| Wylie | e-texts based on the ACIP/ALL Input |
ལ་སོགས་པའི་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཕྱི་དང་ནང་དུ་བཅས་པའི་དངོས་པོ་རྣམས་སྟོང་པའི་རང་བཞིན་དུ་རྣམ་པར་བསྒོམས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་བརྗོད་པར་བྱའོ། །དེ་ནས་ནམ་མཁའ་ཨི་ཕྱོགས་སུ་དབྱངས་ཡིག་དང་པོ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱི(རྒྱུད་འགྲེལ་ལྡན་འདས་སྐུ་མདོག་སེར་པོ་ཟླ་བ་ཕྱེད་པ་དང་རལ་པའི་ཅོད་པན་གྱིས་དབུ་བརྒྱན་པ། འོད་དཔག་ཏུ་མེད་པས་སྤྱི་བོའི་ཕྱོགས་སུ་ཉེ་བར་མཚན་པ། པདྨ་དམར་པོའི་སྟེང་དུ་རི་དགས་ནགས་པོའི་པགས་པ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས ་བཞུགས་པ། ཏིང་ངེ་འཛིན་གྱིས་ཕྱག་རྒྱའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་པས་ཡོངས་སུ་གང་བའི་ཐོད་པ་བསྣམས་པ། ཨེ་ཎེ་ཡའི་པགས་བས་མཆོད་ཕྱིར་ཐོགས་བྱས་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། རྒྱན་མེད་པ ་མགྲིན་པ་སྔོན་པོ་ཕྲེང་བ་སྔོན་པོས་བྱ་དང་སུ་བྱས་པ། མགུལ་བའི་གཞོགས་གཉིས་སུ་ཕན་ཚུན་ནོར་བུ་དང་བཅས་པའི་སྦྲུལ་དག་གིས་མཇུག་མ་མངོན་པར་བཅིངས་ཤིང་ཁྱད་པར་དུ་འཕགས་པའི་བཅོམ་ལྡན་འདས་སྤྱན་རས་གཟིགས་ལ ་གཞན་སྤྲུལ་ནག་པོ་གཉིས་སྟེང་དུ་ཁ་ཕྱོགས་པས་ཉེ་བར་མཚོན་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་བར་བྱའོ། །ོཾ་སྤ་ལི་གཱཊཊ་ཧཱ་སཀྵ(རྒྱུད་འགྲེལ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་ཀྲ་མཨཱརྱཱ་ལོ་ཀེ་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་དྲ་བའི་རིམ་པའི ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས་ནམ་མཁར་རཾ་ཡིག་ལས་གྱུར་བའི་ཉི་མ། དེའི་སྟེང ་དུ་ཧཱུཾ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་དང། རྡོ་རྗེའི་གུར་བསྒོམ་པར་བྱའོ། །དེའི་དབུས་སུ་མི་བཟད་པའི་དུར་ཁྲོད་དོ། །ཡང་དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའོ། །ཡང་དེའི་དབུས་སུ་ཧཱུཾ ་ཡིག་སྔོན་པོ་ལས་བྱུང་བའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ནག་པོ་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་གིས་བཞུགས་པ། ཞལ་ལྔ་པ། སྤྱན་གསུམ་པ། ཕྱག་བཅུ་གཉིས་པའོ། །དཀར་པོ་དང ་དམར་པོ་ནི་གཡས་ཀྱི་ཞལ་གཉིས་སོ། །དེ་བཞིན་དུ་སེར་པོ་དང། ལྗང་གུ་དག་ནི་གཡོན་གྱི་ཞལ་གཉིས་སོ། །གཡས་ཀྱི་ཕྱག་རྣམས་ཀྱིས་ཌཱ་མ་རུ་དང། ཁ་ཊཝཱཾ་ག་དང། ལྕགས་ཀྱུ་དང། ཞགས་པ་དང། རྡོ་རྗེ་དང། མདའ་བསྣམས ་པ། གཡོན་གྱི་ཕྱག་རྣམས་ཀྱིས་སྡིགས་མཛུབ་དང། ཐོད་པ་དང། པདྨ་དམར་པོ་དང། ནོར་བུ་དང། འཁོར་ལོ་དང། གཞུ་རྣམས་བསྣམས་པ། ཞལ་ཐམས་ཅད་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་དང་ལྡན་པ། མགོ་བོ་རློན་པའི་ཕྲེང ་བས་སྐུ་ལ་བརྒྱན་པ། གཅེར་བུ་ཡན་ལག་ཐམས་ཅད་མཛེས་པའི་བདག་ཉིད་དུ་སྐད་ཅིག་གིས་བརྟགས་ལ། སྙིང་གར་ཟླ་བའི་དབུས་སུ་ཧྲཱི(རྒྱུད་འགྲེལ་ཕྲེང་བའི་རྣམ་པར་བཟླས་པར་བྱའོ། །འབུམ་བཟླས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སོ།། །། ་