་ཡོད་གྲུབ། །ཕྱག་འཚལ་ནས་ནི་སྒྲུབ་པའི་ཐབས། །བདག་ཉིད་རྟོགས་ཕྱིར་ཅུང་ཟད་བྲི། །དེ་ལ་དང་པོར་སྔགས་པས་ཞི་ཞིང་སྙིང་རྗེ་གཅིག་པུའི་སེམས་ཀྱིས་སྡུག་བསྔལ་མཛའ་དག་གི་ཆུ་སྲིན་གྱི་གནས་སུ ་ལྷུང་བའི་འགྲོ་བ་རྣམས་ལ་ངེས་པར་བལྟས་ཏེ། དེ་རྣམས་བཏང་ནས་བདེ་བའི་གནས་ལ་དགོད་ཅིང་བདག་གིས་དོན་ཡོད་པའི་འབྲས་བུས་བསྐྱབ་པར་བྱའོ། །ཞེས་ངེས་པ་བརྟན་པོས་རི་བྲག་ལ་སོགས་པ་ཆུ་དང་མེ་ཏོག་དང་འབྲས ་བུས་བརྒྱན་པའི་ཕྱོགས་སུ་བསྟན་གཙང་མ་ལ་སོགས་པ་ལ་འདུག་ནས། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མཧཱ་ཀཱ་རུ་ཎི་ཀ་སརྦ་བིགྷྣན་ཧཱུཾ་ཕཊ། ཅེས་པ་འདིས་བསང་གཏོར་བྱའོ། །ོཾ་ཛ་ཡ་ཛ་ཡ་སྭཱཧཱ། ་ཨོཾ་ཛ་ཡ་བི་ཛ་ཡཱ་སྭཱཧཱ། ཞེས་པས་ལུས་དང་ངག་དང་ཡིད་ཀྱིས་གནས་ལ་བགེགས་བསལ་བར་བྱའོ། །ོཾ་ཨ་ཙ་ལ་བཱི་རཱ་ཡ་སྭཱཧཱ། ཞེས་བརྗོད་ནས་ཙནདན་ལ་སོགས་པའི་དྲི་བཟངས་ཀྱིས་མཎྜལ་བྱས་ནས། རང་གི་སྙིང་གར་ཟླ་བའི ་གཟུགས་བརྙན་ལ་ཧྲཱི(རྒྱུད་འགྲེལ་དྷ་ར་ས་མ་ཡ་མ་ནུསྨ་ར་ཧཱུཾ་ཧཱ(རྒྱུད་འགྲེལ་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་ཡིད་ཀྱི་རང་བཞིན་གྱི་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་བྱས་ཏེ། ཨོཾ་ཌ་ཌ་ཧཱུཾ་ཧ་པུཥཔཾ་སྭཱཧཱ། ཨོཾ་དྷུ་ན་དྷུ་ན་མ་ཐ་མ་ཐ་ཧ་ཧ་ཧཱུཾ(རྒྱུད་འགྲེལ་ཀུ་རུ། ཧེ་ཧེ་གནདྷཾ་སྭཱཧཱ། ཨོཾ་བ་ར་བ་ར་དཱ་ཡ་ཀེ་ཧེ་ཧྲཱི(རྒྱུད་འགྲེལ་བརྟན་པ་དང་གཡོ་བའི་འགྲོ་བ་མཛའ་དག་གིས་གནས་ཀྱི་དོན་དང། སྐྱེ་བ་དང་བདག་གི་ལུས་ངག་རང་གི་ས་བོན་གྱི་འོད་ཟེར་གྱིས་ཁྱབ་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་རང་གི་སེམས་བྱིན་གྱིས་བརླབ ་པར་བྱའོ། །ོཾ་བི་མ་ལ་ཨུད་ཡ་ཧཱུཾ(རྒྱུད་འགྲེལ་ཞུ་བར་གྱུར་ནས། དེའི་སྙིང་པོ་ལ་ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་རང་བཞིན་ཟླ་བ་དང་ཉི་མ་ཡང་དག་པར་སྦྱར་བ་ལ་ཧྲཱི(རྒྱུད་འགྲེལ་ནས་ཟེ་འབྲུའོ། །དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་ཡེ་ཤེས་ལྔའི་རིམ་པས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་སྟོན་ཀའི་སྤྲིན་གྱི་མདོག་ལྟ་བུ་དཀར་པོ་རལ་པའི་ཅོད་པན་དང་འོད་དཔག་ཏུ ་མེད་པས་དབུ་བརྒྱན་པ། མཆོད་ཕྱིར་ཐོགས་དཀར་པོས་བརྒྱན་པ། ཞི་བའི་ཚུལ་ཅན་ཞི་བའི་རྒྱན་དང་ལྡན་པ་ཞལ་གཅིག་པ། ཕྱག་བཅུ་གཉིས་པ་འོད་ཟེར་འབར་བ། དེ་ལ་ཕྱག་གཡས་ཀྱི་དང་པོ་མཆོག་སྦྱིན། གཉིས་པ་སངས་རྒྱས་ལ་ཕྱག ་འཚལ་པའི་ཚུལ་དང། མཛོད་འདྲེན་པ། གསུམ་པ་ནོར་བུའི་ཕྲེང་བ་དཀར་པོའོ། །བཞི་པ་ན་མདའ། ལྔ་པ་ན་མེའི་དཀྱིལ་འཁོར། དྲུག་པ་ན་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ཤིང་ངོ། །ཕྱག་གཡོན་གྱི་དང་པོ་ན་པདྨ་དམར་པོ། གཉིས་པ་ན ་རི་རབ། གསུམ་པ་ན་དབྱུག་གུ་རྩེ་གསུམ། བཞི་པ་ན་གཞུ། ལྔ་པ་ན་གསེར་གྱི་རིལ་བ་སྤྱི་བླུགས། དྲུག་པ་ན་དོན་ཡོད་པའི་འབྲས་བུ་བཅིངས་པའི་ཞགས་པ་བསྣམས་པ། རིན་པོ་ཆེའི་རིའི་ཕུག་ན་སྣ་ཚོགས་པའི་པདྨ་དང་ཟླ་བ་ལ་མཉམ་པའི ་ཞབས་ཀྱིས་བཞུགས་པའི་བདག་ཉིད་མངོན་པར་སྤྲུལ་པའོ། །ཡང་ན་ཕྱག་བཅུ་པའོ། །དེ་ལ་ཕྱག་གཡས་པ་ན་མཆོག་སྦྱིན་དང། རྩེ་གསུམ་དང། ནོར་བུའི་ཕྲེང་བ་དང། མདའ་དང། ལྕགས་ཀྱུའོ། །གཡོན་ན་པདྨ་དམར་པོ་དང། རི ་རབ་དང། གསེར་གྱི་རིལ་པ་སྤྱི་བླུགས་དང། ཞགས་པ་དང། གཞུ་བསྣམས་པའོ། །ཡང་ན་ཕྱག་དྲུག་པའོ། །གཡས་ན་མཆོག་སྦྱིན་དང། རྩེ་གསུམ་དང། ནོར་བུའི་ཕྲེང་བའོ། །གཡོན་ན་པདྨ་དམར་པོ་དང། ཞགས་པ་དང། རིལ་པ ་སྤྱི་བླུགས་བསྣམས་པའོ། །ཡང་ན་ཕྱག་བཞི་པ་བསྒོམ་པར་འདོད་ན་གཡས་པ་མཆོག་སྦྱིན་དང། ཞགས་པའོ། །གཡོན་ན་པདྨ་དང། དབྱུ་གུ་རྩེ་གསུམ་བསྣམས་པའི་བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའོ། །ཇི་ལྟར་ཕྱག་བཅུ ་གཉིས་པ་བསྒོམ་པ་དེ་བཞིན་དུ་ཕྱག་བཅུ་པ་དང། དེ་བཞིན་དུ་དྲུག་པ་དང། དེ་བཞིན་དུ་ཕྱག་བཞི་པའོ། །བཞི་པོ་རྣམས་ཀྱི་འཁོར་དང་བཅས་པའོ། །དེ་ལ་མདུན་དུ་པདྨ་དང་ཟླ་བ་ལ་ཧ་ཡིག་དམར་པོ་ལས་ལྕགས་ཀྱུ་དེ་ཡོངས་སུ་གྱུར ་པ་ལས་དོན་ཡོད་ལྕགས་ཀྱུ་ཞེས་པ་སྐྱ་རེངས་གསར་བའི་མདོག་ལྟ་བུར་རལ་པའི་ཅོད་པན་དང་ལྡན་པ་རྒྱན་དམར་པོ་ཅན། རྒྱ་ནག་གི་གོས་ཀྱིས་བླ་གོས་སུ་བྱས་པ་ཕྱག་བཞི་པ་སྟེ། གཡས་པ་དག་ན་ལྕགས་ཀྱུ་དང་རྡོ་རྗེའོ ་གཡོན་པ་དག་ན་ཞགས་པ་དང། པདྨ་བསྣམས་པའོ། །གཡས་ཕྱོགས་ན་པདྨ་དང་ཉི་མ་ལ་བཅོད་ཀྱི་ཁ་དོག་ལྟ་བུའི་ཧཱུཾ་ཡིག་ལས་སྐྱེས་ཤིང་པདྨས་མཚན་པའི་དབྱུག་པ་དཀར་པོ་སྐྱེས་པའི་རྟ་མགྲིན་བསྐལ་པའི་མེ་དང་ཉི་མ་འབར་བ་ལྟ་བུའོ། །སྨ ་ར་དམར་སེར་འབར་ཞིང་འཁྱིལ་བ། སྨིན་མ་འཁྱོག་ཅིང་ཁྲོ་གཉེར་བསྡུས་ཤིང་ཞལ་འཇིགས་ཤིང་ཧཱུཾ་ཞེས་སྦྲོག་པ་སྤྱན་གསུམ་འབར་བའི་སྒྲ་ཅན། ཧི་ཧིའི་སྒྲ་སྒྲོགས་པ་དབུ་ཡི་སྟེང་དུ་རྟ་ལྗང་གུའི་ཞལ་བྱས་པ། སྐུ་ལ་སྦྲུལ་གྱི་རྒྱན་གྱིས ་བརྒྱན་པ། ཐུང་ཞིང་གསུས་པ་ཆེ་བ། ཕྱག་བཞི་དབྱིག་པས་རྒྱན་པ། གཡས་པ་དག་ན་དབྱུག་པ་འཕྱར་བ་དང། རྡོ་རྗེ་བསྣམས་པ། གཡོན་པ་དག་ན་སྡིགས་མཛུབ་དང། པདྨ་བསྣམས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །རྒྱབ་ཏུ་ཆུ ་སྐྱེས་ལ་ཧ་ཡིག་སྔོན་པོ་དེ་ལས་རལ་གྲི། དེ་ལས་སྐྱེས་པའི་ལྷ་མོ་རལ་པ་གཅིག་མ། རལ་པ་དམར་པོར་གཅིག་ཏུ་འཁྱིལ་བ། ཁྲོ་མོའི་རྣམ་པ་ཅན། གླང་པོ་ཆེའི་པགས་པའི་སྟོད་གཡོགས་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། ་སྦྲུལ་གྱི་རྒྱན་གྱིས་སྐུ་ལ་བརྒྱན་པ། སྤྱན་གསུམ་པ། འཛམ་བུ་ན་དེའི་དཔལ་འཛིན་ཅིང་ཕྱག་བཞི་དང། གཡས་པ་དག་ན་རལ་གྲི་དང། གྲི་གུག་དང། གཡོན་པ་ན་ཨུཏཔ་ལ་དང། ཐོད་པ་བསྣམས་པའོ། །གཡོན་ཕྱོགས་ན་ཆུ་སྐྱེས་དང་ཟླ་བའི་སྟེང་དུ ་ཊ་ཡིག་སེར་པོ་ལས་ཆུ་སྐྱེས། དེ་ཡོངས་སུ་གྱུར་པ་ལས་ཁྲོ་གཉེར་ཅན་རལ་པའི་ཐོར་ཚུགས་ཅན་གཞོན་ནུ་དར་ལ་བབ་པ་མཛེས་ཤིང་སྐུ་མདོག་སེར་མོ། །དར་དཀར་པོའི་ན་བཟའ་སྐུ་ལ་གསོལ་བ། །ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས ་པ་དག་ན་པདྨ་དང། ཕྲེང་བ་བསྣམས་པ། གཡོན་པ་དག་ན་དབྱུག་གུ་དང། རིལ་པ་སྤྱི་བླུགས་བསྣམས་པར་བསམས་པར་བྱའོ། །དེ་ནས་སྙིང་གར་ཟླ་བ་དང། པདྨའི་ས་བོན་ལས་འོད་ཟེར་གྱི་དྲ་བ་འཕྲོས་པས། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཨི་ཚོགས་གདན་དྲངས་ནས། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་དང་སྔགས་ཀྱིས་གཞུག་པ་དང། བཅིངས་པས་ཡང་དག་པར་མཉེས་ཤིང་ལུས་ལ་སོགས་པ་བྱིན་གྱིས་བརླབས་ནས། འོད་དཔག་ཏུ་མེད ་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བལྟ་བར་བྱའོ། །དབང་བསྐུར་བ་ནི་ཞེས་པ་ལ་སོགས་པས་དེས་སྤྲོས་ནས་གོས་དཀར་མོ་ལ་སོགས་པ་རིག་མའི་ཚོགས་རྣམས་ཀྱིས་ཡལ་ག་དང་བཅས་པའི་བུམ་པ ་འཛིན་པས་དབང་བསྐུར་བའི་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བར་བསྒོམ་པར་བྱ་ཞིང་རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་རྒྱན་པར་བསམ་པར་བྱའོ། །བདུད་རྩིས་མཆོད་ཅིང་རོ་མྱོང་བར་འགྱུར། སྙིང་གའི་ཟླ་བའི་འོད་ཟེར་གྱི་སྒོ་ནས་འཐོན ་ཏེ་སྣ་ཚོགས་པའི་སྐུ་གཟུགས་འཕྲོས་ནས་འགྲོ་བ་རྣམས་ཀྱི་བསམ་པ་ཇི་ལྟ་བའི་མངོན་པར་འདོད་པའི་འབྲས་བུ་རྫོགས་པར་བྱས་ནས་ཆོ་ག་འདིས་སྔགས་བཟླས་པར་བྱའོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ནོར་བུ་བཞིན་དུ་ཁ་ནས་ཐོན ་ནས་ལྟེ་བར་འཇུག་ཅིང་ཡི་གེའི་ཕྲེང་བར་བསམ་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཏྲཻ་ལོཀྱ་བ་ཤཾ་ཀ་རཨཱརྱ་བྷུགམ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག་རྟེན ་